གསར་འགྱུར་གལ་ཆེན།
发布时间:2025年03月10日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚེས8ཉིན་གྱི་དུས་ཚོད12བར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་འཐུས་མིའི་གྲོས་གཞི་སྡོམ་པས269འབྱོར་ཡོད།   

ད་ལོའི་ཟླ2པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)དུས་མཚུངས་ལས0.7%མར་ཆག་པ་དང་། དཔྱིད་གསར་དུས་ཆེན་ཟླ་བའི་ཤུགས་རྐྱེན་ཐེབས་པ་ཕུད། CPIདུས་མཚུངས་ལས་སྔར་བཞིན་འཕར་བ་རྒྱུན་འཁྱོངས་བྱས་ཡོད།   

640.jpg

ཚེས9ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས2024ལོའི“ཞིབ་དཔྱོད་ཆེན་པོ་བཞིའི”ལས་དོན་གྱི་ཐུམ་ཤོག་དཀར་པོའི་དཔེ་ཆ(白皮书)ཁྱབ་བསྒྲགས་བྱས་པ་རེད།   

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུ་ཀྲང་ཝང་ཞའོ་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་ཁྲི1222ལ་སླེབས་ཡོད།

སྡོད་ཁང་འཛུགས་སྐྲུན་པུའི་པུ་ཀྲང་ཉིས་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོ་ནས་བཟུང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི28ཙམ་བསྒྱུར་བཀོད་བྱས་ནས་མང་ཚོགས་དུང་ཕྱུར1.2ལ་ཕན་པ་ཐོབ་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རིན་ལེ་ཧའེ་ཁྲའོ་ཡིས་བསྟན་དོན། 2024ལོར་ཀྲུང་གོའི་གྲོང་མིའི་སྔོན་དཔག་ཚེ་ཐག་ལོ79ལ་སླེབས་ནས་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ53ཁྲོད་ཨང4པར་སླེབས་ཡོད།   

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཀོད་སྒྲིག་བྱས་པའི་རྒྱལ་སྲུང་གཏོང་སྒོ་སྒོར་དུང་ཕྱུར་དུང་ཕྱུར་ཁྲི1.81ཡིན་པ་དང་། ལོ་གོང་མའི་ལག་བསྟར་གྲངས་འབོར་ལས7.2%འཕར་ཡོད།   

ཉེ་ཆར། 《ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཟའ་འཁོར་ཚགས་པར》དུ2023ལོ་ནས2024ལོ་བར་གྱི་རང་རྒྱལ་གྱི་བུད་མེད་ཀྱི་མངལ་འབྲས་གྲལ་བཤེར་བྱེད་ཚད་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ35ནས64བར་གྱི་བུད་མེད་ཀྱི་ཕྱོགས་ཡོངས་གྲལ་བཤེར་བྱེད་ཚད50%ལས་བརྒལ་ཡོད་པ་རེད།

ཟླ3པའི་ཟླ་སྟོད་དང་ཟླ་དཀྱིལ་དུ། ཀྲུང་གོ་དང་། དབྱི་ལིང་། ཨུ་རུ་སུ་བཅས་ཀྱི་མཚོ་དམག་གིས“བདེ་འཇགས་སྦྲེལ་ཐག་གི2025ལོའི་མཉམ་འབྲེལ་དངོས་སྦྱོང་བྱ་རྒྱུ་རེད།   

ཚེས7ཉིན། བར་སྣང་དུ་ཟླ་བ་དགུ་ཙམ་བསྡད་པའི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སུའུ་ཉི་ཐ·ཝེ་ལན་མུ་སི་ཡིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་བཀོད་འདོམས་དབང་ཆ་རྩིས་སྤྲོད་བྱས་པ་མ་ཟད། སའི་གོ་ལར་ཕྱིར་ལོག་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།  

སྤྱི་ཚོགས།

640.png

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས10ཉིན་ནས12ཉིན་བར། ཤིན་ཅང་དང་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་གྲང་རླུང་གི་བརྒྱུད་རིམ་ཐེངས་གཅིག་ཡོད་པ་དང་། ས་ཁུལ་མང་ཆེ་བའི་དྲོད་ཚད4~6℃བར་དམའ་རུ་འགྲོ་རྒྱུ་རེད།   

སྤྱི་བདེ་ལས་ཁུངས་ཀྱིས་གནོད་འཚེའི་གནས་ཚུལ་དང་ཉེན་ཁའི་གནས་ཚུལ་གྱི་དྲ་རྒྱའི་དཀྲོག་གཏམ་གྱི་གྱོད་གཞི5ཁྱབ་བསྒྲགས་བྱས་པ་རེད། 

ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཕྱིར་བསྡུ་བརྡ་ཁྱབ་གསར་ཤོས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཞུའེ་ཧྥོ་ལན་ཁྲང་ཞུན(雪佛兰畅巡)རླངས་འཁོར་སོགས་རླངས་འཁོར་ཕྱིར་བསྡུ་བྱ་རྒྱུ་རེད།   

ཚེས9ཉིན། 《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གོ་ལ་ཧྲིལ་པོའི་གློག་བརྙན་གྱི་སྤ་སེ(སྔོན་ཚོང་དང་ཕྱི་རྒྱལ་ཚུད་ཡོད)《ཤ་ལན་མནའ་འབྲེལ3སྟེ་ཚད་མེད་དམག་འཁྲུག》ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་སྤ་སེའི་མིང་ཐོའི་ཨང6པར་སླེབས་ཡོད་པ་རེད།   

640 (1).jpg

ཀྲུང་གོའི་མི་རབས་རྗེས་མའི“མིས་བཟོས་ཉི་མའི”འགག་རྩའི་མ་ལག་ཆེད་མཁས་ཚན་ཆུང་གི་ཚད་ལེན་ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། མ་ལག་ཞིབ་བཟོ་ཆུ་ཚད་དང་འཁོར་སྐྱོད་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།   

ཚེས9ཉིན། 2025ལོའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་འཁྱགས་དེམ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་མཉམ་བསྲེས་ཚོགས་པའི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གིས་ཧན་གོའི་རུ་ཁག་ལས་རྒྱལ་ནས་ཨང་དང་པོ་བླངས་པ་དང། སྨི་ལན་གྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་གཏན་འཁེལ་བྱས།   

640 (2).jpg

ནང་སོག་རང་སྐྱོང་ལྗོངས་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ནང་སོག་དུ་ཧུང་ཧྲན་རིག་གནས(红山文化)ཀྱི་རྡོ་གཡུ་འབྲུག་གསར་བ3རྙེད་པ་དང་། ལོ་འཁོར་མོར་སྔོག་འདོན་བྱས་པའི་རྡོ་གཡུ་འབྲུག་གི་གྲངས་འབོར་ནི་ཉེ་བའི་ལོ་ཤས་རིང་གི་ཆེས་མང་ཤོས་ཡིན་པ་རེད།   

ཚེས9ཉིན། ཁྲུང་ཆིང་ནས་ཞ་མོན་དུ་སྐྱོད་པའི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ལམ་དུམ་ནས་མཉམ་འབྲེལ་སྙོམ་སྒྲིག་དང་ཚོད་ལྟ་བྱེད་མགོ་ཚུགས་ཤིང་། ལྕགས་ལམ་ལས་ནས་རྒྱུག་མགོ་ཚུགས་རྗེས། ཁྲུང་ཆིང་གི་གྲོང་ཁུལ་གཙོ་བོ་ནས་ཆན་ཅང་ཆུས་བར་གྱི་མེ་འཁོར་གནས་སྐོར་གྱི་དུས་ཚོད་མགྱོགས་ཤོས་སྔོན་གྱི་ཆུ་ཚོད4ནས་དུས་ཚོད1བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།  

ཆིང་ལན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཉེན་བརྡ་བཏང་ནས། ཚེས12ཉིན་ནས་ཚེས16ཉིན་བར་གྱི་ཉིན་རེའི་དུས་ཚོད0ནས་དུས་ཚོད2བར། ནན་ཧའེ་རྒྱ་མཚོའི་ཆུ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱེད་རྒྱུ་དང་གཞན་མཚོ་ཁོངས་སུ་ཡོང་མི་ཆོག་པ་རེད།   

640 (3).jpg

ཚེས5ཉིན། ཀོང་ཏུང་ཁྲའོ་ཀྲོའུ་ཡི་དམག་འཁྱུར་དམག་མི་ཞེ་ཀུའེ་ཡིས་གཙང་པོར་ལྕེབས་པའི་མི་སྐྱོབ་སྐབས་སྟབས་མ་ལེགས་པར་རང་སྲོག་བློས་བཏང་པ་དང་། སྐབས་དེར་ལོ33ཡིན།   

སྲིད་ཇུས།

ཉེ་ཆར། ཁྲུང་ཆིང་དང་། མཚོ་སྔོན། ཧོ་ནན་ཀྲེང་ཀྲོའུ། ཧུའུ་ནན་ཀྲུའུ་ཀྲོའུ་བཅས་ས་ཁུལ་བཞི་ཡིས་བུ་བཙའི་ཕོགས་སྣོན་ཐད་ཀར་སྤྲོད་ཡུལ་སྡེ་ཚན་ནས་འགན་བཅོལ་ནང་ཞུགས་པའི་བུད་མེད་ལས་བཟོ་པར་བསྒྱུར་ནས། བུ་བཙའི་ཕོགས་སྣོན་མི་སྒེར་ལ་སྤྲོད་པའི་བརྒྱུད་རིམ་ལེགས་སུ་བཏང་བ་རེད།   

པེ་ཅིན་གྱིས་ཡིག་ཆ་བཀྲམས་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པ་བཞི་པ་དང་དེ་མན་གྱི་ཕྱིར་གཏོང་ཚད་གཞིའི་ཟོག་འདྲེན་རླངས་འཁོར་རྙིང་པ་དང་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་སོགས་བེད་མེད་དུ་བཏང་ནས་གསར་བརྗེ་བྱ་རྒྱུའི་སྐུལ་ལྕག་བྱས་ཏེ། ཆེས་མང་ན་ཁ་གསབ་སྒོར་ཁྲི17རེ་ཞུ་བྱས་ཆོག་པ་རེད།   

ཧའེ་ནན་སན་ཡ་ཡིས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁྲིམས་བཀོད་མིན་པའི་དུས་ཆེན་གྱི་སྐབས་སུ། ཞག་སྡོད་ལས་རིགས་གཉེར་སྐྱོང་པ་དང་དྲ་ཐོག་སྔོན་བཀོད་ལས་སྟེགས་ཀྱིས་མགྲོན་ཁང་ལ་མ་བསྡད་གོང་གི་ཉིན7ཡན་ལ་རྒྱུ་མཚན་མེད་པར་དངུལ་ཚང་མ་ཕྱིར་སློག་ཆོག་པའི་སྒྲིག་སྲོལ་བརྩི་སྲུང་བྱ་དགོས།   

དེ་རིང་གི་གནམ་གཤིས།

640 (4).jpg

ཤིན་ཅང་གི་བྱང་རྒྱུད་དང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཤིན་ཅང་ཨ་ལེ་ཐའེ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ས་ཆ་ལ་ལར་ཁངས་འཚུབ་འབབ་རྒྱུ་རེད། ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཅང་ནན་གྱི་ས་ཁུལ་མང་ཆེ་བ། ཧྭ་ནན་གྱི་བྱང་རྒྱུད་དང་། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།