ཞི་ཅིན་ཕིང་གིས་ཡུན་ནན་ས་དམ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
发布时间:2025年03月20日 消息来源:

89

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


 ཚེས19ཉིན་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་དུ་སྔ་རྗེས་སུ་ས་དམ་དེང་རབས་མེ་ཏོག་ཐོན་ལས་གླིང་དང་ས་དམ་གནའ་མཁར་ལ་རྟོག་ཞིབ་བྱས་ཏེ། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་བཏང་ཚུལ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་བསྣན་ཚུལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།