གསར་འགྱུར་གལ་ཆེན།
发布时间:2025年04月30日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

1.jpg

  • ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད་པས། གོ་སྐབས་དམ་འཛིན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་ཇུས་གཞིའི་ནུས་པ་དང་རྩེར་སོན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་བཟོ་ཐུབ་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

2.jpg

  • ཚེས29ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པར་འཚམས་འདྲི་གནང་ཞིང་། ཆབས་ཅིག་ཏུ་གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལུའོ་སའེ་ཕུའུ་དང་མཇལ་འཛོམས་གནང་།

  • ཞི་ཅིན་ཕིང་གིས་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ཆུས་ཀྱི་གསོལ་མགྲོན་ཁང་ཞིག་གི་མེ་སྐྱོན་ལས་འཛོལ་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། རྨས་སྐྱོན་ཕོག་མཁན་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་བདེ་འཇགས་ལས་འཛོལ་ཚབས་ཆེན་བྱུང་བར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན།

  • ཞི་ཅིན་ཕིང་གིས་དབྱི་རན་གྱི་འབར་གས་ཚབས་ཆེན་བྱུང་བའི་དོན་རྐྱེན་ཐད་དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • རང་རྒྱལ་གྱིས་ཁྲོམ་རའི་འཇུག་འཐུས་བཀག་རྒྱ་གཙང་སེལ་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁྲོམ་རའི་འཇུག་འཐུས་ལམ་ལུགས་ཀྱི་བླང་བྱ་དང་འགལ་བའི་གཏན་འབེབས་སྣ་ཚོགས་དང་། སྒྲིག་འགལ་ངང་ཁྲོམ་རའི་འཇུག་འཐུས་བཀག་རྒྱ་བཟོ་བའི་བྱེད་ཐབས་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་སེལ་བྱ་རྒྱུ་རེད།

  • ད་ལོའི་ཁག་གཉིས་པའི་དུས་ཡུན་རིང་བའི་བརྒལ་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར810གཤམ་སྤྲོད་བྱས་ཏེ། འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱས།

  • བཟོ་འཕྲིན་པུས་རང་འགུལ་འཁོར་གཏོང་མ་ལག་གི་བདེ་འཇགས་བླང་བྱ་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་ཞིབ་བཟོ་བྱེད་པར་མགྱོགས་སུ་བཏང་ནས་རང་འགུལ་འཁོར་གཏོང་མ་ལག་གི་བདེ་འཇགས་རྨང་གཞི་བསྐྲུན་རྒྱུ་ཡིན་ཞེས་བཤད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར33939ཟིན་པ་དེ་དུས་མཚུངས་ལས6.2%འཕར་ཡོད།

  • ཤར་རླུང་འབབ་ཚིགས་ཀྱི་གནམ་གཤིས་ཆ་རྐྱེན་ལས་འགན་གྱི་བླང་བྱ་དང་མི་མཐུན་པའི་དབང་གིས་སྔོན་གྱི་འཆར་གཞི་ལྟར་ཚེས29ཉིན་ལག་བསྟར་བྱས་པའི་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་ཕྱིར་ལོག་བྱེད་པའི་ལས་འགན་ཕྱིར་འགྱངས་བྱས།

  • ཚེས29ཉིན། ཀྲུང་གོ་དང་ཅིར་ཅི་སི་ཐན། ཝུའུ་ཙི་པིའེ་ཁེ་སི་ཐན་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་ལམ་ཐིག་དངོས་ཀྱི་ལས་གྲྭ་དེ་དོན་དངོས་རང་བཞིན་གྱི་ཨར་ལས་དུས་རིམ་དུ་སླེབས།

  • ཨ་རིའི“ཧ་ལི·ཏུའུ་ལུའུ་མོན”རྟགས་ཅན་གྱི་མཁའ་སྐྱོད་མ་གྲུ་སྟེང་གི་གྲུ་འདེགས་གནམ་གྲུ་ཞིག་དང་དེའི་འདྲུད་འཐེན་རླངས་འཁོར་ཚེས28ཉིན་མཚོ་ནང་དུ་ལྷུང་། ཨ་རིའི་མཚོ་དམག་གིས་མཁའ་སྐྱོད་མ་གྲུ་ཡིས་སྐབས་དེར་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱི་མེ་ཤུགས་ཕར་རྒོལ་ལས་གཡོལ་བཞིན་ཡོད་ཅེས་བཤད།

སྤྱི་ཚོགས།

3.gif

  • རིག་གནས་གནས་སྐོར་པུ་དང་ཀྲུང་གོ་གནམ་གཤིས་ཅུས་དྲན་སྐུལ་བྱས་དོན། “ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་གནམ་གཤིས་ཆ་རྐྱེན་མང་ཆེ་བ་གནས་སྐོར་དུ་འགྲོ་རྒྱུར་འཚམ་པོ་ཡོད་པ་དང་། གུང་གསེང་གི་དུས་མཇུག་ཏུ་ལྷོ་ཕྱོགས་ས་ཁུལ་དུ་ཆར་པ་འབབ་ཚད་མང་དུ་ཕྱིན་རྒྱུ་རེད།

微信图片_20250430094514.jpg

  • ལྕགས་ལམ་གྱི“ལྔ་གཅིག”ངལ་གསོའི་རིང་གི་སྐྱེལ་འདྲེན་ཟླ4པའི་ཚེས29ཉིན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། ཟླ5པའི་ཚེས6ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.44སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆེས་མང་ཤོས་ཟླ5པའི་ཚེས1ཉིན་རེད།

  • ཀྲུང་གོ་བཟའ་བཅའ་བཟོ་ལས་མཐུན་ཚོགས་ཀྱིས་བཟའ་བཅའི་ཁེ་ལས་ཆེ་གྲས200ལྷག་ཙམ་གྱི་སྣེ་ཁྲིད་དེ་བཟའ་བཅའི་ཤོག་བྱང་གི་མཚོན་རྟགས་རང་འགུལ་ངང་ལེགས་སུ་གཏོང་བ་དང་། “སྦྱོར་རྟ་མེད་པ”སོགས་ཀྱི་ཐ་སྙད་སྤྱོད་མི་དགོས་པའི་གྲོས་འགོ་བཏོན།

  • རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་དམའ་འབྲིང་གི་སློབ་ཐོན་སློབ་མ་དང་མཐོ་འབྲིང་གི་སློབ་ཐོན་སློབ་མར་འཕྲིན་ཡིག་སྤྲིངས་ནས་མཐོ་རིམ་སློབ་འབྲིང་དང་། འབྲིང་རིམ་ལས་རིགས། མཐོ་སློབ་བཅས་ཀྱི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ངོ་སྤྲོད་བྱས།

  • ཀྲུང་གོའི་འགུལ་རིས་གློག་བརྙན《ནོ་ཏྲ2》ཞེས་པ་ཉེ་ཆར་ཧྥ་རན་སེའི་གཙོ་རྒྱུན་གློག་བརྙན་ཁང་དུ་འཁྲབ་སྟོན་བྱས་ནས་ཧྥ་རན་སེའི་སྨྱན་སྦྱོར་དང་། གློག་བརྙན་ཆེད་ལས་མི་སྣ། ལྟད་མོ་བ་བཅས་ཀྱི་གདེང་འཇོག་ཡག་པོ་ཐོབ།

5.jpg

  • རང་རྒྱལ་གྱིས་ས་ཟླ་བར་སྟོང་སྲུང་སྐར་སྐུལ་འོད་བར་ཐག་འཇལ་དུས་ཉིན་མཚན་ཚོད་འཛིན་ཡོད་པ་མེད་པར་བཟོས་ནས། རྒྱལ་སྤྱིའི་སྟེང་དུ་ཉིན་མོའི་འོད་དྲག་པོའི་འགལ་རྐྱེན་འོག་ས་ཟླ་བར་སྟོང་གི་སྐུལ་འོད་བར་ཐག་འཇལ་བའི་ལག་རྩལ་ཚོད་ལྟ་ཐོག་མར་ལེགས་འགྲུབ་བྱུང་།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་གོ་ལ་ཧྲིལ་པོའི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མ་ཞིབ་བཟོ་བྱས་པ་དང་། ཆུ་བྲེ་སྟོང་ཤས1གི་ནང་སྦགས་བཙོག་དངོས་པོ་ཁེ་དུང་ཕྱུར་བཅུ་ཆ་གཅིག་ཞིབ་དཔྱད་ཚད་ལེན་ཐུབ་པ་མ་ཟད། དང་ལེན་དུས་ཚོད་སྐར་མ་གཅིག་ནང་ཚུན་དུ་ཐུང་དུ་ཕྱིན་ཡོད་པ་རེད།

6.jpg

  • ཀོང་ཏུང་ཏ་ཡ་ཝན་ཉིང་རྡུལ་གློག་ཁང་རྟེན་གཞིར་རིམ་རྩིས་བྱས་ན་དྲ་ཞུགས་གློག་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི1ལས་བརྒལ་ནས་དམིགས་ཡུལ་འདི་མངོན་འགྱུར་བྱུང་བའི་རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་རྟེན་གཞི་ཐོག་མ་གྱུར་ཡོད།

སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་ཁག59ཁྱབ་བསྒྲགས་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། དེའི་ནང་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་དུས་བཀག་ལོ10བར་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་གཅིག་གྱུར་གྱི་ཁྲིམས་འགལ་ཁྲིམས་ཆད་ཡང་ཙམ་གཅོད་པའི་གསལ་ཐོ་ཁྱབ་བསྒྲགས་བྱེད་པ་སོགས་ཚུད་ཡོད་པ་རེད།

  • 《ཐེན་ཅིན་གྲོང་ཁྱེར་གྱིས“འཛད་སྤྱོད་ཆེན་པོའི”རྣམ་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་ནང་ཁུལ་གྱི་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་མགྱོགས་མྱུར་བསྐྲུན་རྒྱུ་དང་། རིག་རྩལ་གྱི་གསར་གཏོད་ཐོན་རྫས་དང་འཁྲབ་སྟོན་སོགས་གཙོ་གནད་ལས་འགན་ཁག16གཏོད་རྒྱུ་ཡིན་པ་བཏོན།

  • ཧྲང་ཧའེ་ཡིས་སྤྱི་གསོག་མ་དངུལ་གྱི་གཏན་འབེབས་གསར་པ་བཏོན་ནས་སྟབས་བསྟུན་ལས་ཞུགས་མི་སྣས་ཁང་པ་ཉོ་བ་དང་། ཁང་གླ་གཏོང་བ། སྡོད་ཁང་གི་དངུལ་བུན་འཇལ་བ་སོགས་ཀྱི་གནས་ཚུལ་ཕུད། མི་སྒེར་གྱི་འཚོ་བའི་དགོས་མཁོར་གཞིགས་ནས་སྟབས་བསྟུན་ལས་ཞུགས་རིང་བཅོལ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་པ་ཁ་གསལ་བཟོས།

དེ་རིང་གི་གནམ་གཤིས།

7.jpg

  • ཧུའུ་ནན་གྱི་དབུས་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ནང་སོག་གི་ས་ཁུལ་མང་ཆེ་བ་དང་། ཞིན་ཅང་གི་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་། ཧོང་ཧོའེ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4ནས་6བར་གྱི་རླུང་གཡུག་རྒྱུ་རེད།