ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་སྲོལ་ཡིག》དཔར་འགྲེམ་བྱས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཟེར)དཔར་འགྲེམ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
བརྡ་ཐོ་ལས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས《སྲོལ་ཡིག》ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དྲིལ་སྒྲོག་དང་གསལ་འགྲེལ་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་གྱི་ཆབ་སྲིད་དང་འགན་འཁྲི་སྔར་བས་དམ་འཛིན་དང་གཟབ་ནན་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་ཀྱི“གནད་འགག”འདི་དམ་པོར་དམ་འཛིན་བྱེད་པ་དང། སྤྱི་ཡོངས་ཀྱི་འདུ་ཤེས་ལ་ཤུགས་སྣོན་དང་། གཟབ་ནན་གྱི་དགོངས་གཞི་ལ་རྒྱུན་སྲུང་བྱས་ནས། དཀའ་ངལ་ལ་གདོང་གཏོད་དེ། རྒྱུན་མཐུད་སྒོས་གནད་དོན་གསར་རྙེད་དང་གནད་དོན་ཐག་གཅོད་ནན་ཏན་བྱས་ཏེ། ཏང་གིས་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ལག་བསྟར་བྱེད་ཤུགས་མཐོར་འདེགས་སུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་དང་བསམ་འཆར་གལ་ཆེན་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད། །