གསར་འགྱུར་གལ་ཆེན།
发布时间:2025年03月17日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། 

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་པ་རེད།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི3·15དགོང་ཚོགས་ཐོག་ཐེར་འདོན་བྱས་པའི་གནད་དོན་ལ་ཞིབ་དཔྱད་དང་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
ཆེས་མཐོའི་ཞིབ་དཔྱོད་ཁང་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་དཔེ་ཆེན་པོ་བཅུ་ཐོག་མར་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་བཟའ་བཅའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
ཉིན་ཤས་གོང་སློབ་གསོ་པུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་ད་ལོའི་ཟླ3པ་ནས་ཟླ4པའི་བར། 2025ལོའི་སྐབས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི“དཔྱིད་དུས་ལས་ཞུགས་སྐུལ་འདེད་ཀྱི་འགག་སྒྲོལ་བྱ་སྤྱོད”སྤེལ་རྒྱུ་རེད།
ཚེས14ཉིན་བར། རྒྱལ་ཡོངས་སུ2025ལོའི་རླངས་འཁོར་རྙིང་པ་གསར་དུ་བརྗེ་བའི་ཁ་གསབ་རེ་ཞུ་ཁྲི130ཙམ་འབྱོར་ཡོད།
ད་ལོ་ཞིང་ཆེན20ལྷག་ཙམ་གྱིས་གཞུང་ལས་པ་ཁྱོན165241བསྡུས་པ་དང་། བསྡུས་པའི་མི་གྲངས་ན་ནིང་ལས8.4%འཕར་ཡོད།

2024ལོར། རང་རྒྱལ་གྱི་གསོ་རིག་སྒྲིག་ཆས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.35ཟིན་ནས་དུས་མཚུངས་ལས6%ཡས་མས་འཕར་ཡོད།

01.jpg
དམངས་སྤྱོད་མཁའ་འགྲུལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་མངའ་ཁོངས་ཀྱི(ཞང་ཀང་། ཨའོ་མོན། ཐའེ་ཝན་ས་ཁུལ་ཚུད་མེད)སྐྱེལ་འདྲེན་གནམ་ཐང263ཡོད་པ་དང་། འགྲུལ་པ་འདོན་འཇུག་བྱེད་ཚད་དང་། ཟོག་འདྲེན་སྦྲག་སྲིད་འདོན་འཇུག་བྱེད་ཚད་དང་། གནམ་གྲུ་འཕུར་འབབ་ཐེངས་གྲངས་བཅས་ཐོན་སྐྱེད་དམིགས་ཚད་གཙོ་བོ་གསུམ་པོ་ཚང་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། སྟོད་རྒྱུད་ཀྱི་ཆུ་མཛོད་མང་པོ་ཞིག་གི་ཆུ་སྒོ་ཕྱེ་ནས་ཆུ་བཏང་བ་དང་ཆབས་ཅིག ཡུང་ཏིང་ཆུ་བོ་བསྟུད་མར་ལོ་ལྔ་རིང་ལམ་ཐིག་ཧྲིལ་པོར་འཁོར་རྒྱུག་ཐུབ་པ་བྱུང་ཡོད།

སྤྱི་ཚོགས།

图片

ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་རླུང་ཆེན་གཡུག་རྒྱུའི་ཉེན་བརྡ་སྔོན་མདོག་བཏང་བ་ལྟར་ན། དེ་རིང་། བོད་ལྗོངས་ཀྱི་དབུས་རྒྱུད་དང་། མཚོ་སྔོན་གྱི་ནུབ་རྒྱུད། ནང་སོག་གི་དབུས་རྒྱུད་སོགས་སུ་རླུང་རིམ་པ5ནས6བར་གཡུག་རྒྱུ་དང་། ས་གནས་ཁག་གི་རླུང་ཤུགས་རིམ་པ7དང་དེའི་ཡན་ལ་སླེབས་རྒྱུ་རེད།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས“རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་ཐེར་འདོན་མ་ལག”གསར་སྤེལ་བྱས་ནས། ཟླ5པར་དངོས་སུ་དྲ་ཐོག་ཏུ་སྤྱོད་རྒྱུ་ཡིན་པ་རེད།
མིག་སྔར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་འཕྲིན་ཕྲན་སྤྱི་སྟེགས་སུ་ས་གནས་གཞན་དུ་སྨན་བཅོས་ཐོ་འགོད་ཆོག་པའི་བྱེད་ནུས་བཞག་ཡོད།
དྲ་ཐོག་གནས་སྐོར་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། དཔྱིད་དུས་གནས་སྐོར་གྱི་ཁྲོམ་ར་སྔ་ནུར་དུ་གནས་སྐོར་རྒྱུག་དུས་སུ་སླེབས་པ་དང་། མེ་ཏོག་ལ་གཟིགས་པ་དང་འབྲེལ་བ་ཡོད་པའི་འཚོལ་བཤེར་བྱེད་ཚད2024ལོའི་དུས་མཚུངས་ལས་ལྡབ2.2འཕར་ཡོད་པ་རེད།

ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་རྡོ་ཐའི་ཆེད་འཚོང་ཅུའི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཅུ་ཀྲང་གཞོན་པ་ཞུས་ཡིང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

03.jpg

ཚེས16ཉིན། 2025ལོའིWTTའཛམ་གླིང་ཕིན་ཕིང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲུང་ཆིང་ནས་ཨང་དང་པོ་རྩོད་པའི་རྟིང་རྩོད་འགྲན་བསྡུར་ཁྲོད། ཝང་ཁྲུའུ་ཆིན་དང་སུན་དབྱིན་ཧྲ་ཡིས་སོ་སོར་སྐྱེས་པའི་རྐྱང་འགྲན་དང་བུད་མེད་རྐྱང་འགྲན་གྱི་ཨང་དང་པོ་བླངས་པ་དང་། རྒྱལ་ཁབ་ཕིན་ཕིང་སྤོ་ལོའི་སྐབས་འདིའི་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་འགྲན་དང་བུད་མེད་རྐྱང་འགྲན་གྱི་ཨང་དང་པོ་གཉིས་པ་ཚང་མ་བླངས་ཡོད།
ཧྲན་ཞི་ཡིས“3·19”འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། བརྟག་དཔྱད་བྱས་པ་ལྟར་ན། མི14རྐྱེན་ལམ་དུ་ཤོར་བ་དང་། མི37རྨས་སྐྱོན་ཕོག་པའི་དོན་རྐྱེན་དེ་ནི་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་དང་། ལྟ་སྐུལ་དོ་དམ་གནད་ལ་འཁེལ་མེད་པ་ལས་བྱུང་བ་ཞིག་རེད་ཟེར།
ཚེས16བར། ཧ་ཀྲེན་ཐད་རྒྱུག་གློག་གཏོང་ལས་གྲྭའི་ད་ལོའི་རིམ་རྩིས་ཐོག་སྐྱེལ་འདྲེན་གློག་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར100ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

ཧྲང་ཧའེ་ཝུའུ་སུང་ཁོའུ་ཡི་རྒྱལ་སྤྱིའི་སྦྲག་སྲིད་གྲུ་ཁའི་ཉིན་གཅིག་ནང་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གནས་སྐོར་བ4800ཡོད་པ་དེས། ཀྲུང་གོའི་སྦྲག་སྲིད་གྲུ་ཁའི་གྲུ་ཁ་ཆེ་བོའི་ཉིན་གཅིག་ནང་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གནས་སྐོར་བའི་ཟིན་ཐོ་མཐོ་ཤོས་སླར་ཡང་བཏོད་ཡོད་པ་རེད།

图片

ཉེ་ཆར། ཧོ་ནན་ཧྲང་ཆིའུ་ཡི་རླངས་འཁོར་ཞིག་མཚོ་ཡི་ནང་དུ་ལྷུང་ནས་ཁ་ལོ་བ་ནང་དུ་བཀག་ཡོད་པའི་སྐབས་དེར། གྲོང་མི་ལི་ནན་ཅིང་ཆུའི་ནང་དུ་ལྡིང་ནས་རླངས་འཁོར་གྱི་ཕྱོགས་སུ་རྐྱལ་ཏེ། ལྕགས་བརྟེན་གྱིས་ཤེལ་སྒོ་བཅག་ནས་ཁ་ལོ་བ་བདེ་བླག་ངང་སྐྱོབ་ཐུབ་སོང་།

སྲིད་ཇུས།

ཀྲེ་ཅང་གིས་སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་ཚབས་ཆེ་བའི་ནད་པར། དམིགས་འཛུགས་སྨན་རྫས་ལས་ཁུངས་སུ་བྱུང་བའི་སྨན་བཅོས་འགྲོ་གྲོན་ལ་གཏན་འབེབས་ལྟར་སྨན་བཅོས་རོགས་སྐྱོབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས་པའི་བརྡ་ཐོ་པར་འགྲེམས་བྱས་པ་རེད།
ཧུའུ་ནན་གྱིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས་སློབ་ཆེན་སློབ་མར“ལས་གཏོད་ཞོར་དུ་སློབ་སྦྱོང”བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལས་གཏོད་ལག་ལེན་གྱི་གྲུབ་འབྲས་སློབ་སྐར་དུ་བཅོས་ཆོག་པ་དང་ཕུལ་བྱུང་རྣམ་གྲངས་ཀྱིས་སློབ་ཐོན་དཔྱད་རྩོམ་གྱི་ཚབ་བྱེད་ཆོག་པ་རེད།
སི་ཁྲོན་ཁྲེང་ཏུའུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་སློབ་གྲྭ་ཆུང་འབྲིང་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད2ལས་མི་ཉུང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

དེ་རིང་གི་གནམ་གཤིས།

图片

ནང་སོག་གི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད་དང་། སི་ཁྲོན་གྱི་ནུབ་རྒྱུད་ས་མཐོ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་སི་ཁྲོན་གྱི་ནུབ་རྒྱུད་ས་མཐོ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་འཚུབ་འབབ་རྒྱུ་རེད། ཧུའུ་ནན་གྱི་ནུབ་རྒྱུད་དང་། སི་ཁྲོན་གྱི་ས་ཁུལ་མང་ཆེ་བ། ཁྲུང་ཆིང་གི་ས་ཁུལ་མང་ཆེ་བ། ཀུའེ་ཀྲོའུ། ཡུན་ནན་གྱི་བྱང་ཕྱོགས། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།