ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་ལ་མངག་བཅོལ་བྱས་ཏེ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་གནང་བ།
发布时间:2025年07月07日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་ལ་མངག་བཅོལ་གནང་ནས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་བརྒྱུད་སྒྲོག་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རང་དགུང་ལོ92སྟེང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཤེས་རྗེས། ང་རང་ལ་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། ཁྱེད་ལ་ཏང་ལ་དགའ་བའི་ལྷག་བསམ་གཙང་མ་ཞིག་ཡོད་པས་སེམས་འགུལ་ཐེབས་པ་ཞིག་རེད། ཁྱེད་ཀྱིས་ཏང་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྔར་ལས་མང་པའི་རིག་རྩལ་ལས་དོན་པ་དག་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་མོ་དང་དར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་སྐུལ་ཁྲིད་བྱེད་རྒྱུའི་རེ་བ་ཡོད། 

ཡིའུ་པིན་ཁྲང་ནི1933ལོར་སྐྱེས་པ་དང་། དུས་ཡུན་རིང་པོར་ཟློས་གར་འཁྲབ་སྟོན་གྱི་ལས་ལ་གཞོལ་ཞིང་། 《ཅི་ཀུང》སོགས་བརྩམས་ཆོས་ཁྲོད་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་སྒྱུ་རྩལ་གྱི་སྣང་བརྙན་མང་པོ་བཞེངས་སྐྲུན་བྱས་པས། 2024ལོར་སྐབས32པའི་ཀྲུང་གོའི་བརྙན་འཕྲིན་གྱི་གསེར་གྱི་གླག་རྒོད་རྟགས་མའི་བྱ་དགའི་ཀྲུང་གོ་རིག་རྩལ་མཉམ་འབྲེལ་གྱི་མི་ཚེ་ཧྲིལ་བོའི་མཛད་རྗེས་བྱ་དགའ་ཐོབ་ཡོད། ཡིའུ་པིན་ཁྲང་སྒྱུ་རྩལ་ལས་དོན་ལ་གཞོལ་བའི་ལོ་ངོ70རིང་། སྔ་མོ་ནས་ཏང་ལ་ཞུགས་པའི་རེ་འདུན་ཡོད་མོད། འོན་ཀྱང་རང་ཉིད་ལ་ད་རུང་ཏང་ཡོན་གྱི་གོ་རྟོགས་མེད་པར་སེམས། 2024ལོའི་ལོ་མགོར་ཁོས་གཟབ་ནན་ངང་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་སྤྲད་ཅིང་། 2025ལོའི་ཟླ2པར་ཀྲུང་གུང་གྲ་སྒྲིག་ཏང་ཡོན་གྱི་ཆོག་མཆན་གནང་། “བདུན་གཅིག”སྔ་རོལ་ཏུ། ཁོ་རང་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་ཏང་ཨུས་འཚོགས་པའི་ཏང་ཞུགས་དམ་འཇོག་མཛད་སྒོར་ཞུགས། །