གསར་འགྱུར་གལ་ཆེན།
发布时间:2025年06月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

1.jpg

བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་པ་པའོ་རི་བོ་གསར་བརྗེའི་སྤྱི་པའི་བང་སོར་སོང་སྟེ་ཞལ་གྱེས་བྱས།

གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་ལྔ་པར་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱིས་རྒྱལ་ཡོངས་ཀྱི་ཁེ་ལས་ཕྱིར་ཚོང་སྡུར་ཚད་ཀྱི30.1%བཟུང་ཡོད་ཅིང་། དཔལ་འབྱོར་འཕར་བར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།

མིག་སྔའི་བར་རྒྱལ་ཡོངས་ཀྱི་སྡེ་ཁུལ་ཧྲིལ་པོའི་ཚོད་ལྟའི་ས་ཚིགས་སུ་རྒན་གསོ་དང་། བུ་བཅོལ། སྟབས་བདེའི་ཚོང་ཁང་སོགས་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས2000ལྷག་ཙམ་བསྐྲུན་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་རླངས་འཁོར་འཇོག་ས་ཁྲི2.47ཁ་སྣོན་བྱས།

བཟོ་འཕྲིན་པུས་རླངས་འཁོར་ཁེ་ལས་ཀྱིས“གཏོང་སྤྲོད་རྩིས་ཐོའི་དུས་ཚོད་ཉིན60ལས་མི་བརྒལ་བའི”ཁས་ལེན་ལག་ལེན་ཏན་ཏིག་བསྟར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། ཁྲག་རྒྱུན་དོ་དམ་གྱི་ཁྲིམས་ལུགས་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རིན་མེད་ཁྲག་འབུལ་གྱི་སྤུས་ཚད་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་མི་འབོར་སྟོང་གི་ཁྲག་འབུལ་ཚད11.4ལ་སླེབས་ཡོད་ཅེས་བཤད།

རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྤྱི་བསྒྲགས་སྤེལ་དོན། 2025ལོའི་ཟླ6པའི་ཚེས12ཉིན་ནས་བཟུང་ཧིན་རྡུ་ཉི་ཞི་ཡའི་སྤྱི་དམངས་ཀྱིས་ཆུ་ཚོད240ཡི་ནང་ས་མཚམས་སྒྲོལ་ན་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱད་དེ་ཀྲུང་གོར་ཡོང་ཆོག་པ་དང་། ཆུ་ཚོད240ཡི་ནང་ས་མཚམས་སྒྲོལ་ན་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ཀྱི་རྒྱལ་ཁབ55བར་མང་དུ་བཏང་ཡོད།

ཁྲོམ་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཞི་ཐུའུ་ཡི་ཐོན་ཁུངས་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད། དེའི་ཐད་དུ་ཀྲུང་གོའི་ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་བཤད་ལག་ལེན་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱིན་ཡོད། ཐུན་མོང་གི་ངོས་འཛིན་བྱུང་ཚེ་ཕྱོགས་གཉིས་པོས་བརྩི་སྲུང་ཞུ་དགོས་པ་དང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཁ་པར་ལམ་ནས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཚེས12ཉིན། རྒྱ་གར་གྱི་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད་སྲོག་ཉེན་ལས་ཐར་བའི་མི་གཅིག་རྙེད་ཡོད་ཅེས་བཤད། དེ་སྔོན་རྒྱ་གར་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་གི་མི242ཚང་མ་རྐྱེན་ལམ་དུ་ཤོར་ཡོད།

སྤྱི་ཚོགས།

图片

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་དང་པོ་སྟེ། “ཕྱེ་མ་ལེབ”ཚེས13ཉིན་གྱི་ཐོ་རེངས་ནས་སྔ་དྲོའི་བར་ཧའེ་ནན་ལིང་ཧྲུའེ་ནས་ལེ་ཏུང་རྒྱུད་ཀྱི་མཚོ་རྒྱུད་ནས་སྐམ་སར་སླེབས་རྒྱུ་རེད།

ཚེས16ཉིན་ནས་བཟུང་། དྲོད་ཚད་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་དབང་གིས་སི་ཁྲོན་གཤོང་ས་དང་། ཧྲའན་ཞི། ཧོ་ནན་སོགས་ཀྱི་ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས40°Cལས་བརྒལ་རྒྱུ་དང་། སི་ཁྲོན་གཤོང་སའི་དྲོད་ཚད་ཟིན་ཐོ་ལས་བརྒལ་སྲིད།

མིག་སྔར། ས་གནས་མང་པོས་མཐོ་རྒྱུགས་སྐར་གྲངས་ཞིབ་བཤེར་དང་རེ་འདུན་བསྐང་བའི་དུས་ཚོད་ཁྱབ་བསྒྲགས་བྱས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཁོངས་མི་དང་། རྒྱལ་ཁབ་ལྕགས་ལམ་ཅུའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ཧྥེ་ཏུང་པིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2024ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭའི་མིང་ཐོ་ཁྱབ་བསྒྲགས་བྱས། ཁྱོན་སློབ་གྲྭ5889ཡོད།

ཚེས12ཉིན། རྒྱལ་ནང་གི་ཚོང་དོན་ཡིད་རྟོན་ཐུན་མོང་འགན་བཅོལ་སྒྲིག་གཞི་དངོས་སུ་བཙུགས། དུས་ཐེངས་དང་པོར་འགན་བཅོལ་འགན་ལེན་སྒོར་དུང་ཕྱུར100མཁོ་འདོན་བྱས་ཤིང་། ཁེ་ལས་ཀྱིས་ནང་མཁོའི་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་རེད།

图片

ཚེས11ཉིན། ཤུགས་མདའ་ཨང་གཉིས་པའི་གཤེར་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་པ་དང་པོའི་སྒུལ་ཤུགས་མ་ལག་ཚོད་ལྟ་བྱེད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་།

ཚེས12ཉིན། 2025ལོའི་ཨེ་ཤེ་ཡའི་ལུས་སྦྱོང་གཟེངས་རྟགས་འགྲན་སྡུར་གྱི་བུད་མེད་ཚོགས་པའི་རྟིང་རྩོད་ནང་ཆིན་ཞིན་དབྱི་དང་། ཀྲང་ཞིན་དབྱི། ཀྲང་དབྱི་ཧན། ཀྲང་ཁོ་ཞིན། ཀྲོའུ་ཡ་ཆིན་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས།

图片

ཚེས12ཉིན། 2025ལོའི་འཛམ་གླིང་སྐྱེས་པའི་ཕའེ་ཆིའུ་མཉམ་འབྲེལ་འགྲན་སྡུར་ནང་ཀྲུང་གོའི་སྐྱེས་པའི་ཕའེ་ཆིའུ་ཡིས3:0ཡི་སྐར་གྲངས་ཀྱིས་སེར་ཝུའེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། སྐབས་འདིའི་འཛམ་གླིང་མཉམ་འབྲེལ་འགྲན་སྡུར་གྱི་ཨང་དང་པོ་བླངས།

སྲིད་ཇུས།

ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་ཕྱི་དངུལ་ཅུ་ཡིས་ཉེ་ཆར་སྲིད་ཇུས་དང་བྱེད་ཐབས་ཁག12བཏོན་ཏེ། ཧྥུ་ཅན་གྱིས་མཚོ་འགག་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ངོགས་གཉིས་ཀྱི་དངུལ་རྩའི་ཁྱབ་ཁོངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།

ཁྲུང་ཆིང་གིས་ལོ60དང་དེའི་ཡན་གྱི་རྒྱུན་སྡོད་རྒན་པས་ཁྲུང་ཆིང་གྲོང་ཁྱེར་གྱི་རྒན་འཚམ་སྒྱུར་བཀོད་གསར་སྒྱུར་ཁ་གསབ་ཐོན་རྫས་ཁྱབ་ཁོངས་ཀྱི་དཀར་ཆག་ནང་གི་ཐོན་རྫས་ཉོས་ཚེ། ཐོན་རྫས་རིན་གོང་གི20%གཞིར་བཟུང་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པ་དང་། མི་རེའི་ཁ་གསབ་སྡོམ་འབོར་སྒོར3000ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན།

ཐེན་ཅིན་གྱིས་ཡིག་ཆ་བཀྲམ་སྟེ། ཐེན་ཅིན་གྲོང་ཁྱེར་གྱི་དངོས་སྦྱོང་སློབ་མ་དང་ལོ་ཚད་ལས་བརྒལ་བའི་ལས་ཞུགས་མི་སྣ་ལས་རྨས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་ལས་རྨས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ་དང་། མི་སྤྱོད་ཚན་པའི་ལས་མི་སྤྱོད་པའི་ཉེན་ཁ་ཇེ་ཉུང་དུ་བཏང་།

དེ་རིང་གི་གནམ་གཤིས།

图片

ཧྥུ་ཅན་གྱི་ཤར་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།