གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
-
ཟླ3པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁང་སི་ཐན་ཏིང་ནོ་སི·ཐ་སུའུ་ལ་སིར་གློག་འཕྲིན་བཏང་ནས། ཁོས་ཀེ་རི་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།
-
ད་ལོའི་ཟླ་སྔོན་མ་གཉིས་ཀྱི་ནང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཆུ་བེད་དང་ཆུའི་ཐོན་ཁུངས་ཁྱབ་ཁོངས་ཀྱི་དངུལ་བུན་སྒོར་དུང་ཕྱུར285.7སྤྲད་ནས་རྒྱལ་ཁབ་ཀྱི་ཆུ་དྲའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
-
མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དཔྱིད་རླུང་བྱ་སྤྱོད་ཟླ1པའི་ཟླ་དཀྱིལ་ནས་སྤེལ་བ་ནས་ཟླ3པའི་ཚེས5ཉིན་བར། རྒྱལ་ཡོངས་སུ་གདན་ཞུའི་བྱེད་སྒོ་སྣ་ཚོགས་རིམ་རྩིས་བྱས་ནས་ཁྲི4.1གཉེར་ཡོད།
-
འཕྲལ་སྡོམ་དོ་དམ་པུས་ཉེ་ཆར་འཕྲལ་སྡོམ་དོ་དམ་མ་ལག་གི་གཞུང་ཕྱོགས་ཀྱི་མཚོན་རྟགས་རི་མོ་དངོས་སུ་ཁྱབ་བསྒྲགས་བྱས།
-
རིག་གནས་གནས་སྐོར་པུས་ཉེ་ཆར་སྤྱི་བསྒྲགས་སྤེལ་ནས། པེ་ཅིང་གྲོང་ཁྱེར་མཁར་ཤར་ཁུལ་ཝང་ཧྥུ་ཅིང་ཚོང་ལས་ཁྲོམ་གཞུང་སོགས་སྡེ་ཚན40རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་བཞི་པར་གཏན་འཁེལ་བྱས།
-
ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ2པའི་གློག་རྡུལ་ཚོང་དོན་ཟོག་འགྲེམས་སྟོན་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་གློག་རྡུལ་ཚོང་དོན་ཟོག་འགྲེམས་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སླར་གསོ་བྱུང་བ་དང་། སྤྱིའི་ལས་སྒོའི་ཚད་ཀྱི་སྟོན་གྲངས་ན་ནིང་གི་དུས་མཚུངས་ལས་མཐོ།
-
ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ22ཀྱིས་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར282.5དངོས་སུ་སྤྱད་པ་དེས་རྒྱལ་ཡོངས་ཀྱི24.3%བཟུང་ཡོད།
-
ཚེས12ཉིན། ཨ་རིས་ཁ་ན་ཏའི་ངར་ལྕགས་དང་ཧ་ཡང་སོགས་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་མགོ་ཚུགས་པར་དམིགས་ནས། ཚེས12ཉིན་ཁ་ན་ཏ་སྲིད་གཞུང་གིས་སྡོམ་འབོར་ཁ་ན་ཏའི་སྒོར་དུང་ཕྱུར298ཡིན་པའི་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ25%བསྡུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། དེ་ཨ་རིའི་ངར་ལྕགས་དང་ཧ་ཡང་ཐོན་རྫས། གློག་ཀླད། ལུས་རྩལ་ཡོ་བྱད་སོགས་དང་འབྲེལ་བ་ཡོད།
སྤྱི་ཚོགས།
-
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་། ཀོང་ཏུང་དང་ཀོང་ཞི་སོགས་ཞིང་ཆེན་དང་ཆུས་ལྔའི་ས་ཁུལ་ཁ་ཤས་སུ་ཐོག་ཆར་དང་རླུང་འཚུབ་བམ་ཡང་ན་སེར་བ་ཡོད།
-
མིག་སྔར་རྨ་ཆུའི་ཆུ་ལོག་སྔོན་འགོག་བྱ་བ་དེ་འགག་རྩའི་དུས་སུ་སླེབས་ཡོད། ཚེས13ཉིན། ཆུ་བེད་པུས་ཆུ་ལོག་འགོག་སྲུང་རིམ་པIVཡི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས་ཡོད།
-
ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ཟུར་པའམ་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པ་ཝུའུ་དབྱིན་ཅེར་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།
-
ཐེན་ཅིན་གྲོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུ་ཀྲང་ཀྲོའུ་ཏེ་རུའེ་ལ་སྒྲིག་ཁྲིམས་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
-
ཀྲུང་གོའི་འགུལ་རིས་གློག་བརྙན《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པ་ཚེས14ཉིན་ནས་བཟུང་དབྱིན་ཇིའི་ལོན་ཏོན་དུ་གཟིགས་འབུལ་བྱེད་མགོ་ཚུགས་རྒྱུ་ཡིན་པ་དང་། ས་གནས་དེ་གའི་གློག་བརྙན་ཁང་མང་པོ་ཞིག་གིས་སྔོན་འཚོང་བྱེད་མགོ་ཚུགས་ཡོད།
-
རང་རྒྱལ་གྱི་ཆེས་གཏིང་ཟབ་པའི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སྟེ་ཐ་ལི་མུའུ་སྣུམ་ཞིང་གིས་རིམ་རྩིས་བྱས་ན་སྨི6000མན་གྱི་ས་རིམ་ནས་སྣུམ་རླངས་ཏུན་དུང་ཕྱུར1.5སྔོག་འདོན་བྱས། དེ་ན་ནིང་གི་རྒྱལ་ཡོངས་ཀྱི་སྣུམ་རླངས་ཐོན་ཚད་ཀྱི37%དང་མཚུངས།
-
ཀོང་ཞིའི་ཉེན་རྟོག་ཕྱོགས་ཀྱིས་ཞིང་ཆེན་བརྒལ་བའི་ཆང་རྫུན་མའི་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཡོད་མི་སྣ18འཛིན་བཟུང་བྱས། གྱོད་འབྲེལ་དངུལ་གྲངས་སྒོར་དུང་ཕྱུར2ཟིན་ཡོད།
-
ཉེ་ཆར། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་མཐུག་ཚད་ལ་སྐྲ་སྐུད་ཚངས་ཐིག་གི་ཁྲི་ཉི་ཤུ་ཆའི་གཅིག་ལས་མེད་པའི་མ་རྡུལ་བང་རིམ་གྱི་ལྕགས་རིགས་ཞིབ་འཇུག་དང་གསར་བཟོ་བྱས་ནས་རྩ་གཉིས་ལྕགས་རིགས་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་གསར་གཏོད་བྱས།
སྲིད་ཇུས།
-
པེ་ཅིང་གིས2025ལོའི་ལོ་སྟོད་དུ་གསར་དུ་སློབ་ཞུགས་བྱས་པའི་དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་བུ་མོ་ཚོར་རིན་མི་དགོས་པརHPVཡི་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་ཇུས་གཞི་ཁྱབ་བསྒྲགས་བྱས།
-
ཧྲན་ཏུང་གིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་དུ་བརྗེ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། མི་སྒེར་གྱི་འཛད་སྤྱོད་པས་རིམ་པ2པ་དང་དེའི་ཡན་གྱི་ནུས་འབྲས་སམ་ཆུའི་ནུས་འབྲས་ཚད་གཞིའི་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་ཆས། བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་རིགས12ཉོ་སྒྲུབ་བྱས་པར་ཁ་གསབ་སྤྲོད་རྒྱུ་རེད།
-
ནང་སོག་ཧུའུ་ཧོ་ཧའོ་ཐེ་ཡིས་བྱིས་པ་གསུམ་དང་དེའི་ཡན་སྐྱེས་པར་བྱིས་པ་གསོ་བའི་ཁ་གསབ་སྒོར་ཁྲི10སྤྲོད་རྒྱུ་ཡིན་པ་དང་། ལོ་རེར་སྒོར10000ལྟར་བྱིས་པ་ལོ10ལ་སླེབས་པའི་བར་དུ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཟོས།
དེ་རིང་གི་གནམ་གཤིས།
-
ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། ལིའོ་ཉིང་གི་ལྷོ་ནུབ་རྒྱུད། ཞིན་ཅང་ལྷོ་མའི་ལྷོ་རྒྱུད་དང་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང་། མཚོ་སྔོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་དབུས་རྒྱུད་དང་ལྷོ་རྒྱུད། ཉིང་ཞ། ཧྭ་བྱང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཧུའུ་པེ་ཡི་ཤར་ལྷོ་རྒྱུད། ཅང་ཞིའི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཏུང་གི་དབུས་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་། ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།