སློབ་སྦྱོང་གི་མཉམ་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཚེ་གཟུངས་སྐྱིད། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སློབ་སྦྱོང་གི་ཚ་རླབས་འཕྱུར་དུ་བཅུག་ནས་མཉམ་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས།
— རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཚུལ་གླེང་བ། རང་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཐད་ཤུགས་འདོན་དགོས་པ་དང་། ལག་ལེན་མཐར་ཕྱིན་བྱེད་པའི་ཐད་འབད་པ་བྱེད་པ། བྱ་བར་སྐུལ་འདེད་བྱེད་པའི་ཐད་དངོས་འབྲས་བརྩོན་ལེན་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་དུ་འཇུག་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དེང་རབས་ཅན་མཉམ་འཛུགས་བྱེད་པའི་མཚོ་སྔོན་གྱི་མཉམ་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་ལེགས་པོ་བྱེད་པ་དང་། བསམ་བློ་གཅིག་གྱུར་བྱས་ན་ད་གཟོད་འགུལ་སྐྱོད་གཅིག་གྱུར་བྱེད་ཐུབ། བསམ་བློའི་ངེས་ཤེས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་དང་། ཤེས་རིག་གི་སྟོབས་ཤུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་དམིགས་འབེན་འོས་འགན་སོ་སོ་མངོན་འགྱུར་བྱེད་པའི་སྟེང་གཅིག་བསྡུ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན། དངོས་ཡོད་འགུལ་སྐྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གནད་དོན་གནད་ཆེན་མང་པོར་འགྲེལ་བཤད་གཏིང་ཟབ་གནང་བར་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་དྲག་པོ་ལྡན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། 《སྲིད་གཞུང་བྱ་བའི་སྙན་ཞུ》ཡིས་འདས་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། མིག་སྔར་འཕྲད་པའི་གནད་དོན་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་། ལོ་གསར་པའི་བྱ་བ་སོ་སོར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད་པས། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་ནི་ལག་ལེན་མཐར་ཕྱིན་ནན་འཛིན་བྱེད་པའི་རྨང་གཞི་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་བ་ཞིབ་མོ་ལེན་པ་དང་། མཐའ་གསལ་མཐིལ་རྟོགས་དང་ཡིད་ཆེས་དང་ལག་ལེན་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་ནི་བློ་བརྟན་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཕན་འབྲས་དངོས་སུ་བསྒྱུར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་དང་དྲིལ་སྒྲོག་ལེགས་པོ། ལག་ལེན་མཐར་ཕྱིན་ལེགས་པོ་བཅས་བྱེད་པ་ནི། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་ལྷན་གཅིག་ཏུ་སྦྲེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་བྱེད་པ་དང་ལྷན་གཅིག་ཏུ་སྦྲེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། མཚོ་སྔོན་གྱི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཁྲོད་ཀྱི་ལས་འགན་དང་འགན་འཁྲི་ཡང་དག་པར་ཁོང་དུ་ཆུད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་མགོ་རྩོམ་ས་དང་ཤུགས་འདོན་ས་གནད་ལ་ཁེལ་བ་བཅས་བྱས་ཏེ། སྔར་ལས་སྤྲོ་སེམས་ཀྱིས་ཁེངས་པ་དང་སྔར་ལས་དངོས་སྒྲུབ་ཀྱི་བྱ་སྤྱོད་ཀྱིས་མཚོ་སྔོན་གྱི་ལས་དོན་སོ་སོར་ཕན་འབྲས་གསར་པ་ལེན་པར་མུ་མཐུད་དུ་སྐུལ་འདེད་བྱེད་དགོས།
2025ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཡང་ཡིན། མིག་སྔར་ཆེས་གལ་ཆེ་བ་ནི་བློ་རྩེ་གཅིག་ཏུ་སྒྲིམ་ནས་ང་ཚོ་རང་གི་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་མགྱོགས་མྱུར་ངང་འགུལ་སྐྱོད་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་དང་དམ་དུ་སྦྲེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལག་ལེན་ཁྲོད་འདྲེས་པར་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་དང་མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཡོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་གསོ་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བརྒྱུད་དེ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སོགས་ཀྱི་བྱ་བ་སོ་སོ་ཏན་ཏིག་གིས་སྤེལ་ཞིང་གཏིང་ཟབ་སྒོས་ལག་ལེན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཏང་གི་འཛུགས་སྐྲུན། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་བྱ་བ་སོ་སོ་སྐས་རིམ་གསར་པར་སྤོ་བར་སྐུལ་འདེད་བྱེད་དགོས།
ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་སེམས་ཤུགས་གཅིག་བསྡུ་དང་ནན་འཛིན་དངོས་སྒྲུབ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ང་ཚོས་སློབ་སྦྱོང་ཁྲོད་བསམ་བློ་གཅིག་གྱུར་དང་བློ་སེམས་གཅིག་བསྡུ། སྙིང་སྟོབས་ཡར་སྐུལ། མཐུན་སྒྲིལ་ཡར་བརྩོན་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་མཁན་བཟང་པོ་དང་འགུལ་སྐྱོད་པ་བཟང་པོ། དངོས་སྒྲུབ་པ་བཟང་པོ་བཅས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“ལྔ་བཅུ་བཞིའི”འཆར་འགོད་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པ་དང་། “ལྔ་བཅོ་ལྔའི”མགོ་ལེགས་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས། །