གསར་འགྱུར་གལ་ཆེན།
发布时间:2025年05月08日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
图片

ས་གནས་དེ་གའི་ཟླ5པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་འཕུར་གནམ་གྲུར་བསྡད་ནས་མོ་སི་ཁོར་འབྱོར་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུ་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་སུའུ་ལེན་མཉམ་འབྲེལ་ལྷན་ཚོགས་ཀྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས།

ཟླ5པའི་ཚེས7ཉིན། མོ་སི་ཁོར་ཕེབས་ནས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》སྟེང《ལོ་རྒྱུས་མེ་ལོང་དུ་བྱས་ནས་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་བཀོད།

ཀྲུང་གོ་མི་དམངས་དངུལ་ཁང་གིས་སྲིད་ཇུས་དང་བྱེད་ཐབས་ཁག་བཅུ་བཏོན་ནས་ལྷོད་ཤ་ཅན་གྱི་དངུལ་ལོར་སྲིད་ཇུས་སྔར་བས་ལག་བསྟར་ཡག་པོ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་དེ་རིང་སྔ་དྲོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་གདབ་རྒྱུ་རེད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32817ཡོད་པ་དང་། ཟླ17ལ་བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི3.2ཡན་རྒྱུན་འཁྱོངས་བྱས་ཡོད།

ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི5.4ཟིན་པ་དེ་དུས་མཚུངས་ལས4.8%འཕར་ཡོད།

ཞིང་ལས་དང་གྲོང་གསེབ་པུ་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། གོ་རིམ་གསལ་པོ་དང་ལས་བགོས་མཉམ་སྒྲུབ། འགྲན་རྩོད་འོས་འཚམ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་བཙུགས་ནས་ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་མངོན་འགྱུར་བྱེད་དགོས་ཞེས་བཏོན།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་ཐད་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། ད་ཐེངས་ཀྱི་གྲོས་མོལ་ནི་ཨ་རི་ཕྱོགས་ཀྱི་རེ་ཞུ་ལྟར་འཚོགས་པ་ཞིག་ཡིན་པས་ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྤྱོད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། ལངས་ཕྱོགས་དེར་འགྱུར་ལྡོག་གང་ཡང་བྱུང་མེད་ཅེས་བཤད།

སྤྱི་ཚོགས།

ཚེས7ནས་ཚེས10ཉིན་བར། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་ཧྭ་ནན་ཤར་རྒྱུད་ཀྱི་བྱང་རྒྱུད་སོགས་སུ་དྲག་ཆར་འབབ་རྒྱུ་རེད། དེའི་ཤུགས་རྐྱེན་དབང་གིས་ཧུའུ་ནན་ཏུང་ཐིང་མཚེའུ་ཡི་ཆུ་རྒྱུད་དང་ཅང་ཞིའི་ཕན་དབྱང་མཚེའུ་ཡི་ཆུ་རྒྱུད་སོགས་སུ་ཆུ་བྲུབ་རྒྱུ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྤྱི་བདེ་པུ། རྒྱལ་ཁབ་གྲངས་གཞི་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ཆེད་དོན་ཡིད་རྟོན་སྙན་ཞུས་ཁྲིམས་འགལ་སྒྲིག་འགལ་གྱི་ཐོ་འགོད་དཔང་ཡིག་ཡོད་མེད་ཚབ་བྱེད་པ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏང་རྒྱུ་རེད།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་བཞི་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས51.1%ཟིན་ཡོད། ཟོག་འགྲེམས་ལས་སྒོའི་དགོས་མཁོ་སྤྱིའི་ཆ་ནས་ཇེ་ཆེར་ཕྱིན་ཡོད་པ་དང་། ནུབ་རྒྱུད་ས་ཁུལ་མངོན་གསལ་དོད་པོས་འཕར་ཡོད།

ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུའམ་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀུའུ་ཀྲུང་ཝུན་གྱིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

图片

གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ལེ་ཀའོ་དགའ་ཚལ་ཏེ། ཧྲང་ཧའེ་ལེ་ཀའོ་དགའ་ཚལ་སྤྲོ་གསེང་ཁུལ་ད་ལོའི་ཟླ7པའི་ཚེས5ཉིན་ནས་སྒོ་ཕྱེས་ནས་མགྲོན་པོ་བསུས།

图片

ཉེ་ཆར། ཧུའུ་ནན་ཧྲའོ་དབྱང་ཞིན་ཉིང་རྫོང་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་འདབ་ཆགས་ཏེ་ཧོང་ཞུང་ཧན་ཤེས་རྟོགས་བྱུང་།

སྲིད་ཇུས།

ཐེན་ཅིན་གྱིས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྙོར་ཁང་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཞག་སྡོད་ལམ་ལུགས་དང་སློབ་མ600དང་དེའི་ཡན་གྱི་སློབ་གྲྭར་འཕྲོད་བསྟེན་ཁང་འཛུགས་དགོས་པ་དང་སློབ་གྲྭ་གཞན་དག་ལ་བདེ་སྲུང་ཁང་འཛུགས་དགོས་པ་ཁ་གསལ་བཟོས།

ཅི་ལིན་གྱིས་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་དང་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མས་སྟབས་བསྟུན་ལས་ཞུགས་བྱས་རྗེས། ལས་ཞུགས་ཐོ་འགོད་བྱས་པ་དང་འབྲེལ་མི་སྒེར་གྱི་མིང་ཐོག་ནས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་རིགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

ཧོ་ནན་གྱིས་ཡིག་ཆ་བཀྲམ་སྟེ། ལས་གནས་བརྟན་གཏོང་གི་ཆེད་དོན་དངུལ་བུན་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་ཁྲི5000བར་མཐོ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་ཚོང་དུད་ལ་ལས་གནས་བརྟན་གཏོང་གི་ཆེད་དོན་དངུལ་བུན་བཏང་ནས་དུད་ཚོང་རེར་ཡིད་རྟོན་དངུལ་བུན་མང་ཤོས་སྒོར་ཁྲི1000སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

图片

ཧོང་ཧོའེ་ཡི་ནུབ་རྒྱུད་དང་། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧན་གྱི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་རྒྱུད། ཁྲུང་ཆིང་གི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།