《རི་སྔོ་ཆུ་དྭངས་ཀྱི་ཀྲུང་གོའི་རྒྱུགས་ལེན》ཏེ། མཛེས་པའི་ཀྲུང་གོའི་གསར་གཏོད་ལག་ལེན་འཚོལ་རྟོག་བྱེད་པ།
发布时间:2025年08月18日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ད་ལོ་ནི"རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན"པའི"རི་གཉིས"འདུ་ཤེས་བཏོན་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཟླ8པའི་ཚེས15ཉིན་ནས་བཟུང་། སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ(CCTV-1)སྟེང་ཆུ་ཚོད18དང་སྐར་མ20ཡི་སྐབས་སུ་ལེའུ20ཅན་གྱི་མུ་འབྲེལ་བརྙན་ཟློས་ཆེན་མོ་སྟེ《རི་སྔོ་ཆུ་དྭངས་ཀྱི་ཀྲུང་གོའི་རྒྱུགས་ལེན》གཏོང་རྒྱུ་རེད།

《རི་སྔོ་ཆུ་དྭངས་ཀྱི་ཀྲུང་གོའི་རྒྱུགས་ལེན》ཞེས་པས"རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི"འདུ་ཤེས་གཙོ་གནད་དུ་བྱས་ནས། ཀྲེ་ཅང་ཧུའུ་ཀྲོའུ་དང་། ནང་སོག་པ་ཡན་ནའོ་ཨེར། སི་ཁྲོན་ཁྲེང་ཏུའུ། ཅང་སུའུ་ཁྲང་ཀྲོའུ། ཁྲུང་ཆིན། ཀོང་ཏུང་ཧྥོ་ཧྲན། ཅང་ཞིའི་ཀན་ཀྲོའོ། ཞིན་ཅང་ཧོ་ཐེན། ཧོ་ནན་ཅི་ཡོན། ལིའོ་ཉིང་ཅིན་ཀྲོའུ། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ། ཅི་ལིན་སུང་ཡོན། ཧུའུ་པེ་ཧྲི་ཡན། ཀུའེ་ཀྲོའུ་ཐུང་རེན། ཐེན་ཅིན། ཧྲན་ཏུང་ཝེ་ཧའེ། ཀན་སུའུ་ཝུའུ་ཝེ། ཧྥུ་ཅེན་ཞ་མོན། ཧུའུ་ནན་ཞང་ཞི། ཡུན་ནན་ཀྲའོ་ཐུང་སོགས་འཐུས་ཚབ་རང་བཞིན་གྱི་གྲོང་ཁྱེར་དང་ས་ཁུལ20ལ་དམིགས་ཏེ། པར་ཤེལ་གྱི་ལམ་ནས་ལྗང་མདོག་གི་འགྲུལ་བཞུད་ཚད་འཇལ་བྱས་ཏེ། གྲོང་ཁྱེར་དང་ས་ཁུལ་དེ་དག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་སྐྱེ་ཁམས་དང་གསར་གཏོད་ལག་ལེན་སྔོག་འདོན་གཏིང་ཟབ་བྱས་པ་དང་། ལོ་ངོ20རིང་གི་རང་རྒྱལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་སོགས་ཁྱབ་ཁོངས་ཀྱི་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་བྱུང་བའི་སྐྱེ་ཁམས་འཕོ་འགྱུར་ཆེན་པོ་མངོན་པར་མཚོན་ཡོད།

ལེ་ཚན་དེ་དངོས་བྲིས་ཀྱི་གཟུགས་བརྙན་མཚོན་ཚུལ་སྤྱད་དེ། ལས་ཡུལ་དང་པོའི་གཏིང་ཟབ་སར་ཞུགས་ཏེ་ཐོག་མའི་དཔྱད་ཡིག་འབོར་ཆེན་བརྙན་དུ་བླངས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དང་མངོན་གསལ་དོད་པའི་གྲུབ་འབྲས་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་བཀོད་ཡོད།

ཀྲེ་ཅང་ཧུའུ་ཀྲོའུ་ནི"རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན"པའི་འདུ་ཤེས་ཀྱི་འབྱུང་ཡུལ་ཡིན་པ་དང་། སྐྱེ་ཁམས་དམངས་ཕྱུག་གི་ཕན་འབྲས་མངོན་གསལ་ཡིན། ནང་སོག་པ་ཡན་ནའོ་ཨེར་དུ་ཚན་རིག་དང་མཐུན་པའི་བྱེ་འགོག་བྱེ་བཅོས་དང་། ཧོ་ཐའོ་འདྲེན་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ།"ལྕགས་རི་རིང་པོའི་བྱང་རྒྱུད་ཀྱི་འབྲུ་མཛོད"བསྐྲུན་ཡོད། སི་ཁྲོན་ཁྲེང་ཏུའུ་རུ"འཕེལ་རྒྱས་འདུ་ཤེས་གསར་བའི་སྤྱི་གླིང་གྲོང་ཁྱེར་དཔེ་སྟོན་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན"བྱས། ཅང་སུའུ་ཁྲང་ཀྲོའུ་རུ་ཆུ་བཅོས་གྱིས་སྐྱེ་ཁམས་གྱི་རྨང་གཞི་གསར་དུ་བཟོས་པ་དང་། ལྗང་མདོག་ཚུལ་སྒྱུར་གྱིས་ཐུན་མོང་འབྱུར་ཕྱུག་གི་གསང་གྲངས་རྙེད། ཁྲུང་ཆིང་དུ་རི་ཆུ་གྲོང་ཁྱེར་ཀྱི་ཁྱད་ཆོས་མངོན་གསལ་ཡོད་པ་དང"གཙང་པོ་གཉིས་དང་ངོགས་བཞིའི"བཅོས་སྐྱོང་ཀྱིས་གྲོང་ཁྱེར་ཀྱི་སྐྱེ་ཁམས་སྤུས་ཚད་ཇེ་མཐོར་བཏང་། ཀོང་ཏུང་ཧྥོ་ཧྲན་དུ་བཟོ་ལས་ཀྱི་རིམ་སྤར་དེ་སྐྱེ་ཁམས་ཀྱི་ཕུལ་བྱུང་གྲོང་ཁྱེར་དུ་བསྐྱོད་པའི་ལེ་ཚན་གསར་པ་ཡིན། ཅང་ཞིའི་ཀན་ཀྲོའུ་རུ་ནགས་ཚལ་གྱི་ཁྱབ་པ་ལས་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་འགོག་རགས་སྲ་བརྟན་དུ་བཏང་། ཞིན་ཅང་ཧོ་ཐེན་དུ་བྱེ་འགོག་བྱེ་བཅོས་ལ་བརྟེན་ནས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་ལ་སྐུལ་འདེད་བཏང་། ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་བཏབ་པའི་རྒྱ་སེ་མེ་ཏོག་འགྲན་རྩོད་ངང་བཞད་ཡོད། ཧོ་ནན་ཅི་ཡོན་དུ་འཁོར་སྐྱོད་དཔལ་འབྱོར་གྱིས་བཟོ་ལས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཡུས་ཀུང་གི་ཕ་ཡུལ་གྱིས་རྨ་ཆུའི་བདེ་ཐང་སྲུང་སྐྱོབ་བྱས། ལིའོ་ཉིང་ཅིན་ཀྲོའུ་རུ་རི་བོ་བཅོས་སྐྱོང་དང་། ཆུ་བོ་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། གནས་སྡོད་ལ་འཚམ་པ་དང་། ལས་ཞུགས་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པའི་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བསྐྲུན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་རུ། མཚོ་སྔོན་པོའི་གསེར་ཉ་དག་མི་ཐབས་ཉ་བརྒལ་བགྲོད་ལམ་གྱི"སྲུང་སྐྱེལ"འོག སྤོར་སྐྱོད་ཡུལ་སྐོར་གྱི་ཉེན་ཁ་མེད་པར་བཟོས་བ་དང་། 150ཙམ་མ་གཏོགས་མེད་པ་ནས3400ལྷག་བར་ཇེ་མང་དུ་སོང་བའི་དགོ་བ་དག་དྭངས་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་བར་དུ་འཚོ་སྡོད་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དར་རྒྱས་ལ་སྐུལ་འདེད་བཏང་། ཅི་ལིན་སུང་ཡོན་དུ་དེང་རབས་ཞིང་ལས་དང་། ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར་བཅས་ཀྱིས་མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་ཡོད། ཧུའུ་པེ་ཧྲི་ཡན་དུ"ཆུ་དྭངས་མོ་རྒྱུན་མཐུད་བྱང་ཕྱོགས་སུ་བསྐྱོད་པར"འགན་སྲུང་བྱས། ཀུའེ་ཀྲོའུ་ཐུང་རེན་དུ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཇེ་མགྱོགས་སུ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐུལ་སློང་ཀྱི་འབྱུང་འཕྲོད་གོང་འཕེལ་སྒུལ་བྱེད་འཕྲུལ་འཁོར་གསར་པ་སྐུལ་སློང་བྱས། ཐེན་ཅིན་དུ་གཙང་བོ་དང་རྒྱ་མཚོ་མཉམ་དུ་བཅོས་སྐྱོང་བྱས་ཏེ་པའོ་ཧའེ་མུ་ཏིག་གི་སྐྱེ་ཁམས་གྱི་རྨང་གཞི་བསྐྱར་དུ་བཟོས། ཧྲན་ཏུང་ཝེ་ཧའེ་རུ་རྒྱ་མཚོ་དང་ནམ་མཁའ་སྔོ་ལྗང་སྲུང་སྐྱོང་བྱས་ནས་སྤུས་ལེགས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱས། ཀན་སུའུ་ཝུའུ་ཝེ་རུ་དམངས་ཡོངས་ཀྱིས་བྱེ་ཐང་བཅོས་སྐྱོང་བྱས་ནས་སྔོ་གླིང་གི་རྒྱུན་མཐུད་སྲུང་སྐྱོང་བྱས། ཧྥུ་ཅན་ཞ་མོན་དུ་ཡུང་ཏང་མཚོ་ཕྱོགས་བསྡུས་བཅོས་སྐྱོང་ནས་མགོ་བརྩམས་ཏེ། རི་རྩེ་ནས་རྒྱ་མཚོ་ཆེན་པོའི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཚོལ་ཞིབ་བྱས། ཧུའུ་ནན་ཞང་ཞི་རུ་ལྗང་མདོག་དར་རྒྱས་ཡོང་བ་དེས་རི་ཁུལ་ཀྱི་སྐྱེ་ཁམས་མ་དཔེ་མཁོ་འདོན་བྱས། ཡུན་ནན་ཀྲའོ་ཐུང་དུ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་པོར་འཛུགས་པ་དང་གྲོང་གསེབ་དར་སྤེལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་།

ནང་དོན་མངོན་པའི་ཐད་ནས། བརྙན་ཟློས་དེས་སྤྱི་ཁོག་དོན་བརྗོད་ཀྱི་བརྗིད་ཉམས་ལྡན་པའི་ཉམས་འགྱུར་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྲ་མཐོང་གི་ལྟ་ཕྱོགས་ཀྱི་ཞིབ་ཚགས་ཀྱང་མི་དཀོན་པ་རེད། པར་ཤེལ་ནི་སྐབས་འགར་མཐོ་དབྱིངས་དུ་བཙུགས་ནས་ཁྱབ་ཁོངས་ཆེན་པོའི་གནམ་དཔར་ལ་བརྟེན་ནས་རི་ཆུ་ཀླུང་གསུམ་ཇི་མ་ཇི་བཞིན་དུ་པར་བླངས་ཡོད། སྐབས་འགར་ས་གཞིའི་སྟེང་གཞིའི་སྟེང་རྐང་བཙུགས་ཏེ། དལ་བའི་བརྙན་མིག་ལས་གྲོང་སྐོར་ལྗང་ལམ་དང་ཞིན་ལུང་གཙང་བོའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་ཡོད། གཟུགས་བརྙན་དེ་དག་ནི་རང་བྱུང་གི་མཛེས་སྡུག་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལག་ལེན་ལ་ཞིབ་ཕྲ་སྒོས་ཕབ་སྐྲུན་བྱས་ཏེ། ལྟད་མོ་བ་རྣམས་ཀྱིས་ཀྲུང་གོའི་ས་གཞི་ཆེན་པོའི་ལྗང་མདོག་འཕོ་འགྱུར་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དངོས་སུ་བདེན་དཔང་བྱེད་དུ་འཇུག་ཐུབ།

《རི་སྔོ་ཆུ་དྭངས་ཀྱི་ཀྲུང་གོའི་རྒྱུགས་ལེན》ཞེས་པ་ལས"ལྗང་མདོག་རྒྱུགས་ལེན"རྒྱབ་ཕྱོགས་ཀྱི"ཀྲུང་གོའི་བྱེད་ཐབས"གསལ་བོར་བསྟན་ཡོད། ལེ་ཚན་ནང་མངའ་ཁོངས་སོ་སོའི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས་དབང་གྲགས་ལྡན་པའི་གསལ་འགྲེལ་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་ཆབས་ཅིག ས་གནས་སོ་སོའི་ལེགས་འགྲུབ་བྱུང་བའི་གྱོད་དཔེ་དང་གསར་གཏོད་བྱེད་སྟངས་གསལ་བོར་བསྟན་པ་བརྒྱུད། ས་ཁུལ་གཞན་དག་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱེད་བཞིན་ཡོད། ལེ་ཚན་ནང་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་མངོན་པ་མ་ཟད། གྲུབ་འབྲས་དེ་དག་ཇི་ལྟར་འདུ་ཤེས་ནས་འགུལ་སྐྱོད་དུ་བསྒྱུར་བར་དབྱེ་ཞིབ་གཏིང་ཟབ་བྱས་པ་སྟེ། ཀྲེ་ཅང་ཧུའུ་ཀྲོའུ་ནི"རི་གཉིས"འདུ་ཤེས་ཀྱི་འབྱུང་གནས་ཡིན་པའི་ངོས་ནས། ཨན་ཅི་ཡུས་གྲོང་ཚོའི་འཕོ་འགྱུར་དང་། ཇ་དཀར་ཐོན་ལས་འཕེལ་རྒྱས། འགྱིག་ཚབ་སྨྱུག་སྤྲོད་ཀྱི་ལག་རྩལ་གསར་གཏོད་ལ་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་སྐྱོད་བཟང་པོ་བསྐྲུན་ཡོད་པ་དང་། དེའི་སྐྱེ་ཁམས་བཅོས་སྐྱོང་ལྟེ་གནས་དང་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་ལམ་ལུགས་ཀྱིས་འདྲ་བཟོ་བྱེད་ཐུབ་པའི་ལམ་ལུགས་ཀྱི་མ་དཔེ་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཆེས་ཆེ་བའི་བྱེ་ཐང་སྟེ་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་སུ། ཞིན་ཅང་ཧོ་ཐན་གྱིས་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་དང་བློ་གྲོས་ལ་བརྟེན་ནས་བྱེ་ཐང་ལ"ལྗང་མདོག་གི་སྐེ་དཀྲིས"བཅིངས་བ་དང་། བྱེ་འགྱུར་ཁྱབ་པར་བཀག་འགོག་བྱས་པ་མ་ཟད། ཚན་རིག་དང་མཐུན་པར་བྱེ་ཐང་ལ་བཅོས་སྐྱོང་བྱས་ནས་ཐོན་ལས་ཀྱི་ཕན་འབྲས་ཐོབ། རྨ་ཆུའི་རྩེ་མོར་གནས་པའི་པ་ཡན་ནའོ་ཨེར་དུ་ཚན་རིག་ཞིབ་འཇུག་ཚོགས་པས་རླུང་ཕུག་ཚོད་ལྟ་སྤྱད་དེ་བྱེ་བརྟན་གསང་གྲངས་སེལ་བ་དང་། ཆའོ་ཀོན་རྩྭ་ཟུང་འབྲེལ་བྱེད་པའི་སྔོ་ཁེབས་འདེབས་འཛུགས་བྱེད་སྟངས་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། སྐོར་སྐྱོད་བྱེ་སྒང་དེ་ལངས་གཟུགས་ཀྱི་སྐྱེ་ཁམས་སྲུང་ཡོལ་དུ་བསྒྱུར། ལག་ལེན་འདི་དག་གི་ཁྲོད་དུ་མི་ནི་ཆེས་སེམས་འགུལ་ཐེབས་པའི་འགྲེལ་བཤད་ཡིན། མི་སྒེར་གྱི་འབད་འཐབ་དེ་དག་གིས་མཉམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལེའུ་ཞིག་རྩོམ་བཞིན་ཡོད།

གཞན་ཡང་། མུ་འབྲེལ་བརྙན་ཟློས་ལས་སྐྱེ་ཁམས་གྱི་ལག་ལེན་དེ་དཔལ་ཡོན་རྒྱུན་འཛིན་གྱི་ཕྱོགས་སུ་བཞག་ནས་ཞིབ་ལྟ་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་ནི་སྲོལ་རྒྱུན་གྱི་བློ་གྲོས་ལ་ཤུལ་འཛིན་བྱས་པ་ཡིན་ལ། འཕེལ་རྒྱས་འདུ་ཤེས་ཀྱི་གསར་བཅོས་ཀྱང་ཡིན། ཅང་སུའུ་ཁྲང་ཀྲོའུ་རུ་ཐའེ་ཧུའུ་མཚེའུ་ཡིས"ཉེན་ཁ་དང་སྦགས་བཙོག་རྙོག་འཛིང་ཐར་ཐོར"བཅོས་སྐྱོང་བྱས་པ་བརྒྱུད། སྲོལ་རྒྱུན་ཐོན་ལས་ལ་བརྟེན་ནས་ལྗང་མདོག་ཚུལ་སྒྱུར་བྱུང་བ་དང་། བཟོ་ལས་གྲོང་ཁྱེར་ཀྱི་སྐྱེ་ཁམས་དཔུང་གཏོར་ལམ་བུ་འཚོལ་ཞིབ་བྱས། ཐེན་ཅིན་དུ་ཧའེ་ཧོ་གཙང་པོའི་འབབ་རྒྱུད་ཀྱི་བཅོས་སྐྱོང་ལས་ཆུའི་སྤུས་ཚད་ཇེ་ལེགས་སུ་གྱུར་བ་མ་ཟད། ཆུ་འདྲེན་རིག་གནས་དང་གྲུ་ཁའི་རིག་གནས་བསྐྱར་དར་ལ་སྐུལ་ཁྲིད་བྱས་ཏེ། རི་སྔོ་ཆུ་དྭངས་ནི་རིག་གནས་གསོ་སྐྱོང་བྱེད་པའི་གཤིན་ས་རུ་གྱུར་ཡོད།

《རི་སྔོ་ཆུ་དྭངས་ཀྱི་ཀྲུང་གོའི་རྒྱུགས་ལེན》ལས་ས་གནས་སོ་སོས་དམངས་ཡོངས་ལ་ཕྱོགས་པའི་སྐྱེ་ཁམས་ཀྱི་ལག་ལེན་དང་འཚོལ་རྟོག་བྱས་ཏེ། མི་རེ་རེའི་ཞུགས་པའི་འདུ་ཤེས་འབོད་སྐུལ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་ནི་སྤྱི་མཚན་གྱི་འབོད་ཚིག་ལྐོག་གྱུར་ཙམ་མ་ཡིན་པར། འཚོ་བའི་ཁྲོད་ཀྱི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན། གྲོང་ཁྱེར་དང་ས་ཁུལ20ཡི་ལག་ལེན་ལས་མཉམ་དུ་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི"ལངས་གཟུགས་ཀྱི་རྒྱུགས་ལེན"གྲུབ་ཡོད། གྲོང་ཁྱེར་གྱི་མཁའ་དབྱིངས་དང་རི་སྔོ་ཆུ་དྭངས་ཕན་ཚུན་རྒྱན་སྐབས། ཀྲུང་གོའི་ས་གཞི་ཆེན་མོ་སྟེང་གི་ལྗང་མདོག་རེ་རེས་བརྗོད་གཞི་ཞིག་ལ་ལན་འདེབས་བཞིན་ཡོད་པ་སྟེ། ཅི་ལྟ་བུའི་འཕེལ་རྒྱས་ཡིན་ན། ད་གཟོད་རྒྱུན་མཐུད་ཀྱི་འཕེལ་རྒྱས་ཡིན་པ་དང་། ཇི་ལྟ་བུའི་འབྱུང་འགྱུར་ཡིན་ན། ད་གཟོད་མི་དམངས་གྱིས་ཡིད་སྨོན་བྱེད་པའི་འབྱུང་འགྱུར་ཡིན།