མཚོ་སྔོན་ཞིང་ཆེན་དྲ་འཕྲིན་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་བཙུགས།
发布时间:2025年05月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དྲ་འཕྲིན་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཡུས་ཆང་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་ཐུན་མོང་ཐོག་རྟེན་གཞིའི་སྒོ་བྱང་བཀལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝན་བཀྲ་ཤིས་དོན་གྲུབ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

图片
图片

ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་སྔོན་ཞིང་ཆེན་དྲ་འཕྲིན་ལས་བྱེད་པའི་གསར་བརྗེའི་སློབ་གསོ་རྟེན་གཞིའི་སྒོ་བྱང་དངོས་སུ་བཀལ་བ་དེ་ནི་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་ལ། དྲ་རྒྱའི་ཆ་འཕྲིན་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་ལས་བྱེད་པ་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་སར་བསྐྱོད་དེ་གསར་བརྗེའི་ལོ་རྒྱུས་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་དྲ་འཕྲིན་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལམ་བུའི་ཁྲོད་ཐོག་མའི་ཕུགས་འདུན་སྔར་ལས་ལེགས་པར་བརྟན་སྲུང་དང་ལས་འགན་ཕྲག་ཏུ་འཁུར་བའི་རེ་བ་ཡོད། མཚོ་བྱང་ཁུལ་གྱིས་གསར་བརྗེའི་ཉམས་ཞིབ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས། སློབ་གསོའི་རྣམ་པ་གསར་གཏོད་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་ཞབས་ཞུའི་འགན་སྲུང་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུ་ཡིན། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་སྔར་རྒྱུན་ལྟར་མཚོ་བྱང་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་དྲ་འཕྲིན་ལག་རྩལ་མ་ལག་འཛུགས་སྐྱོང་དང་གསར་བརྗེའི་རིག་གནས་དྲ་རྒྱ་བརྒྱུད་སྤེལ། ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ཁྱབ་གདལ་སོགས་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་སྔར་ལས་མང་བོ་བྱས་ཏེ་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་བྱ་ཡུལ་དང་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་རྒྱུར་རོགས་རམ་བྱས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དྲ་རྒྱའི་བར་སྟོང་དུ་དུས་རབས་ཀྱི་འོད་ཟེར་འཕྲོ་རུ་འཇུག་རྒྱུའི་རེ་བ་ཡོད་ཟེར། 

图片

ལི་ཡུས་ཆང་གིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། དྲ་འཕྲིན་སྡེ་ཁག་ནི་ཆབ་སྲིད་ལས་ཁུངས་ཤིག་ཡིན་པའི་ངོས་ནས་ངེས་པར་དུ་ཆབ་སྲིད་གཙོ་བོར་འཇོག་དགོས། མཚོ་སྔོན་ཞིང་ཆེན་གྱི་དྲ་འཕྲིན་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་ནི་མཚོ་བྱང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་པ་དང་ཆེད་དོན་གསོ་སྦྱོང་བྱེད་པ། གསར་བརྗེའི་ཉམས་ཞིབ། ཏང་གི་བརྗོད་དོན་ཉིན་མོ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ཕུགས་བསམ་དང་དད་སེམས་སློབ་གསོའི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། ལག་ལེན་ཡག་པོ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་དག་གཙང་། འགན་འཁུར་བའི་དྲ་འཕྲིན་དམག་མི་ཞིག་ཧུར་ཐག་སྒོས་བྱས་ནས་ཏང་དང་མི་དམངས་ཀྱི་དྲ་རྒྱའི་གཡུལ་ས་བརྟན་པོར་སྲུང་དགོས་ཟེར།

图片

ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་སྒོ་བྱང་སྒོ་འགེལ་བའི་མཛད་སྒོར་ཞུགས


青海省网信干部红色教育基地在青海原子城纪念馆挂牌成立

5月23日下午,青海省网信干部红色教育基地揭牌仪式在青海原子城纪念馆举行。省委宣传部副部长、省委网信办主任李玉强,州委书记夏吾杰分别致辞并共同为基地揭牌。州委常委、秘书长曹际强主持仪式,州人大常委会主任万扎西东主、州政府副州长马如祥、州政协主席常林出席揭牌仪式。

夏吾杰在致辞中指出,青海省网信干部红色教育基地的正式挂牌,是省委网信办贯彻落实习近平总书记关于网络强国的重要思想的具体举措,也是加强网信干部思想政治建设的有力抓手。衷心期望全省网信干部走进中华民族挺起脊梁的地方,从红色革命历史中汲取精神力量,在推进网信事业高质量发展征程中更好地坚守初心、勇担使命。海北州将充分发挥红色研学资源优势,丰富教育内容,创新教育形式,全力做好全省网信干部红色教育各项服务保障工作。希望省委网信办一如既往地关心海北发展,在网信技术体系建设、红色文化网络传播、旅游资源宣传推广等方面给予更多指导和支持,助力海北打造国际生态旅游目的地和精神高地,让“两弹一星”精神在网络空间绽放时代光芒。

李玉强在致辞中指出,网信部门作为政治机关,必须把讲政治摆在首位,举行青海省网信干部红色教育基地揭牌仪式,就是要依托海北丰厚的红色教育资源,持续加强双方合作,通过专题培训、红色研学、主题党日等多种形式,不断加强全省网信干部思想政治建设和理想信念教育,学习好、传承好、践行好“两弹一星”精神,努力打造一支忠诚、干净、担当的网信铁军,为党和人民守牢网络阵地。

省委网信办相关处室负责同志,州委各部门、州直各机关单位、各群众团体主要负责同志参加揭牌仪式。