གསར་འགྱུར་གལ་ཆེན།
发布时间:2025年03月12日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

666666.jpg

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་རྗེས། ཚེས11ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བདེ་བླག་ངང་གྲོལ། ཚོགས་ཆེན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཨང45པར་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས།  

640.jpg

  • དེ་རིང་ནི་སྡོང་འཛུགས་དུས་ཆེན་ཐེངས47པ་རེད། སྡོམ་རྩིས་བྱས་པ་ལྟར་ན། 2024ལོར་རང་རྒྱལ་གྱི་རྒྱལ་ཁབ་ས་ཆ་ལྗང་སྒྱུར་ལེགས་གྲུབ་བྱས་པའི་རྒྱ་ཁྱོན་མུའུ་དུང་ཕྱུར1ལས་བརྒལ་བ་དང་ནགས་ཚལ་ཁྱབ་ཚད25%ལས་བརྒལ་ཡོད།  

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཁྱིམ་སྡོད་འཚོ་བ་དང་། ཕྲུ་གུ་གསོ་སྐྱོང་དང་རྒན་གསོ། ཞིང་ལས་ཐོན་སྐྱེད། གསར་དར་ཐོན་ལས། ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཚད་གཞི་གལ་ཆེན་ཁག་གཅིག་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་སྤྲད།    

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོནས2པའི་བར། རང་རྒྱལ་གྱི་རླངས་འཁོར་ལས་རིགས་ཀྱི་གཉེར་སྐྱོང་མགོ་རྩོམ་པ་ལེགས་ཤིང་། རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་དུས་མཚུངས་ལས་སོ་སོར16.2%དང13.1%འཕར་ཡོད།    

  • རང་བྱུང་ཐོན་ཁུངས་པུའི་པུ་ཀྲང་ཀོན་ཀྲི་ཨོས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་གསར་པའི་“བྱང་གསུམ་”བཟོ་གྲྭ་དེས་གོ་ལ་ཧྲིལ་པོའི་ཐང་རྒོད་ཅན་འགོག་བཅོས་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།      

  • རིག་གནས་དང་གནས་སྐོར་པུའི་པུ་ཀྲང་སུན་ཡེ་ལིས་ད་ལོར་ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་གནས་སྐོར་དང་བཙན་ཤེད་ཉོ་སྒྲུབ་སོགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།  

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་ཅུ་ཀྲང་ཀའོ་ཀྲི་ཏན་གྱིས་ད་ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་ལུས་རྩལ་ཚོགས་འདུ་ཚོགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།  

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཧྥུན་ཐའེ་ཉིའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་ཐེངས་གཉིས་བྱས། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་རེད་ཅེས་བཤད།  

640 (1).png

  • ཚེས10ཉིན། ཨ་རིའི་དམག་གིས་གླས་པའི་སྣུམ་གྲུ་ཞིག་དབྱིན་ཇིའི་བྱང་རྒྱ་མཚོའི་ཆུ་ཁོངས་སུ་ཟོག་གྲུ་ཞིག་དང་གདོང་ཐུག་བྱུང་ནས་འབར་གས་ཐེངས་མང་བྱུང་། ཕྱི་རོལ་གྱིས་དོན་རྐྱེན་འདིས་ཁོར་ཡུག་གི་གནོད་འཚེ་འབྱུང་བར་སེམས་ཁྲལ་བྱེད་བཞིན་ཡོད།   

  • ཉེ་ཆར། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་དང་ཁ་ན་ཏ་རུ“ཨ་རིའི་ཚོང་ཟོག་བཀག་འགོག་བྱེད་པའི”རྦ་རླབས་ཤིག་འཕྱུར་བཞིན་འདུག དེ་ཡིས་ཨ་རི་དང་མནའ་གྲོགས་དབར་གྱི་ཡིད་ཆེས་ཀྱི་ཉམས་ཉེན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་མཚོན་གྱིན་ཡོད།   

    སྤྱི་ཚོགས།

640 (1).jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རྡུལ་གྱི་ཉེན་བརྡ་སྔོན་པོ་བཏང་། ནང་སོག་དང་པེ་ཅིང་། ཐེན་ཅིན་སོགས་ཀྱི་ས་ཁུལ་དུ་དེ་རིང་བྱེ་རྡུལ་འཚུབ་པའམ་ཡང་ན་ཐལ་རྡུལ་གཡེང་བའི་གནམ་གཤིས་ཡོད་པ་དང་ས་ཆ་ཁ་ཤས་སུ་བྱེ་རྡུལ་རླུང་འཚུབ་འབྱུང་བཞིན་ཡོད།    

  • ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་སྤྱོད་པ་ཡག་པོའི་སྒོ་ནས་འགྲན་བསྡུར་ལ་ལྟ་བའི་གྲོས་མགོ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཕམ་ལ་ཡང་དག་པའི་ལྟ་ཚུལ་འཛིན་པ་དང་དྲ་རྒྱའི་གཏུམ་སྤྱོད་བཀག་འགོག་བྱེད་པ་སོགས་ནང་དོན་ཁག་བརྒྱད་བཏོན། 

640 (2).png

  • ཚེས11ཉིན། ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གིས་ད་ལོར་འདས་པའི་དམར་གསོད་ཆེན་པོའི་ནང་གསོན་པའི་མི་སྣར་གློག་སྒྲོན་ཞུས་ཏེ་མྱ་ངན་ཞུ་བའི་མཛད་སྒོ་འཚོགས་པ་དང་མིག་སྔར་ཐོ་འགོད་བྱས་པའི་སྲོག་ཉེན་ལས་ཐར་བའི་མི28ལས་མེད།   

640 (3).png

  • ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གིT3གནམ་གྲུའི་འབབ་ཚུགས་ཐོག་ཁང་ཟླ་འདིའི་ཚེས20ཉིན་འཁོར་སྐྱོད་བྱེད་མགོ་ཚུགས་རྒྱུ་རེད། 

640 (4).png

  •  ཝུའུ་ཧན་དབྱང་ལུའོ་ཡི་གྲོང་མི་ཞིག་གི་ཁྱིམ་དུ་མེ་སྐྱོན་བྱུང་བ་ན། ཉེ་འགྲམ་དུ་དངོས་ཟོག་བསྐུར་བཞིན་པའི་མྱུར་སྐྱེལ་པ་ཝུའུ་ལེ་མྱུར་སྐྱེལ་རླངས་འཁོར་དུ་འཛེག་ནས་མེ་གསོད་ཆས་ཀྱིས་མེ་ལྕེ་མནན། དེ་རྗེས་མེ་གསོད་རླངས་འཁོར་འབྱོར།    

    སྲིད་ཇུས།

  • ཐེན་ཅིན་གྱིས《རྒན་པའི་དཔེ་ཀློག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་དཔེ་སྐྲུན་ཚན་པས་རྒན་པ་དང་འཚམ་པའི་ཀློག་དེབ་དང་རྒན་པ་དང་འཚམ་པའི་བརྗོད་བྱ་དཔེ་སྐྲུན་བྱ་རྒྱུའི་ལྕག་སྐུལ་བྱས།  

  • ཧྲང་ཧའེ་ཡིས་སྤྱི་པའི་འགྲིམ་འགྲུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་འཆར་བཏོན་ནས་འགྲོ་སྐྱོད་དང་། སློབ་རོགས། སྨན་བཅོས། གནས་སྐོར་། མཚན་མོའི་དཔལ་འབྱོར། ཁྱིམ་མཚེས་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་སོགས་ཁྱད་ཆོས་ལྡན་པའི་ལམ་ཐིག་ཚོད་ལྟ་བྱ་རྒྱུ་རེད།  

  • ཀོང་ཏུང་གིསAIདང་འཕྲུལ་ཆས་མིའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག12བཏོན་པའི་ནང་བཟོ་ལས་ཁྱབ་ཁོངས་ཀྱི་དཔེ་དབྱིབས་ཆེ་གྲས་དང་ཉེར་སྤྱོད་ཐག་གཅོད་གྱོད་དཔེ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཆེས་མཐོ་ན་སྒོར་ཁྲི800ཡི་བྱ་དགའ་སྤྲོད་རྒྱུ་བཏོན་ཡོད།   

     དེ་རིང་གི་གནམ་གཤིས།

640 (2).jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་དབུས་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་ཧོའེ་དང་། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་གྱི་དབུས་རྒྱུད་དང་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།