གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀུའེ་ཀྲོའུ་རུ་རྟོག་ཞིབ་བྱེད་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་ལ་གཅིག་གྱུར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀུའེ་ཀྲོའུ་ཡི་ཉམས་འགྱུར་གསར་པ་མངོན་པ་ནན་བཤད་གནང་། ➤རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་ལྔས《བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ལྗང་མདོག་གློག་ཤུགས་ལག་ཁྱེར་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་འབྲེལ་ཐོག་དཔར་འགྲེམ་བྱས།
➤རྒྱལ་ཁབ་ནུས་ཁུངས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར7434ཡིན་པ་དེ་དུས་མཚུངས་ལས8.6%འཕར་ཡོད།
➤བཟོ་ལས་ཆ་འཕྲིན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་གྲངས་འཛིན་ཐོན་ལས་སྤྱིའི་འཁོར་སྐྱོད་བརྟན་པོ་ཡིན་པ་དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི35ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས5.5%འཕར་ཡོད། ➤ཚེས18ཉིན། ཆེས་མཐོའི་ཁྲིམས་ཁང་གིས་ཞབས་ཞུའི་འགན་སྲུང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་དཔེ་མཚོན་གྱོད་དཔེ་ལྔ་ཁྱབ་བསྒྲགས་བྱས།
➤སྤྱི་བདེ་པུས་སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ10ཁྱབ་བསྒྲགས་བྱས།
➤ཁྲོམ་ར་རྟོག་དམ་སྤྱི་ཁྱབ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 《དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་སྲོལ་ཡིག་ལག་བསྟར་བྱེད་ཐབས》ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་ད་ལོའི་ཟླ4པའི་ཚེས20ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
➤ཚེས18ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གྲོས་སྐུལ་ཡི་གེ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོའི་རླངས་འཁོར་ལས་རིགས་ཁེ་ལས་ལ་གྲངས་གཞི་ཡོངས་བསྒྲགས་ཚད་ལྡན་དུ་བཏང་ནས་ལས་རིགས་ཀྱི་ཡིད་རྟོན་སྲུང་སྐྱོང་དང་། འགྲན་རྩོད་ལེགས་པོ་དར་སྤེལ་བཏང་ནས་ཚུལ་མིན་དྲིལ་སྒྲོག་མེད་པར་བཟོ་རྒྱུ་གྲོས་སྐུལ་བྱས།
➤ཉེ་ཆར་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་གོ་ལ་ཧྲིལ་པོའིPCT(《ཁེ་བེད་བདག་ཐོབ་མཉམ་ལས་ཆིངས་ཡིག》)རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཀྲུང་གོའི་རེ་ཞུ་བྱེད་ཚད70160ཡིན་པ་དེ་དུས་མཚུངས་ལས0.9%འཕར་ནས། སྔར་བཞིན་རེ་ཞུ་བྱེད་ཚད་ཆེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་རེད།
སྤྱི་ཚོགས།


