མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐོར་ཞིབ་ལྟ་ཞིབ་རྩིས་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།
发布时间:2025年06月16日 消息来源:

རྩོམ་སྒྲིག ཚེ་བརྟན་བཀྲ་ཤིས། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ6པའི་ཚེས13ཉིན། མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐོར་ཞིབ་ལྟ་ཞིབ་རྩིས་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་བསམ་འཆར་དང་རིགས་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ། རྩིས་བཤེར་ཚུར་ལན་གནད་དོན་དག་ཐེར། དེ་བཞིན་གྲོང་གསེབ་དར་སྤེལ་དང"མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གསུམ"གྱི་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་གསན་ཞིང་། དུས་རིམ་རྗེས་མའི་དག་ཐེར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།

图片

ཤ་བོ་སྐྱབས་ཀྱིས་བསྟན་དོན། སྐོར་ཞིབ་ལྟ་ཞིབ་རྩིས་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ནན་མོ་ཞིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། བྱ་བར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དེ་ལས་ཀྱང་ཡིན་པས། མིག་སྔའི་དག་ཐེར་བྱ་བའི་ཁྲོད་གནས་པའི་བསམ་བློའི་ངོས་འཛིན་གཏིང་ཟབ་མེད་པ་དང་དག་ཐེར་བྱེད་ཐབས་དོན་འཁྱོལ་གནད་ལ་འཁེལ་མེད་པ། བྱ་བའི་འཕེལ་རིམ་དེ་འདྲའི་དོ་མཉམ་མིན་པ་སོགས་ཀྱི་གནད་དོན་ལ་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་གཏོང་བ་དང་དག་ཐེར་གྱི་འགན་འཁྲི་དངོས་གནས་དམ་འཛིན་བྱས་ཏེ། ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ཚུར་ལན་གནད་དོན་སྣ་ཚོགས་དག་ཐེར་ལེགས་པོ་བྱས་ནས། ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

图片

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་དག་ཐེར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དོན་དངོས་དང་། བེད་མེད་དུ་ལུས་པའི་རྒྱུ་ནོར་གསོན་སྒྱུར་བེད་སྤྱོད་བྱེད་པ། ལས་གཞི་གལ་ཆེན་གསོག་འཇོག་བྱེད་པ། བཟོ་སྐྲུན་ལས་གཞི་རྩིས་བཤེར་དང་དཔྱད་ཡིག་ཡིག་ཚགས་ནང་འཇུག་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས"ཡོངས་སུ་ཁེབས་པ་དང་ཆད་ལུས་མེད་པའི"བླང་བྱ་ལྟར་གནད་དོན་དག་ཐེར་གྱི་དམིགས་འབེན་དང་དུས་ཚད། འགག་རྩའི་འགག་སྒོ་བཅས་ལ་རྩེ་གཅིག་ཏུ་དམིགས་ནས་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་བཀོད་འདོམས་ལ་ཤུགས་བསྣན་ནས་ཇུས་ཤུགས་མཉམ་འདོན་གྱིས་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་དང་བྱ་བར་སྐུལ་འདེད་གཏོང་དགོས། དུས་བཀག་ནང་དག་ཐེར་བྱེད་དགོས།<<དག་ཐེར་ཇུས་གཞི>>སོ་སོར་དཔེ་བསྡུར་གཞི་བསྡུར་བྱས་ནས་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་མོར་གཞིགས་ནས་ལས་ཡུན་ལྡོག་སྒྲིག་དང་རྒྱུན་རྣམ་ཅན་གྱི་དག་ཐེར་འཕེལ་རིམ་གྱི་གནས་ཚུལ་ལ་རྗེས་འདེད་གཏོང་བ། དག་ཐེར་བརྒྱུད་རིམ་ནང་ཐོན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཡུལ་དངོས་ནས་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་དགོས་རིགས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་ཆེད་དོན་བྱ་སྤྱོད་སྤེལ་དགོས་རིགས་འཕྲལ་དུ་ལག་བསྟར་བྱས་ནས་ཐབས་བརྒྱ་ཇུས་སྟོང་དང་ཐབས་མང་མཉམ་སྤྱོད་ཀྱིས་དག་ཐེར་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཕུགས་ཕན་དག་ཐེར་བྱེད་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། དོན་དག་གི་རང་སྟེང་ལ་དམིགས་ནས་དོན་དག་གླེང་སྟེ་དོན་དག་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རིགས་མཐུན་ཀུན་འཕྲོད་བྱས་ནས། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ཐུན་མོང་རང་བཞིན་གྱི་གནད་དོན་ཤེས་རྟོགས་དང་། ཡུན་རིང"གནས་པའི"ལམ་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་རྙིང་བ་དང་གནད་དོན་གསར་བ། དངོས་ཡོད་གནད་དོན་དང་ལོ་རྒྱུས་ཀྱི་གནད་དོན་མཉམ་དུ་ཐག་གཅོད་ཡག་པོ་བྱེད་པར་ཤུགས་བསྣན་ཏེ་འབྱུང་རྩ་ནས་དེ་དང་འདྲ་བའི་གནད་དོན་ཡང་ཡང་ཐོན་རྒྱུ་སྔོན་འགོག་བྱེད་དགོས། འགན་འཁྲི་ནན་དུ་གཏོང་དགོས། ཁུལ་རིམ་པའི་མགོ་ཁྲིད་སོ་སོས་དཔེ་སྟོན་སྣེ་ཁྲིད་ཡག་པོ་བྱས་ཏེ"1+10"ཡི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་ཡུལ་དངོས་ནས་བརྟག་ཞིབ་དང་ཡུལ་དངོས་ནས་གཞུང་དོན་སྒྲུབ་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་བགོས་འགན་གཉེར་འབྲེལ་གཏུག་ཁྱབ་ཁོངས་ཀྱི་བཅོས་སྒྲིག་བྱ་བ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཨང་དང་པོ་ལག་བསྟར་ནན་ཏནབྱས་ཏེ་དུས་ཐོག་ཏུ་གནས་ཚུལ་ཁོང་དུ་ཆུད་པ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ནས། དག་ཐེར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས། དག་ཐར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་བསྣན་ནས་ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་ཚུལ་ནན་མོ་དང་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་དག་ཐེར་ལས་འགན་སོ་སོ་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

图片
图片

ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཀྲའོ་ཧའེ་ཕིང་། སངས་རྒྱས། ཀྲང་ཐའོ། ལའེ་མིན། ཧོ་པིན། སུའུ་བདུན་ཅུ། མ་རུའུ་ཞང་། ཧྭ་ཝུན་ཞུག ཧན་ཧྲི། ཝུའུ་ཧྲུའུ་རུང་། མཱ་ཝུན་ཆོན་དང་དེ་བཞིན་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་ཨུ་དང་མདོ་ལ་རྫོང་ཨུ། རྐང་ཚ་རྫོང་ཨུ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


海北州召开中央和省级层面巡视督察审计反馈问题整改推进会议 夏吾杰主持并讲话

613日,海北州召开中央和省级层面巡视督察审计反馈问题整改推进会议,听取省委巡视反馈意见、各类环保督察和审计反馈问题整改,以及乡村振兴和“三资”领域专项整治进展情况汇报,研究部署下一阶段整改工作,州委书记夏吾杰主持并讲话。

夏吾杰指出,抓好巡视督察审计反馈问题整改是一项严肃的政治任务,是贯彻落实习近平总书记考察青海重要讲话重要指示精神的具体行动,更是推动工作、促进发展的重要抓手。要清醒认识当前整改工作中存在的思想认识不够深刻、整改措施落实不够到位、工作进展不够平衡等问题,进一步提高思想认识,压实整改责任,以更大力度、更实举措解决好各类反馈问题整改,确保取得实实在在的成效。

夏吾杰强调,要全面整改。始终坚持问题导向,聚焦民生领域实事、闲置资产盘活利用、重大项目储备、工程项目审计及资料入档等重点任务,按照“全覆盖、无遗漏”要求,紧盯问题整改目标、整改时限和瓶颈卡口,进一步细化措施,加强调度,群策群力全面解决问题、推进工作。要限时整改。对标对表各项《整改方案》,严格按照时间节点,倒排工期,常态化跟踪整改进展情况,对整改过程中出现的新情况、新问题,及时研究解决,需要实地检查督办的立即行动,需要开展专项行动的马上实施,想方设法、多措并举加快整改工作进度。要长效整改。坚持标本兼治,既要就事论事一件一件抓落实,也要举一反三、触类旁通,以点带面发现共性问题,健全长久“立”的机制,着力把老问题和新问题、现实问题和历史问题一并解决好,从源头上防止类似问题反复发生。要压实责任。各州级领导要做好示范带头,严格落实“1+10”工作机制,通过实地调研、现场办公等方式督促做好分管联系领域整改工作。各地各部门主要负责同志要严格履行好第一责任人职责,及时掌握动态,研究解决问题,确保整改工作有序推进。要严肃整改纪律,加强日常督导检查,坚决杜绝形式主义、表面文章,确保以严的作风、铁的纪律护航各项整改任务全面完成。

州领导荣红智、赵海平、生杰、张涛、来明、何斌、苏东曲、马如祥、哈文秀、韩石、吴树荣、马文全,以及州委各部门、州直各机关单位主要负责同志,海晏县委、祁连县委、刚察县委负责同志参加会议。