མཚོ་སྔོན་ཞིང་ཆེན་གྱི"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"འཆར་འགོད་ལ་ཆེད་མཁས་པས་གྲོས་འདོན་བློ་འདོན་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"འཆར་འགོད་ལ་ཆེད་མཁས་པས་གྲོས་འདོན་བློ་འདོན་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"འཆར་འགོད་སྒྲིག་བཟོ་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། མཚོ་སྔོན་གྱི"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཆར་གཞི་སྒྲིག་བཟོ་བྱ་བར་དམིགས་ཏེ། མངོན་གསལ་ཇུས་འདྲི་དང་བློ་གྲོས་གཅིག་སྡུད་ཀྱིས་ཆེད་མཁས་པའི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
ཚོགས་འདུའི་སྟེང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝེ་རྨིན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལིའུ་ཡུན་ཅེ། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཐོན་ཁུངས་སུའོ་རིགས་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཅེ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲན་པེན། ཀྲུང་གོ་རྒྱལ་སྤྱིའི་བཟོ་བཀོད་བློ་འདྲི་ཀུང་སིའི་རྐང་འཛིན་དབུ་གཙོ་ཀོའུ་ཧུའུ་ཧྲིན། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟུར་པ་ཝུའུ་དབྱིན། ཆིན་ཧྭ་སློབ་ཆེན་གྱི་ཀྲུང་གོའི་གསར་དར་གྲོང་རྡལ་ཅན་ཞིབ་འཇུག་གླིང་གི་ལག་བསྟར་གླིང་གཙོ་དབྱིན་ཀྲི། ཀྲུང་གོ་མི་དམངས་སློབ་ཆེན་ཝུའུ་ཡུས་ཀྲང་མཐོ་རིམ་འཆད་ཁྲིད་དགེ་རྒན་ཆེན་མོ་སུན་ཅིའུ་ཝུན། ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང(སའེ་ཏེ་ཞིབ་འཇུག་གླིང)གི་སྤྱི་ཁྱབ་བཟོ་བཀོད་པ་ཆིན་ཧའེ་ལིན། ཞིང་ལས་ཞིང་སྡེ་པུའུ་འཆར་གཞི་ཇུས་འགོད་ཞིབ་འཇུག་གླིང་གི་གླིང་གཙོ་ཝང་ཡན། ཀྲུང་གོ་ནགས་ལས་ཚན་རིག་གླིང་གི་གླིང་གཙོ་ཝང་དབྱང་ཏུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། སྤྱི་ཁོག་དཔལ་འབྱོར་དང་། རྩིས་ནུས་དྲ་རྒྱ། འཕེལ་རྒྱས་འཐབ་ཇུས། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐོན་ལས་འཐབ་ཇུས་འཆར་གཞི། ནུས་ཁུངས་ཐོན་ལས་འཕེལ་རྒྱས། གསར་དར་གྲོང་རྡལ་ཅན། ཁུལ་ཁོངས་དཔལ་འབྱོར། ཆ་འཕྲིན་ཐོན་ལས། ཞིང་ལས་ཞིང་སྡེ། སྐྱེ་ཁམས་སྲུང་སྐྱོབ་སོགས་དམིགས་སུ་བཟུང་སྟེ། མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་དང་མ་འོངས་པའི་དུས་ཡུན་སྔར་ལས་རིང་བའི་དུས་སྐབས་ཀྱི་འཕེལ་རྒྱས་ཐད་བསམ་ཚུལ་དང་གྲོས་གཞི་བཏོན།
གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆེད་མཁས་པ་རྣམས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་གསེད་བཀོལ་དང་ཞིབ་འཇུག་ཡག་པོ་བྱས་ཏེ། བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བཟང་པོ་བྱེད་དགོས་པའི་བླང་བྱ་བཏོན། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། "ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"དུས་སྐབས་ནི2035ལོར་བསླེབ་དུས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རང་བདག་དབང་ཆ་བརྩོན་ལེན་བྱེད་པའི་འགག་རྩ་རུ་གྱུར་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་འཆར་གཞི་སྒྲིག་བཟོ་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བྱ་བའི་དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་བ་དང་། འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་པ། མཚོ་སྔོན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་འབུར་ཐོན་གནད་དོན་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་དང་དངུལ་གཏོང་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྤྱི་ཁོག་དམིགས་འབེན་དང་ཁྱབ་ཁོངས་སོ་སོའི་དམིགས་འབེན་ལུགས་མཐུན་གྱིས་གཏན་འཁེལ་བྱེད་པ་དང་། འཆར་གཞི་སྒྲིག་བཟོ་བྱ་བའི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། སྤྱོད་སྒོའི་རང་བཞིན་བཅས་དངོས་སུ་ཇེ་མཐོར་བཏང་ནས། མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། འགྲན་རྩོད་ནུས་པ་ཕུན་སུམ་ཚོགས་པའི་འཕེལ་རྒྱས་ཐབས་ལམ་མཉམ་དུ་འཆར་འགོད་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། "ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"དུས་སྐབས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་བའི་གནད་འགག་གི་ལོ་ལྔ་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མངག་བཅོལ་ལག་བསྟར་བྱེད་པ་དེ་དོན་དངོས་འགུལ་སྐྱོད་དུ་འགྱུར་བར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བཟང་པོ་བྱེད་པ་དེ་མཚོ་སྔོན་གྱི་དོན་དངོས་འབུར་དུ་ཐོན་པར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། "ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"འཆར་འགོད་སྒྲིག་བཟོ་བྱ་བའི་ཁ་ཕྱོགས་དང་། ངེས་གནས། ལས་འགན་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་འཆར་འགོད་སྒྲིག་བཟོ་བྱ་བ་ལེགས་པོར་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
ཉིན་དེར་ད་དུང་ཞིང་ཆེན་ཡོངས་ཀྱི"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"དུས་སྐབས་ཀྱི་ལས་གཞི་གལ་ཆེན་འཆར་འགོད་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་པ་དང་། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་ཏེ་ནན་གྱིས་བསྟན་དོན། ལས་གཞི་གལ་ཆེན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི"འདེགས་སྐྱོར་བརྟན་པོ"ཡིན་པས། རང་འགུལ་སྒོས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ཁ་ཕྱོགས་དང་གཙོ་གནད་ལ་ངོས་འཛིན་ཡང་དག་བྱས་ཏེ། ལས་གཞིའི་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཐོན་སྐྱེད་རྒྱུ་རྐྱེན་བཅས་ཀྱི་སྡེབ་སྒྲིག་རང་བཞིན་ལ་ཤུགས་སྣོན་པ་དང་། སྲིད་གཞུང་དང་ཚོང་ར་གཅིག་འདོམས་དང་། གོང་འོག་དང་གཡས་གཡོན་སྦྲེལ་མཐུད་བྱ་བ་དམ་འཛིན་བཟང་པོ་བྱེད་པ། མ་དངུལ་བེད་སྤྱོད་ནུས་ཕྱོད་དངོས་སུ་ཇེ་མཐོར་བཏང་སྟེ། མཚོན་བྱེད་རང་བཞིན་དང་འདེགས་སྐྱོར་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་པའི་ལས་གཞི་གལ་ཆེན་གྲུབ་པར་བྱས་ནས། "ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱེད་ནུས་མང་པོ་གསོག་འཇོག་བྱེད་དགོས།
ཝང་ཝེ་ཏུང་དང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང། ལུའེ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཀྲང་ཞའོ་རུང་བཅས་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས། །