གསར་འགྱུར་གལ་ཆེན།
发布时间:2025年03月25日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

➤བཟོ་བཅོས་བརྒྱབ་རྗེས་ཀྱི《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

➤《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ལ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས〉ཀྱི་གཏན་འབེབས་ལག་བསྟར་བྱ་རྒྱུ》ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

➤ཚེས24ཉིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར43856ཟིན་ཡོད། 

➤2024ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཁྲི1.1ཙམ་བཀོད་སྒྲིག་བྱས་ནས་ས་གནས་ཁག་གི་གཞི་རྩའི་རྒན་གསོ་འགན་བཅོལ་ཐོབ་ཐང་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

➤རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་དང་གཉིས་པར་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས4.6%འཕར་བ་དང་། འཕར་ཚད་མཁར་གྲོང་གི་བརྒྱ་ཆའི0.8ཀྱིས་མཐོ་བ་ཡོད་པ་རེད། 

➤ད་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བཅས་དུས་མཚུངས་ལས5.9%དང་། 4% དང་། 4.1%བཅས་སོ་སོར་འཕར་ཡོད།

 ➤ཚེས24ཉིན། ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ནས“གནམ་རྒྱ2025”འགུལ་སྐྱོད་སྤེལ་རྒྱུའི་གཏན་འབེབས་བྱས།

 ➤ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་ཀྱི་ཐུན་མོང་ངོས་འཛིན་ལ་གཞིགས་ན། ཀྲུང་ཐེ(རྒྱལ་ཁབ)“འཕྲལ་རྒོལ་སྔོན་པོ-2025”ཡི་མཚོ་དམག་མཉམ་འབྲེལ་སྦྱོང་བརྡར་དེ་ཟླ3པའི་ཟླ་སྨད་ནས་ཟླ4པའི་ཟླ་སྟོད་བར་ཀོང་ཏུང་ཀྲན་ཅང་གི་ཉེ་འགྲམ་དུ་སྤེལ་རྒྱུ་རེད། 

➤ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས24ཉིན་ཨུ་རུ་སུ་དང་ཨ་རིའི་འཐུས་མི་ཚོགས་པས་སོ་ཏི་ལི་ཡ་ཏེར་གྲོས་མོལ་བྱས། 

སྤྱི་ཚོགས།


➤གྲང་རླབས་ཀྱིས་ཤུགས་རྐྱེན་ཐེབས་པས་སྔོན་དཔག་བྱས་ན། ཚེས24ཉིན་གྱི་དགོང་མོ་ནས་ཚེས30ཉིན་བར་ཞིན་ཅང་དང་ནུབ་བྱང་ས་ཁུལ་གྱི་ས་ཆ་མང་ཆེ་བ་དང་། ནང་སོག བྱང་ཤར་ས་ཁུལ། ཧྭ་བྱང་ས་ཁུལ། ཧོང་ཧོའེ་གཙང་པོ། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ་བཅས་དང་དེ་བཞིན་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་སུ་སྔ་རྗེས་སུ་དྲོད་ཚད8℃ནས14℃བར་ཆག་རྒྱུ་རེད།

 ➤ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ལས་གནས་བརྟན་པོ་དང་རྒྱ་སྐྱེད་གཏོང་བར་ཤུགས་བསྣན་ནས། སྔར་ཡོད་ཀྱི་ཁེ་ལས་ཆུང་ཕྲན་གྱི་རྨང་གཞིའི་ཐོག་ཁེ་ལས་ཆུང་ཕྲན་གྱི་བདག་པོ་དང་སྒེར་གྱི་ཚོང་ཁང་སོགས་ཀྱི་མི་སྒེར་ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་ཀྱི་ཆེད་དོན་དངུལ་བུན་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་རྒྱུའི་ཡིག་ཆ་བཀྲམ།

 ➤ད་ལོ་ནས་བཟུང་ས་གནས་ཁག་གི་ངར་ལྕགས་ཁེ་ལས་ཀྱིས་རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་སྒྱུར་བཀོད་ཇེ་མགྱོགས་སུ་བཏང་བ་དང་། མིག་སྔར་ངར་ལྕགས་ཁེ་ལས་བཅུ་ཆ་བརྒྱད་ཅུ་ལྷག་ཙམ་གྱིས་རིག་ནུས་གཅིག་སྡུད་ཚོད་འཛིན་ལྟེ་གནས་བསྐྲུན་པའམ་ཡང་ན་དཔེ་དབྱིབས་ཆེན་པོའི་བེད་སྤྱོད་བྱས་ནས་རང་རྒྱལ་གྱི་ངར་ལྕགས་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། 

➤པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་ཚེས25ཉིན་དངོས་སུ་མགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ60ལྷག་ཙམ་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན2000ཙམ་ཞུགས་རྒྱུ་རེད།


➤ཚེས24ཉིན་གྱི་ཆུ་ཚོད19དང་སྐར་མ21སྟེང་སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ཞུས་ཡུང་རྫོང(泸州市叙永县)དུ་རིམ་པ4.9ཅན་གྱི་ས་ཡོམ་བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི8ཡིན།


➤མིག་སྔར་ཞིན་ཅང་ལྕགས་ལམ་གྱི་འགག་སྒོ་གཉིས་ཀྱིས་རིམ་རྩིས་བྱས་ན་ཀྲུང་གོ་དང་ཡོ་རོབ་ཀྱི(ཨེ་ཤེ་ཡ་དབུས་མའི)དུས་གཏན་མེ་འཁོར་ཁྲི9ལས་བརྒལ་བ་ཤར་གཏོང་བྱས་ཡོད་པ་རེད། 

➤ཀྲེ་ཅང་ཧང་ཀྲོའུ་ཡི་ལོ3ལ་སླེབས་པའི་བུ་མོ“ཞའོ་ཅིའུ་མེ”ཚེ་ལས་འདས་པས། ཁོ་མོའི་ཕ་མས་སེམས་སྡུག་བཟོད་བསྲན་བྱས་ནས་ཁོ་མོའི་མཆིན་པ་དང་མཁལ་མ་ཞལ་འདེབས་ཕུལ་ནས་དབང་པོ་ཉམས་པའི་ཉེན་ཁ་ཆེ་བའི་བྱིས་པ་གསུམ་ལ་གསོན་པའི་རེ་བ་སྦྱིན། སྲིད་ཇུས། 

➤ཧྲང་ཧའེ་ཡིས་ཁྱིམ་ཚང་གི་ནད་ཁྲིའི་ཞབས་ཞུའི་ལས་དོན་ཚད་ལྡན་དུ་བཏང་ནས་ཁྱིམ་ཚང་གི་ནད་ཁྲིའི་ཞབས་ཞུ་བྱེད་མཁན་གྱི་སྨན་པ་དང་། ནད་གཡོག ལུས་གསོ་སོགས་མི་སྣར་འབྲེལ་ཡོད་ཀྱི་ཐོ་འགོད་ལས་གཉེར་ཐོབ་ཐང་ཡོད་དགོས་པ་མ་ཟད། ལོ་གཉིས་ཡན་གྱི་ནད་ཐོག་སྨན་བཅོས་ཀྱི་ལས་ཀའི་ཉམས་མྱོང་ལྡན་དགོས་པ་དང་། རང་ཚུགས་ངང་ལས་དོན་སྤེལ་ཐུབ་པ་གཏན་འབེབས་བྱས། 

➤ཧུའུ་པེ་ཡིས་ཤེས་ལྡན་མི་སྣའི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ཏེ། འཐབ་ཇུས་ཚན་རིག་མཁས་ཅན་གྱི་སྣེ་ཁྲིད་འགུལ་སྐྱོད་ལག་བསྟར་དང་། “མི་རེར་ཐབས་ཇུས་རེ”ནང་འདྲེན་བྱས་ནས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གཏན་ལ་ཕབ། 

➤ཅང་ཞི་ཡིས་ཞིབ་སྲོལ་པར་འགྲེམས་བྱས་ནས་སློབ་གསོའི་བློ་འདྲི་དང་། ཚན་རྩལ་བློ་འདྲི། ལག་རྩལ་བློ་འདྲི། ཁེ་ལས་དོ་དམ་བློ་འདྲི་སོགས་ཀྱི་མིང་ཐོག་ནས་སློབ་ཆེན་སློབ་མའི་གསོ་སྦྱོང་དང་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་ཚབ་གཉེར་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

 དེ་རིང་གི་གནམ་གཤིས།


➤ནང་སོག་གི་ཤར་རྒྱུད་དང་། ཅི་ལིན་གྱི་ས་ཆ་མང་ཆེ་བ། ཧོ་པེའི་བྱང་རྒྱུད། ཞིན་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ནང་སོག་གི་ཤར་རྒྱུད་དང་ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཞིན་ཅང་དབྱི་ལི་ལུང་གཞུང་དང་བྱང་རྒྱུད་ཀྱི་གཞོང་ས། ལིའོ་ཉིང་གི་བྱང་རྒྱུད་དང་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད།