ཉེ་བའི་ལོ་འགའི་རིང་ལ། པདྨ་རྫོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་དུ་འབྲེལ་ཞིང་། སྲིད་འཛིན་ཁྲིམས་བསྟར་གྱི་གནད་འགག་ལ་དམིགས་ཏེ། “ཤུགས་སྣོན་པ་ལྔ”ཡི་བྱ་བའི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། དབང་ཆ་དང་འགན་འཁྲི་གཅིག་གྱུར་དང་དབང་གྲགས་ལྡན་ཞིང་ལས་ཆོད་ཆེ་བའི་སྲིད་འཛིན་མ་ལག་བཟོས་ནས། རྫོང་ཁོངས་དེང་རབས་ཅན་དུ་བཅོས་སྐྱོང་བྱེད་པར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།
འདུ་ཤེས་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཚད་ལྡན་གྱིས་ཁྲིམས་ལག་བསྟར་བྱེད་པར“བསམ་པའི་རྨང་གཞི”བརྟན་པོ་བསྐྲུན་པ། 《པདྨ་རྫོང་གི་མགོ་ཁྲིད་དང་ལས་བྱེད་པས་ཏང་ནང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཤེས་དགོས་པའི་ཞིབ་ཐོ》ཞེས་པ་གཏན་འབེབས་བྱས་ཏེ། ཁྲིམས་བསྟར་ལས་ཁུངས་སོ་སོས་ལས་རིགས་ཁྱབ་ཁོངས་སུ་ཁྲིམས་སློབ་པའི་ཞིབ་ཐོ་གསལ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་བྱེད་རྒྱུའི་ནང་དོན་དུ་བཞག་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། དམངས་འཚོ་འགན་སྲུང་སོགས་ཁྲིམས་བསྟར་ལས་རིགས་ཀྱི་ཁྱབ་ཁོངས་ལྟར། ཁྲིམས་བསྟར་ལས་ཁུངས་སོ་སོས་ལས་རིགས་ཁྱབ་ཁོངས་སུ་ཁྲིམས་སློབ་པའི་ཞིབ་ཐོ་གསལ་པོ་བྱས་ནས། ཁྲིམས་བསྟར་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཤེས་བྱའི་སློབ་སྦྱོང་ཡོངས་སུ་ཁྱབ་པར་བྱས། མགོ་ཁྲིད་ལས་བྱེད་པའི“གནད་འགག་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མགོ་ཁྲིད་ནས་མགོ་བརྩམས་ཏེ་ཁྲིམས་སློབ་པ་དང་ཁྲིམས་ཤེས་པ། ཁྲིམས་རྟོགས་པ། ཁྲིམས་བཀོལ་བ་བཅས་ཀྱི་དཔེ་སྟོན་ལེགས་པོ་ཆགས་སུ་བཅུག་སྟེ། མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སྤུས་ཚད་དང་ཁྲིམས་ལྟར་ཇུས་གཞི་ཐག་གཅོད་པའི་ནུས་པ་དངོས་གནས་མཐོར་འདེགས་བཏང་།
ཁྲིམས་བསྟར་བརྒྱུད་རིམ་ལ་ཤུགས་བསྣན་ཏེ། ཚད་ལྡན་གྱིས་ཁྲིམས་ལག་བསྟར་བྱེད་པར“ཚད་ལྡན་མ་ལག”བཙུགས་པ། ཁྲིམས་བསྟར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་ཆེད་ལས་ཅན་གྱི་ཁྲིམས་བསྟར་རུ་ཆེན་བཙུགས་པ་དང་། “ཕྱོགས་བསྡུས་ཁྲིམས་བསྟར+ཁྱབ་ཁོངས་ཁྲིམས་བསྟར”གྱི་ཚད་གཞི་བཙུགས་ཏེ། ཁྲིམས་བསྟར་སྟོབས་ཤུགས་དེ་གཙོ་གནད་ཁྱབ་ཁོངས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་སྟེ། མཐུན་སྦྱོར་དང་ལས་ཕྱོད་མཐོ་བའི་ཁྲིམས་བསྟར་རྣམ་པ་གྲུབ་པར་བྱས། “ལམ་ལུགས་སྣ་གསུམ”སྐུལ་སྤེལ་དང་། “དྲ་ལམ+ཡུལ་དངོས”ཀྱི་སྲིད་འཛིན་ཁྲིམས་བསྟར་ཡོངས་བསྒྲགས་མ་ལག་འཐུས་ཚང་དུ་བཏང་སྟེ། སྲིད་དོན་ཞབས་ཞུ་དྲ་བ་དང་སྨྱན་བྱད་གསར་པའི་སྟེགས་བུ་དང་སྲིད་དོན་ཡོངས་བསྒྲགས་ངོས་སོགས་བརྒྱུད་ནས། དུས་ལྟར་ཁྲིམས་བསྟར་ཆ་འཕྲིན་ཡོངས་བསྒྲགས་བྱས།
ལམ་ལུགས་འགན་སྲུང་ལ་ཤུགས་བསྣན་ནས། ཚད་ལྡན་གྱིས་ཁྲིམས་ལག་བསྟར་བྱེད་པའི“ལྟ་སྐུལ་དོ་དམ་སྒྲིག་སྲོལ”འཐུས་ཚང་དུ་བཏང་བ། 《པདྨ་རྫོང་གི〈སྲིད་འཛིན་ཁྲིམས་བསྟར་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་ངོ་གསུམ་གྱི་འཆར་འགོད(2023-2025ལོ།)〉ལག་བསྟར་ཇུས་གཞི》དང《ཁེ་ལས་ཀྱི་སྲིད་འཛིན་ཞིབ་བཤེར་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ཞེས་པ་གཏན་འབེབས་བྱས་ཏེ། ཁྲིམས་བསྟར་འགན་འཁྲི་དང་བརྒྱུད་རིམ་ཞིབ་ཕྲ་རུ་བཏང་སྟེ། “འགན་དབང་གསལ་པོ་དང་ལྟ་སྐུལ་ལ་ཤུགས་ཡོད་པ”ཡི་ཁྲིམས་བསྟར་འགན་འཁྲིའི་ལམ་ལུགས་བཙུགས།“སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ+ཁྲིམས་སྐྱོང་ལྟ་ཞིབ་དང་སྲིད་འཛིན་ཞིབ་དཔྱོད+སྲིད་འཛིན་ལྟ་ཞིབ+ཁྲིམས་འཛིན་ལྟ་ཞིབ+སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་དོ་དམ”གྱི་མཐུན་སྦྱོར་ལྟ་སྐུལ་སྒྲིག་སྲོལ་བཙུགས་ཏེ། 2024ལོར་རྫོང་སྒྲིག་ཨུ་དང་རྫོང་ཞིབ་དཔྱོད་ཁང་གཉིས་མཉམ་འབྲེལ་བྱས་ཏེ་གཙོ་གནད་ཀྱི་ཁྲིམས་བསྟར་ལས་ཁུངས10ལ་ཁྲིམས་སྐྱོང་ལྟ་ཞིབ་བྱས་ཤིང་། གནད་དོན10བཏོན་པ་དང་། ཞིབ་དཔྱོད་བྱེད་དགོས་པའི་གྲོས་གཞི4བཏོན། དག་ཐེར་བྱས་ཚད91%ལ་སླེབས།
ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཚད་ལྡན་གྱིས་ཁྲིམས་ལག་བསྟར་བྱེད་པའི“ཆེད་ལས་ཀྱི་དཔུང་སྡེ”བཙུགས་པ། “དྲ་ལམ+ཡུལ་དངོས”རྣམ་པ་སྤྱད་དེ་ཁྲིམས་བསྟར་གསོ་སྦྱོང་སྤེལ་ཞིང་། 2024ལོར་ཁྲིམས་བསྟར་མི་སྣ126རྩ་འཛུགས་བྱས་ཏེ་དྲ་ལམ་གྱི་བཅའ་ཁྲིམས་ཤེས་བྱའི་གསོ་སྦྱོང་བསྒྲུབས། 2025ལོར་བཅའ་ཁྲིམས་བློ་འདོན་པ་གདན་འདྲེན་བྱས་ཏེ་ཆེད་དོན་འཆད་ཁྲིད་བྱས། བཅའ་ཁྲིམས་སྒྲིག་ཁྲིམས་ཀྱི་ཤེས་བྱའི་སྐོར་གྱི་ཚོད་རྒྱུགས་ཐེངས་གཉིས་ལ་བླངས་ཏེ། ཁྲིམས་བསྟར་རུ་དཔུང་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་། སྲིད་འཛིན་ཁྲིམས་བསྟར་མི་སྣའི་ལས་ཐོབ་ཞིབ་དཔྱད་དང་རྒྱུགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཏང་བ་དང་། 2025ལོར་མི30རྩ་འཛུགས་བྱས་ཏེ་ཁྲིམས་བསྟར་ལས་ཐོབ་རྒྱུགས་གཞིར་ཞུགས་ཤིང་། ཁྲིམས་འཛིན་དཔང་ཡིག་ལ་དུས་ལྟར་ཞིབ་བཤེར་བྱས་པ་དང་། ཚད་ལྡན་མིན་པའི་དཔང་ཡིག30མེད་པར་བཟོས་ནས། ཁྲིམས་འཛིན་མི་སྣས“དཔང་ཡིག་བཟུང་ནས་ལས་ཀར་ཞུགས་པ་དང་ཁྲིམས་བསྟར་འགན་འཁྲི་བསྒྲུབ་པ”ལ་འགན་སྲུང་བྱས།
ལྟ་སྐུལ་དོ་དམ་ནུས་པར་ཤུགས་བསྣན་ནས། ཚད་ལྡན་གྱིས་ཁྲིམས་ལག་བསྟར་བྱེད་པའི“ཡུན་རིང་འགན་སྲུང”སྲ་བརྟན་དུ་བཏང་བ། སྲིད་འཛིན་ཁྲིམས་བསྟར་གྱི་ནང་ཁུལ་ལྟ་སྐུལ་སྒྲིག་སྲོལ་བཙུགས་པ་དང་། ཁྲིམས་ལུགས་ཞིབ་བཤེར་བྱེད་པའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་བསྟར་ཐག་གཅོད་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལ་ཤུགས་བསྣན། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བ22བསྡུས་ཏེ། ཁྲིམས་བསྟར་ཞིབ་བཤེར་དང་གྱོད་དོན་དཔྱད་ཞིབ། སྲིད་འཛིན་བསྐྱར་གྲོས་སོགས་ཀྱི་ཐབས་ལམ་སྤྱད་དེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དུས་ལྟར་དག་ཐེར་བྱས་པ་དང་། 2025ལོར་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན3ཕྱིར་འཐེན་བྱས། སྲིད་འཛིན་ཁྲིམས་བསྟར་འགན་འཁྲིའི་བདའ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁྲིམས་བསྟར་ནོར་འཁྲུལ་བྱུང་བའི་ཚད་གཞི་དང་བརྒྱུད་རིམ་གསལ་པོ་བྱས་ཤིང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ“བཟོད་བསྲན་ཡེ་ནས་མེད་པར”བྱས་ཏེ། ཁྲིམས་འཛིན་མི་སྣའི་འགན་འཁྲིའི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་། །