གསར་འགྱུར་གལ་ཆེན།
发布时间:2025年03月18日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད།
➤རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས2པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས5.9%འཕར་ནས། ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས0.1མགྱོགས་སུ་ཕྱིན་ཡོད།
➤ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་བཟའ་བཅའ་ནང་ཁྲིམས་འགལ་ངང་ཁ་སྣོན་དང་། དངོས་ཟོག་རྫུན་མ་དང་སྤུས་ངན། རིན་གོང་གི་ཐོག་ནས་མགོ་སྐོར་གཏོང་བ། དྲིལ་སྒྲོག་རྫུན་མ་བྱེད་པ་སོགས་ཁྲོམ་རའི་འགལ་རྐྱེན་ལ་དམིགས་ཏེ། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།
➤རྒྱལ་སྲུང་པུ་ཡིས“ཐའེ་ཝན་རང་བཙན”གྱི་དྲ་དམག4ཡི་ཐོབ་ཐང་ཆ་འཕྲིན་ཁྱབ་སྒྲོག་བྱས།
➤རིག་གནས་དང་གནས་སྐོར་པུ་ཡིས་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་བྱེད་མཁན་ཁག་དྲུག་པའི་མིང་ཐོ་གཏན་འཁེལ་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་། སྡོམ་པས་མི942ཡོད་པ་རེད།
➤རང་རྒྱལ་གྱི་ཕྱི་འབྲེལ་པུས་བདག་དབང་རྒྱལ་ཁབ་ཀྲུང་གོ་དང་ཐེ་ལན་གཉིས་ཀྱིས་ལྐོག་འདྲེན་སོགས་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ལས་སྤེལ་བ་དེ། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་བཅའ་ཁྲིམས་དང་། རྒྱལ་སྤྱིའི་བཅའ་ཁྲིམས། རྒྱལ་སྤྱིའི་གོམས་སྲོལ་བཅས་དང་མཐུན་པས། ཨ་རི་ཕྱོགས་ལ་ཐེ་གཏོགས་བྱེད་དབང་མེད་ཅེས་བརྗོད།
➤ཚེས17ཉིན། རང་རྒྱལ་གྱིས་ཀུའུ་ཧྲེན་སྐར་མ་དང་པོ(谷神星一号)་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཡུན་ཡའོ་ཨང་དང་པོའི་(云瑶一号)སྐར་མ
55-60མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་དཔག་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་པས་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ་རེད།
➤ཚེས18ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིའི་ཙུང་ཐུང་ཁྲོན་ཕུ་དང་ཁ་པར་བཏང་པ་རེད།
➤ཚེས17ཉིན། རུ་ཝང་ཏ་ཡིས་པེར་ཀྲི་དང་འབྲེལ་བ་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད།
➤གཟའ་འཁོར་འདིར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མཐོ་རུ་འགྲོ་རྒྱུ་དང་། ནུབ་བྱང་ས་ཁུལ་དང་དེ་བཞིན་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་ཆེས་མཐོ་བའི་དྲོད་ཚད་རིམ་རྩིས་བྱས་ནས་དྲོད་ཚད10℃ཡན་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།
➤རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པའི་ཚེས1ཉིན་ནས་བཟུང་། ལོ60ལ་སླེབས་པའི་རྒྱུན་ལྡན་འགྲུལ་པ་ཚོགས་མིས་འགྲུལ་པའི་མེ་འཁོར་ལ་བསྡད་ན། སྤ་སེ་ངོས་ཀྱི་གྲངས་འབོར་ལྡབ15ཡི་བསགས་སྐར་ཐོབ་པ་སྟེ། སྒོར1000བཏང་ནས་མེ་འཁོར་ལ་བསྡད་ཚེ་བསགས་སྐར་ཁྲི1.5ཐོབ་རྒྱུ་དང་། བསགས་སྐར་མེ་འཁོར་སྤ་སེ་རུ་བརྗེ་སྐབས་སྒོར150ཡི་ཚབ་བྱས་ནས་སྤྱད་ན་ཆོག
➤ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཏུང་ཧྲི་ཀྲང་ཐན་རུའེ་སུང་འཛིན་བཟུང་བྱ་རྒྱུ་གཏན་འབེབས་བྱས་པ་རེད།
➤ཚེས17ཉིན། ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཀྲེང་ཧུང་གིས་ལྐོག་རྔན་བླངས་པ་དང་ཡང་ན་ཤུགས་རྐྱེན་བེད་སྤྱད་ནས་ལྐོག་རྔན་བླངས་པའི་གྱོད་དོན་གྱི་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་དང་། ཀྲེང་ཧུང་ལ་དུས་བཙོན་ལོ་བཅོ་ལྔ་ཡི་ཁྲིམས་ཐག་བཅད་པ་རེད།
➤ཚེས17ཉིན། ཧུའུ་ཡུས་རུང་མྱུར་བགྲོད་ལྕགས་ལམ(沪渝蓉高铁)ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་སྔོག་འདོན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། འཛམ་གླིང་ཐོག་ཚངས་ཐིག་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུབ་གྲུབ་འཕྲུལ་འཁོར“སྣེ་ཁྲིད་རྟགས་ཅན”གྱི་སྔོག་འདོན་སྨི5000ལས་བརྒལ་བ་རེད།
➤ནོར་སྲིད་དཔལ་འབྱོར་གྱི་རང་བདག་སྨྱན་སྦྱོར་གྲངས་ཅན་ཁུག་ག་གེ་མོས་“མ་ཟིན་སྤེལ་ནས” “མགོ་སྐོར”བྱས་པར་དུས་བཙོན་ལོ་བཅུ་དང་ཟླ་བ་གསུམ་གྱི་ཉེས་ཆད་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་གཅིག་ལ་བཙན་འཕྲོག་བྱས་པ་མ་ཟད། དངུལ་ཆད་སྒོར་ཁྲི10ཡི་ཆད་པ་བཅད།
➤བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། སྡོམ་པས་གསའ126ངོས་འཛིན་བྱས་པ་དང་། མངའ་ཁོངས་དེ་ནི་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་གསའ་འཚོ་སྡོད་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་བསྟན།
➤རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལག་བསྟར་ཨུ་ལྷན་གྱིས་ཁུ་ཚུར་འགྲན་བསྡུད་དེ2028ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་རེད།
➤ཚེས16ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཀྱི་བྱས་རྗེས་གཟེངས་རྟགས་ཐོན་མཁན། རྒྱལ་ཡོངས་ཚན་རིག་ཚོགས་ཆེན་གྱི་བྱ་དགའ་ཐོབ་མཁན། ཀྲུང་གོའི་འགྱེད་འཕྲོ་འགོག་སྲུང་ཁྱབ་ཁོངས་ཀྱི་གསར་གཏོད་བྱེད་མཁན་གཙོ་བོ་དང་རྨང་གཞི་འདིང་མཁན་གྱི་གྲས་ཏེ། ཀྲུང་གོའི་འགྱེད་འཕྲོ་འགོག་སྲུང་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་མཚན་སྙན་ཡོན་ཀྲང་ལི་ཏེ་ཕིང་སྐུ་གཤེགས་པ་དང་། དགུང་ལོ99ཡིན། སྲིད་ཇུས།
➤ཐེན་ཅིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་གཞིས་ཁུལ་གྱི་འཇུག་སྒོ་དང་། ར་སྐོར་དུ་གྲོང་མིའི་བྱེད་སྒོའི་བར་སྟོང་སྒྲིག་འགོད་བྱས་ནས་ལུས་སྦྱོང་དང་། ངལ་གསོ། མགྲོན་པོར་འབྲེལ་འདྲིས་སོགས་སྤྱི་པའི་བྱེད་སྒོར་སྤྱོད་རྒྱུར་སྐུལ་མ་བྱེད་པ་རེད།
➤ཁྲུང་ཆིང་གིས་འོས་འགན་སློབ་གསོར“རྒྱུགས་ལེན་མི་དགོས་པར་ཐག་ཉེ་ས་ནས”སློབ་ཞུགས་བླང་བྱ་གཞིར་བཟུང་། སློབ་ཆུང་ནས་དམའ་རིམ་སློབ་འབྲིང་བར་གྱི“ཨོ་རྩིས་རྒྱུགས་ལེན”གྱི་སློབ་མ་བསྡུ་བར་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན།
➤ཀྲེ་ཅང་གིས་ཇུས་གཞི་པར་འགྲེམས་བྱས་ནས། 2025ལོར། སྡོད་གནས་ལག་ཁྱེར་ཡོད་པའི་ཞིང་པ་ལས་མི་དང་མཉམ་དུ་གནས་སྤོར་བྱས་པའི་བུ་ཕྲུག100%ལ་འོས་འགན་སློབ་གསོའི་གཞུང་གཉེར་སློབ་གནས་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཧོ་ཞི། སི་ཁྲོན་ནུབ་རྒྱུད་ས་མཐོ་། ཡུན་ནན་གྱི་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་ས་མཐོ་སོགས་ས་ཁུལ་ཁ་ཤས་ལ་ཁངས་ཆེན་ནས་ཁངས་འཚུབ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་ཤར་ལྷོའི་རྒྱུད། ཁྲུང་ཆིང་། ཡུན་ནན། ཀུའེ་ཀྲོའུ། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་ལ་ཆར་ཆེན་འབབ་རྒྱུ་རེད།