རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་པ་དང་ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས་ཤིང་གཏམ་བཤད།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་བཅས་དང་དེ་མིན་ད་རུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི63གྲོས་ཚོགས་སུ་ཞུགས་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ་དང་ལག་བསྟར་ཡག་པོ་བཅས་བྱེད་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་ཡག་བྱས་ཏེ། སྤྱི་ཡོངས་ཀྱི་བྱ་བར་ལྟ་ཞིབ་གཏིང་ཟབ་བྱས་ཡོད་པ་དེ་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རྒྱང་ལྟ་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པ་མཚོན་ཡོད། ཨུ་ཡོན་དང་འཐུས་མི་སོ་སོ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་ཡག་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་མིན་ཚོགས་ཆེན་གྱི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་བྱེད་དགོས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྙན་ཞུ་དང་གྲོས་ཆོད་སྣ་ཚོགས་སློབ་སྦྱོང་ནན་ཏན་བྱེད་པ་དང་དམིགས་འབེན་ལས་འགན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་སྣ་ཚོགས་དང་བསྡུར་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཏང་གི་འཛུགས་སྐྲུན་སོགས་ཀྱི་ལྟེ་གནས་བྱ་བར་དམིགས་ནས་ལག་བསྟར་དང་དོན་འཁྱོལ་ལེགས་པོ་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་གྱི་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་དུ་སྦྲེལ་བ་དང་། གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་པ་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བསྒྱུར་དང་ནུས་པ་ཆེ་རུ་གཏོང་བ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བྱ་གཞག་གསར་གཏོད་བྱེད་པ་བཅས་ཀྱིས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལག་ལེན་དངོས་སུ་བསྒྱུར་དགོས། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དེ་གོ་སྐབས་སུ་བརྩིས་ཏེ། འཐུས་མིའི་བྱ་བ་གཏིང་ཟབ་དང་རྒྱ་སྐྱེད་དུ་གཏོང་བ་དང་། འཐུས་མིས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་ཚང་ལེགས་པོ་དང་འཁོར་སྐྱོད་ལེགས་པོ་བཅས་ཡོང་བར་བྱེད་དགོས། རང་ཞིང་གི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་སྟེ། འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས།གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་ཕུལ་བའི་འབྲེལ་ཡོད་མི་དོན་བྱ་བའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་མཉན།བསྐོ་བཞག་འོས་མིས་འགན་སྒྲུབ་སྔོན་གྱི་གཏམ་བཤད་སྤེལ།གྲོས་ཚོགས་ཀྱིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(གྲོས་ཞིབ་ཐེངས་གཉིས་པའི་འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ།《མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག(དག་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད། ཞིང་ཆེན་མི་དམངས་སྲིད་གཞུང་གི་དངུལ་རྩའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི2024ལོའི་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་མཉན། གྲོས་ཚོགས་ཀྱིས《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་དང་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན》དང་། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》ཁྲོད་ཀྱི་སློབ་གསོ་དང་ཚན་རིག་དང་རིག་གནས་དང་འཕྲོད་བསྟེན་བཅས་ཕྱོགས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ། 《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་དང་མེད་པར་གཏོང་བའི་སྐོར་གྱི་ཆོད་དོན》ནང་གི་ཁོར་ཡུག་དང་ཐོན་ཁུངས་ཕྱོགས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་འབྲེལ་བའི་ཞིབ་བཤེར་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོས་དོན》།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》གྱི་ཞིབ་བཤེར་སྙན་ཞུ། 《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཚོང་རའི་དོ་དམ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཚོང་རའི་དོ་དམ་སྲོལ་ཡིག〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》གྱི་ཞིབ་བཤེར་སྙན་ཞུ།《མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི〈མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་མཁར་དང་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག 〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》།《མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི〈མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་མཁར་དང་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག 〉མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》ལ་ཞིབ་བཤེར་བྱས་པའི་སྙན་ཞུ་བཅས་དཔར་འགྲེམ་བྱས།ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མའེ་ཕེན་དང་། ཧྲེང་ཀྲང་གཞོན་པ་ཝང་ཧའེ་ཧོང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ཀྲ་ཆིང་ཅིའུ་སོགས་ཚོགས་འདུར་ཟུར་ཞུགས་བྱས། །
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
གཙོ་སྒྲིག་པ། ལྷ་ཆེན་རྡོ་རྗེ།
ལྟ་སྐུལ་བ། མགོན་པོ་རབ་བརྟན།
སྤྱིའི་ལྟ་སྐུལ་བ། ཚེ་བརྟན་བཀྲ་ཤིས།
