གཏོར་འཛུགས་ཟུང་འབྲེལ་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ
发布时间:2025年04月10日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

图片
图片
图片
图片
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཕིང་གིས་ལོ18ཀྱི་རིང་ལ་ལས་དོན་ཞིག་ཏན་ཏིག་གིས་བསྒྲུབས་པ་ར་སྤྲོད་བྱས་པ་སྟེ། ལོ18ཀྱི་རིང་ལ་ཚན་ཞིབ་དང་ཚན་རྟོག་ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ཅན་དང་། ཚད་ལྡན་ཅན། མ་ལག་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད“གཏན་འཇགས་བཞི་དང་གཅིག་གྱུར་གསུམ”གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཚད་གཞི་གྲུབ་པ་དང་ད་བར་རྒྱ་ཁྱབ་ངང་དཔྱད་གཞིར་འཛིན་བཞིན་ཡོད། ད་ལྟའི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་གཉིས་གོམ་སྟབས་གཅིག་གྱུར་བྱས་ནས་གྲུབ་འབྲས་རེ་རེར་འཕོ་འགྱུར་ཁྲོད་རིན་ཐང་ཆེ་ཤོས་མངོན་ཡོད།
图片
1992ལོརཁྱད་པར་དུ་ཆུ་བྱ་འཚོ་གནས་བྱ་ཡུལ་ཡིན་པའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྐོར་གྱི་སྤྱི་ཆིངསནང་ཚུད་པས། རྒྱལ་སྤྱིའི་ཐོག་ཆུ་བྱའི་ཐོན་ཁུངས་ཀྱི་འཚོ་སྡོད་བྱ་ཡུལ་དང་བརླན་སར་སྲུང་སྐྱོབ་བྱེད་པའི་འོས་འགན་དང་འགན་འཁྲི་འཁུར་བཞིན་ཡོད། དུས་དེ་ནས་བཟུང་། མཚོ་སྔོན་པོའི་སྐྱེ་ཁམས་ལ་ནང་དོན་སྔར་ལས་གཏིང་ཟབ་དང་འགན་འཁྲི་སྔར་ལས་ལྕི་མོ་སྤྲད་ཡོད། མ་ཕིང་གིས་ཐད་ཀར་མཐོང་ཐུབ་པའི་གཞི་གྲངས་ཆེ་ཤོས་སྤྱད་དེ་ཁ་གསལ་གོ་བདེའི་ངང་ལོ་མང་རིང་བསགས་པའི་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་ཤིང་། མཚོ་སྔོན་པོའི་མཛུབ་སྟོན་རང་བཞིན་གྱི་དངོས་རིགས་ཆུ་བྱའི་བསྡོམས་འབོར་ཁྲི60ལྷག་ལ་བུད་པ་དང་། མདུན་བདར་དངོས་རིགས་དགོ་སྐྱའི་རིགས་ཁྱུའི་གྲངས་འབོར་དེ་སྲུང་སྐྱོབ་ཀྱི་ཐོག་མའི་དུས་ཀྱི་ལྡབ11ཡིན་པ་དང་། རྩད་ཆོད་པའི་ས་བོན་རྩི་ཤིང་ཁྱོན་བསྡོམས་རིགས457ཡོད།
图片
གཞི་གྲངས་བྱེ་བྲག་ཅན་དུ་འགྱུར་བའི་རྒྱབ་ཏུ་ལོ་ངོ་མང་པོ་ཉིན་གཅིག་བཞིན་རྒྱུན་འཁྱོངས་དང་གསོག་འཇོག་བྱས་པའི་དཀའ་སྡུག་འདྲེས་ཡོད། ཆེས་སྔ་མོའི་སྟབས་བདེའི་གྲངས་ཀ་ནས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ལ་བརྟེན་པ་དང་། དེ་ནས་གཞི་གྲངས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བར་དུ། མ་ཕིང་གིས་བཤད་པ་ལྟར་ན། ལས་ཀ་དེའི་སྔ་རྗེས་སུ་དུས་རིམ་གསུམ་བརྒྱུད་ཡོད་དེ། 1975ལོར་བྱ་གླིང་དོ་དམ་ས་ཚིགས་བཙུགས་ནས་འདབ་ཆགས་རིགས་ལ་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་བ་དང་། དེའི་རྗེས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཕར་བ་དང་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱས་པ་དང་བསྟུན་ནས། སྔོན་ཆད་ཀྱི་ཆིག་རྐྱང་ངང་ལྟ་ཞིབ་ཚད་ལེན་བྱེད་པ་ནས་ཆུ་བྱ་དང་།དགོ་སྐྱ། སྔོ་ཁེབས་སོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་སུ་རྒྱུན་བསྲིངས་པར་མ་ཟད། ཡང་བསྐྱར་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་ཀླུང་བཅས་ཀྱི་སྐྱེ་ཁམས་མ་ལག་ཏུ་ཁྱབ་ཡོད།
图片
ཡུན་རིང་མ་འགོར་བའི་སྔོན་ལ། མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་སྟེགས་བུ་ཁྱོན་ཡོངས་ནས་ཤར་གཏོང་བྱས་ཏེ། བརྙན་ལམ་ལྟ་ཞིབ་ཚད་ལེན་གྱི་གནས་ཚིགས116དང་ཆུ་སྤུས་ལྟ་ཞིབ་ཚད་ལེན་གྱི་གནས་ཚིགས10བསྐྲུན་པ་དང་། མཚོ་སྔོན་པོའི“ནམ་མཁའ་བར་སྣང་ས་གཞི་ཆུ་བོ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཚན་ཞིབ་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་ཐོག་མར་བསྐྲུན། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དེ་ཐེངས་དེའི་ནང་དོན་གསར་པ་ཞིག་ཏུ་བརྩིས་ཡོད། མ་ཕིང་གིས་བཤད་རྒྱུར།“མཚོ་སྔོན་པོ་ནི་ཁ་རུབ་མཚོ་ཞིག་ཡིན་པས་སྲོག་ཤིང་ཆེ་ཤོས་ནི་ཆུ་ཡིན་ཞིང་། མཚོ་ནང་དུ་འབབ་པའི་ཆུ་རྒྱུན་གལ་ཆེན་དང་མཚོའི་མཐའ་འཁོར་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭས་ཕྱིར་གཏོང་ཆུའི་སྤུས་ཚད་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་ཚད་ལེན་བྱེད་ཀྱིན་ཡོད།”
图片

མཚོ་སྔོན་པོས་ཆུ་ཁུངས་གསོག་སྐྱིལ་དང་ཆུ་རླངས་སྙོམ་སྒྲིག་གི་བྱེད་ནུས་གལ་ཆེན་ཐོན་ཡོད། དེས་མདོ་ལ་རིང་མོ་དང་། གཙང་གསུམ་འབྱུང་ཡུལ། ཚྭ་འདམ་གཤོང་ས་བཅས་སྐྱེ་ཁམས་བར་སྟོང་ཆེན་པོ་གསུམ་སྦྲེལ་མཐུད་བྱས་ཡོད། དེ་ནི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་གི་སྲུང་ཡོལ་ཞིག་ཡིན་ལ།མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་གནས་ཚིགས་གལ་ཆེན་ཞིག་ཡིན་པས། རྒྱལ་ནང་དང་འཛམ་གླིང་གང་སར་སྙན་གྲགས་ཆེན་པོ་ལྡན།

བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པར་དམིགས་ནས། མ་གཏོར་ན་འཛུགས་མི་ཐུབ་པ་དང་། གཏོར་འཛུགས་གཉིས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལ་སྐུལ་འདེད་བཏང་སྟེ། ཕྱོགས8ཀྱི་གསར་འཛུགས་ལས་འགན་ཁག55ལེགས་འགྲུབ་བྱུང་བ་དང་གྲུབ་འབྲས་ཁག65ཐོབ་ཡོད་ལ།“དོ་དམ་ཅུས—དོ་དམ་ཡན་ལག་ཅུས—སྲུང་སྐྱོབ་ས་ཚིགས”བཅས་རིམ་གསུམ་དོ་དམ་མ་ལག་བཙུགས་པ་དེ་ཕན་འབྲས་དཔྱད་དཔོག་གི་དུས་མཚམས་སུ་སླེབས་ཡོད།

图片
རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱས་པ་དེས་སྔ་འཛིན་ཕྱི་གཏོད་བྱས་ཏེ། མཚོ་སྔོན་པོ་ནི་སྲོལ་རྒྱུན་གྱི་ལྟ་སྐོར་མཛེས་ལྗོངས་ཁུལ་ཙམ་མིན་པར་གོ་དོན་དེ་བས་གཏིང་ཟབ་ལྡན་པའི་སྐྱེ་ཁམས་ཀྱི“འགངས་ས”ཞིག་རེད། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་བྱ་ཁྲི་ཕྲག་མང་པོ་སྐྱེ་འཕེལ་དང་འཚོ་གནས་བྱེད་པ་དང་།གསེར་ཉ་ཁྲི་ཕྲག་ཁ་ཤས་མུ་མཐུད་དུ་མཚོ་མོར་རྐྱལ་བཞིན་ཡོད། མཚོ་མཐའི་མང་ཚོགས་ཀྱིས་ལྗང་མདོག་ཐོན་ཁུངས་ཁྲོད་ནས་ལྗང་མདོག་གི“ལམ་བུ”རྙེད་པས། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་དམ་ཟབ་བྱུང་ཡོད། “‘གསར་གཏོད’དམིགས་ཚད་གཏན་འཁེལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་གནས་དང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་པའི་ས་ཚིགས། སྐྱེ་ཁམས་དམངས་ཕྱུག་ཅན་གྱི་དཔེ་མཚོན་གསར་པ་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན།”འབྱུང་འགྱུར་སྐོར་གླེང་སྐབས། ཝང་ཅིང་པང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། །
图片