གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིཚེ་བརྟན་བཀྲ་ཤིས།
-
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ་དང་། ཚེས10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ།
-
ཟླ3པའི་ཚེས5ཉིན་གྱི་དུས་ཚོད20བར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་གཞི་སྡོམ་པས5890འབྱོར་ཡོད།
-
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར“གསར་གཉིས”སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་སྒྲིག་བཀོད་ཞིང་ལས་དེ་རྒྱབ་སྐྱོར་ཁྱབ་ཁོངས་སུ་གསར་དུ་བཅུག་ནས་གསར་བརྗེ་སྒྱུར་བཀོད་མགྱོགས་སུ་གཏོང་རྒྱུ་རེད།
-
རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས2པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར7.26སྐྱེལ་བ་དང་དུས་མཚུངས་ལས4.7%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
-
ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ཁྲི1.95བཅོས་སྐྱོང་བྱས་པ་དང་ས་ཆུ་སྲུང་འཛིན་བྱེད་ཚད72.83%བར་མཐོ་རུ་ཕྱིན་ཡོད།
-
མིག་སྔའི་བར། རང་རྒྱལ་གྱིས་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི4000ལྷག་ཙམ་ཞིབ་བཟོ་དང་ཁྱབ་བསྒྲགས་བྱས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱ་རྒྱུར་ཚད་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
-
ཆེས་མཐོའི་མི་དམངས་ཁྲིམས་ཁང་ཁྲིམས་བསྟར་ཅུའི་ཅུ་ཀྲང་ཧོང་ཝུན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྱོན་ཁྲི64ཙམ་ལག་བསྟར་མཇུག་སྒྲིལ་བྱས་པ་དང་ལག་བསྟར་དངུལ་གྲངས་སྒོར་དུང་ཕྱུར517ཙམ་ཡོད།
-
ཚེས10ཉིན་གྱི་དུས་ཚོད1དངསྐར་མ17སྟེང་། རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་འཁོར་སྐར་ཨང་བཅོ་ལྔ་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་ལེགས་གྲུབ་བྱུང་།
སྤྱི་ཚོགས།
-
ཚེས10ནས་ཚེས12བར། བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་བྱེ་རྡུལ་གྱི་གནམ་གཤིས་ཡོད་པ་དང་། ས་ཆ་ཁ་ཤས་སུ་བྱེ་རྡུལ་གྱི་རླུང་འཚུབ་ངམ་བྱེ་རྡུལ་གྱི་རླུང་འཚུབ་དྲག་པོ་འབྱུང་རྒྱུ་རེད།
-
སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་གཙང་ཆུའི་ནང་བཙོག་ཆུ་ཕྱིར་འབུད་བྱེད་པའི་བྱེད་སྒོ་ཁྲི33ལྷག་ཙམ་ཞིབ་བཤེར་བྱས་པ་དང་། ཕལ་ཆེར་བཅུ་ཆ་དགུ་ཙམ་ལེགས་བཅོས་ལེགས་གྲུབ་བྱུང་ནས་བཙོག་ཆུ་ཕྱིར་འབུད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས།
-
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར། ཧྲང་ཧའེ་དང་། ཧྥུ་ཅན། ཧྲན་ཏུན། ཁྲུང་ཆིན། ཀན་སུའུ་། ཉིང་ཞ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཚང་མས་བུ་བཙའི་ཕོགས་སྣོན་མི་སྒེར་ལ་སྤྲོད་བཞིན་ཡོད།
-
ས་གནས་དེ་གའི་དུས་ཚོད9ཉིན་སྤེལ་བའི་2024/25འགྲན་དུས་ཀྱི་རྒྱལ་སྤྱིའི་གྲི་རྩེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་གྲི་རྩེད་ཀྱི་འཛམ་གླིང་བུམ་པའི་ཀེ་རི་སེའི་དབྱི་ལ་ཁེ་ལི་ཝུང་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད་ཀྲུང་གོ་རུ་ཁག་གིས་ཚོགས་པའི་གསེར་གྱི་རྟགས་མ་བླངས། དེ་ནི་ཀྲུང་གོའི་གྲི་རྩེད་བུད་མེད་རུ་ཁག་གིས་ལོ14འགོར་རྗེས་སླར་ཡང་འཛམ་གླིང་བུམ་པའི་ཚོགས་པའི་ཨང་དང་པོ་བླངས་པ་ཐོག་མ་ཡིན།
-
ཚེས10ཉིན། WTA1000དབྱིན་ཏི་ཨན་ཝེར་སི་ས་ཚིགས་ཀྱི་རྐྱང་རྩེད་འགྲན་བསྡུར་ཀྱི་འགྲན་ཐེངས་གསུམ་པའི་ཁྲོད་ཀྲེང་ཆིན་ཝུན་ནེའུ་ཙི་ལན་གྱི་བདམས་ཐོན་པ་སུན་ལུའུ་ལུའུ་ལས་རྣམ་པར་རྒྱལ་ནས་བུད་མེད་རྐྱང་མའི་ཨང16པར་སླེབས།
-
ཚེས10ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ་སྟེ“ཨའེ་ཏ·མོ་ཏུའུ་རྟགས་ཅན་”བདེ་འཇགས་ངང་ཧྲང་ཧའེ་ཝུའུ་སུང་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་ཁར་ཕྱིར་ལོག་པ་དང་། དོན་སྙིང་ཆེན་པོ་ལྡན་པའི་ཚོང་ལས་གཉེར་སྐྱོང་གི་གྲུ་འདོན་ཐེངས100ལེགས་གྲུབ་བྱུང་།
-
ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་ཀྲུང་ཧྭ་མཚོ་ཕག་དཀར་པོ་ཁྱུ་ཚོགས་བྱས་ནས་ཀོང་ཏུང་ཀྲུའུ་ཧའེ་ཅིན་ཝན་ཁུལ་སན་ཙའོ་གྲོང་རྡལ་གྱི་མཚོ་ཁོངས་སུ་ཆུ་རྩེད་བྱེད་བཞིན་ཡོད།
-
ཧུའུ་པེ་ཝུའུ་ཧན་གྱི་སྐྱེས་པ་ཞིག་གཙང་པོའི་སོང་ནས་རང་སྲོག་བཅད་རྩིས་བྱས་པ་ན། གཙང་འགྲམ་དུ་འགྲོ་་བཞིན་པའི་དགེ་རྒན་ཏེང་ཀྲི་ཀྲུའུ་ཡིས་ཤེས་རྗེས་མྱུར་དུ་ཆུའི་ནང་དུ་འཛུལ་ནས་སྐྱེས་པ་དེ་བཟུང་ནས་སེམས་གསོ་བྱས། རོགས་སྐྱོབ་མི་སྣ་འབྱོར་རྗེས་སྐྱེས་པ་དེ་རྒྱལ་ཁའི་ངང་མཚོ་འགྲམ་དུ་བསྐྱབས།
སྲིད་ཇུས།
-
པེ་ཅིན་གྱིས་བརྡ་སྦྱོར་བཀྲམས་ནས་དཔེ་ཁང་ལ་མ་དངུལ་གྱི་རོགས་སྐྱོར་བྱས། ལོ་འཁོར་གཅིག་གི་ནང་རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་དཔེ་ཁང་ཆེ་གྲས་ཀྱི་རོགས་སྐྱོར་བྱ་དགའ་མཐོ་ཤོས་སྒོར་ཁྲི300དང་། དཔེ་ཁང་ཆུང་འབྲིང་གི་རོགས་སྐྱོར་བྱ་དགའ་མཐོ་ཤོས་སྒོར་ཁྲི100ཡིན།
-
ཧོ་པེ་ཡིས་ཞིང་ལས་མིན་པའི་འཛུགས་སྐྲུན་དང་། ནགས་སྐྲུན་སྡོང་འཛུགས། ཤིང་འབྲས་འདེབས་པ། ཇ་འདེབས་པ་སོགས་རྨོ་ཞིང་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་རྨོ་ཞིང་ཉུང་དུ་ཕྱིན་ན། བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་འདྲ་བའི་རྨོ་ཞིང་ཁ་གསབ་བྱེད་དགོས་པའི་བརྡ་སྦྱོར་འགྲེམས་སྤེལ་བྱས།
དེ་རིང་གི་གནམ་གཤིས།
-
ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད་དང་། ཞིན་ཅང་བྱང་མའི་བྱང་རྒྱུད་དང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་དབུས་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཧོ་ཞི། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང། ནང་སོག་གི་བྱང་ཤར་རྒྱུད་དང་ཞིན་ཅང་བྱང་མའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། ནང་སོག་གི་ཤར་ལྷོ་དང་། ལེའོ་ཉིང་གི་ནུབ་རྒྱུད། ཧྭ་པེའི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆུང་ཆུང་འབབ་པ་དང་། ས་ཆ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།