ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་སྲིད་འཛིན་ཨ་ཨར་སེ་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།
发布时间:2025年07月11日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ7པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་སྲིད་འཛིན་ཨ་ཨར་སེ་ལ་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ40རིང་ལ། ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཆེན་པོ་བརྒྱུད་རུང་། ཐོག་མཐའ་བར་གསུམ་དུ་འཕེལ་ཕྱོགས་བཟང་པོ་རྒྱུན་བསྐྱངས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཐད་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ལ། མི་དམངས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་ཕྱིན། ན་ནིང་གི་ཟླ11པར།  ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལིས་ཡུའེ་རི་ནེ་ལུའུ་རྩེ་ཚོགས་སྐབས་སུ་གྲུབ་འབྲས་ལྡན་པའི་མཇལ་འཛོམས་གནང་བ་དང་། ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན། ངས་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། སྐུ་ཞབས་སྲིད་འཛིན་དང་མཉམ་དུ་འབད་འཐབ་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་སྐྱོང་བྱེད་པ་དང་། ཀྲུང་གོ་དང་པོ་ལི་ཝེ་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྣེ་ཁྲིད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཨ་ཨར་སའེ་ཡིས་བསྟན་དོན། ལོ་ངོ40རིང་ལ། པོ་ལི་ཝེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་མཉམ་ལས་ཀྱི་རྨང་གཞིའི་སྟེང་ཕྱོགས་གཉིས་འབྲེལ་བ་བརྟན་པོ་བཙུགས་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོས་རྨང་གཞིའི་སྒྲིག་ཆས་དང་ལག་རྩལ། ནུས་ཁུངས། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་འདོན་སྤྲོད་བྱས་པའི་རྒྱབ་སྐྱོར་དང་རོགས་རམ་ལ་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ལ་ཏིན་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྔར་ལས་དྲང་གཞག་དང་འདྲ་མཉམ། དཀྱེལ་ཡངས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པ་བཅས་ཀྱི་ཕྱོགས་སུ་བཏོན་པའི་འགོ་ཁྲིད་ནུས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྤུན་ཟླའི་བརྩེ་བ་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་འདོད་ཡོད། །