མི་འདི་གསུམ་ཀྲུང་གོའི་མི་བཟང་གི་མིང་ཐོ་འདིར་ཚུད་པས་བསྔགས་པར་འོས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དཔྱིད་དྲོད་གཤེར་རྒྱས་པའི་མེ་ཏོག་འཛུམ། ལས་དགེ་བརྩོན་སྲོལ་བཟང་མི་ཡི་རྒྱན། ཟླ3པའི་ཚེས22ཉིན། 2025ལོའི"ཀྲུང་གོའི་མི་བཟང་གི་མཚན་ཐོ"ཐེངས་དང་པོར་འོས་འདེམ་བྱས་པའི་མི་སྣའི་བྱས་རྗེས་བཤམས་སྟོན་དང་དཔྱད་གཏམ་སྤེལ་བའི་རིམ་པ་དངོས་སུ་མགོ་བརྩམས། མཚོ་སྔོན་གྱི་མི་གསུམ2025ལོའི"ཀྲུང་གོའི་མི་བཟང་གི་མཚན་ཐོ"ཐེངས་དང་པོར་འོས་འདེམ་བྱུང་ཡོད་ཅིང་། དེར་བོད་རིགས་གཉིས་དང་ཧོར་རིགས་གཅིག་བཅས་རེ་རེ་བཀོད་ན་འདི་ལྟར།
ཀུན་བཟང་རྡོ་རྗེ། བོད་རིགས།1996ལོའི་ཟླ8པར་སྐྱེས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་དྭངས་ཆེན་གྲོང་ཚོའི་མི་ཡིན། ལོ་དྲུག་རིང་ལ་ཁོས་ཕ་མར་བསྙེན་བཀུར་དང་སྲི་ཞུ་བསྒྲུབ་པའི་ལྷག་བསམ་གཙང་མ་སེམས་ལ་ཉར་ནས་རླངས་འཁོར་གྱི་དོན་རྐྱེན་རྐྱེན་བྱས་ནས་དབང་པོ་འཁུམས་པའི་མ་ཡུམ་ལ་བདག་སྐྱོང་བཟང་པོ་བྱས་ཏེ། བསམ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་བཟང་བོ་ལག་ལེན་ཐུབ་ཡོད།
ལི་ཡན་ཧོང་། ཕོ། ཧོར་རིགས།1995ལོའི་ཟླ11པར་སྐྱེས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་ཁུལ་པའོ་ཁུའུ་ཡུལ་ཚོའི་ཧྲན་ཁྲེན་གྲོང་ཚོའི་མི་ཡིན། ཁོས་ས་བབ་སྨི5100ཡོད་པའི་མཚོ་བོད་གཞུང་ལམ་ལས་གདང་ལའི་མཚམས་སུ་ས་མཐོ་བྱུང་ནས་ཐང་ལ་འགྱེལ་བའི་མི་ཞིག་སྨན་ཁང་དུ་བསྐྱེལ་ནས་སྲོག་བསྐྱབས་པར་མ་ཟད། ཕྱིར་ལེ་དབར་ཁྲི་ཕྲག་བརྒྱུད་དེ་དངོས་ཟོག་བསྐྱལ་ཏེ། བསམ་སྤྱོད་དངོས་ལ་བརྟེན་ནས་རྒྱུས་མེད་ཁྱིམ་ཚང་ཞིག་གི་གདུང་འདེགས་ཀ་བ་བྱས། གྲོང་ཚོའི་ནང་གི་མི་རྣམས་ཀྱིས་ལི་ཡན་ཧོང་གླེང་ཡོང་དུས་ཚང་མས་མཐེ་བོང་བསྒྲེངས་ནས་མི་འདི་ལྟ་བུ་ཞིག་ཡིན་ཞེས་བསྟོད་བསྔགས་མི་བྱེད་པ་གཅིག་ཀྱང་མེད།
རིན་ཆེན་བྱམས། ཕོ། བོད་རིགས།1982ལོའི་ཟླ11པར་སྐྱེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན། ཉེན་ཁའི་དུས་ལ། རིན་ཆེན་བྱམས་ཀྱིས་རང་སྲོག་ལ་མི་འཛེམ་པར་ནུས་ཤུགས་ཡོད་རྒུས་རང་སྲོག་གཅོད་མཁན་ཞིག་གི་སྲོག་བསྐྱབས།
དྲ་གྲོགས་རྣམས་ཀྱིས“中国文明网”དང་ཡང་ན“凡事不凡”ཡི་སྐད་འཕྲིན་སྤྱི་རྟགས་བརྒྱུད་དེ། གཙོ་ངོས་ཀྱི་གཤམ་ན་ཡོད་པའི་“事迹展示评议”གྱི་དྲ་ངོས་སུ་བསྐྱོད་དེ་དཔྱད་གཏམ་སྤེལ་ཆོག
“中国文明网”ཡི་སྐད་འཕྲིན་སྤྱི་རྟགས།
↓↓↓↓↓
“凡事不凡”ཡི་སྐད་འཕྲིན་སྤྱི་རྟགས་བརྒྱུད་དེ།