རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་འཚོགས།
发布时间:2025年09月15日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ9པའི་ཚེས11ཉིན།རྫོང་ཨུའི་ཧྲུའུ་ཅི་གཞོན་པརྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི།རྫོང་དཔོན་ཀྲང་ཆི་ཧྥེང་གིས2025ལོའི་རྫོང་མི་དམངས་སྲིད་གཞུང་གི་ཐེངས9པའི་ཏང་ཙུའུ་གྲོས་ཚོགས་དང་སྐབས་བཅུ་བདུན་པའི་རྫོང་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཐེངས54པར་གཙོ་སྐྱོང་བྱས་པ་དང་།ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་དང་གསུང་རྩོམ་ཡིག་གལ་ཆེན།དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་ཁྲིད་གཙོ་བོ་དག་གི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱསཤིང་རང་རྫོང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་དང་།འབྲེལ་ཡོད་བྱ་བའི་སྙན་ཞུགསན།འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས་ཏེ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱ། རྫོང་སྲིད་གཞུང་གི་ཚན་ཁག་ཁོངས་མི་ཚོགས་འདུར་ཞུགས་པ་དང་།རྫོང་སྲིད་གྲོས་དང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སོགས་འབྲེལ་ཡོད་གོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས་པ་དང་།ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་སོ་སོརྫོང་སྲིད་གཞུང་གི་སྡེ་ཁག་སོ་སོ རྫོང་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་གྲོས་གཞི་ལྟར་ཚོགས་འདུར་ཟུར་ཞུགས་བྱས།

      ཚོགས་འདུས་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེངགི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ།རྫོང་ཡོངས་ཀྱི་གོང་འོག་ཀུན་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་དོན་དངོས་ཀྱི་བློ་སྒོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་།རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱིས་གསུང་བཤད་དུ་བསྟན་པའི་ལངས་ཕྱོགས་བརྟན་པོ་དང་།ལྟ་བ་གསལ་བོགཏིང་ཟབ་པའི་ནང་དོན་བཅས་ལ་གོ་བ་ཟབ་མོ་ལེན་ར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་བསྟན།དེ་དང་ཆབས་ཅིག་ཏུ་ལོ་རྒྱུས་བློ་ཡིད་དུ་བརྟན་པོར་ངེས་པ་དང་།དཔའ་བོ་དྲན་གསོ ཞི་བདེ་ལ་གཅེས་སྤྲས།མ་འོངས་འབྱུང་འགྱུར་་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་གསར་གཏོད་བྱ་རྒྱུ་དེ་རང་རྫོང་གི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ནས་སྐྱེ་ཁམས་སྲུང་སྐྱོང་དང་།དཔལ་འབྱོར་འཕེལ་རྒྱས།དམངས་ཚིས་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་འགན་འཁྲི་འཁུར་དུ་ལེན་པར་ཤུགས་སྣོན་དང་།དམིགས་བྱའི་ལས་འགན་གསལ་བོ་དེ་བས་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུ་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུགསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ།ཞང་དང་གྲོང་རྡལ་ཁག་དང་སྡེ་ཁག་སོ་སོའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ལྟེ་བའི་དོན་སྙིང་གོ་བ་གཏིང་ཟབ་བླངས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དངོས་སུ་ལག་བསྟར་བྱས་ནས་མང་ཚོགས་ལ་སྐུལ་སློང་དང་།མང་ཚོགས་རྩ་འཛུགས།མང་ཚོགས་གཅིག་སྡུད་བཅས་རྒྱ་ཆེར་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་མཐུན་ཚོགས་པའི་སྒྲིག་གཞིའི་འདུ་ཤེས་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ་དང་།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། 

     ཚོགས་འདུ་ཀྲུང་དབྱང་དང་ཞིང་ཆེནཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།སྲིད་གཞུང་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་སློབ་གསོའི་དམིགས་ཚད་ལས་འགན།ཐབས་ལམ་དང་བྱ་བའི་བླང་བྱ་བཅས་དམ་འཛིན་བྱས་ཏེ།སློབ་སྦྱོང་ཞིབ་བཤེར་བསྒྱུར་བཅོསགཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ།འཕྲལ་དུ་བསྒྱུར་བཅོསདངཡུན་རིང་འཛུགས་བཅོསམཉམ་སྤེལ་རྒྱུན་འཁྱོངས་བྱས་ཏེ།གཟབ་ནནཚད་རྒྱུན་འཁྱོངས་བྱས་ཏེ།བཅོས་སྐྱོངགཏིང་ཟབ་ཏུ་བཏང་སྟེ།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

    ཚོགས་འདུ་ཞིང་ཆེན་དང་ཁུལ་གྱིས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་དང་དཔྱད་དཔོག་གི་གཙོ་གནད་ལས་དོན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་བཀོད་སྒྲིག་བྱས་པ་དང་།གཅིག་ན་གྲོང་གསེབ་དར་རྒྱས་སྡེ་ཁག་གིས་རྫོང་ཨུའི་རྩ་འཛུགས་པུའུ་དང་མཉམ་དུ་དུས་ལྟར་གསོ་སྦྱོང་བྱས་ཏེ།སྡེ་སྡོད་བྱ་བའིལས་སྒྲུབ་པ་རྙིང་ཚབ་གསར་བརྗེའི་སྐབས་སྡེ་བའི་གནས་ཚུལ་དངོས་དང་།ངེས་པར་ཤེས་དགོས་པ།དམངས་ཕན་སྲིད་ཇུས་སོགས་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་པར་འགན་ལེན་བྱེད་དགོསགཉིས་ན་སློབ་བྱོལ་ཚོད་འཛིན་དང་སློབ་སྦྱོང་འགན་ལེན་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ་འགན་བགོས་རྫོང་དཔོན་གཞོན་པས་སྣེ་ཁྲིད་དེ་ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་སོ་སོ་དང་།སློབ་གསོ་དང་ཁྲིམས་འཛིན།སྤྱི་བདེབུད་མེད་མཉམ་འབྲེལ།མི་རིགས་ཆོས་ལུགས་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ་བྱ་བའི་འགན་འཁྲིཡང་བསྐྱར་ཤུགས་སྣོན་བྱེད་དགོས། གསུམ་ན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ནུས་རྩལ་གསོ་སྦྱོང་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ་དང་ལྷན་ཅིག་ཏུ་ལས་ཞུགས་གསོ་སྦྱོང་དེ་ལས་གནས་ཀྱི་དགོས་མཁོ་སྙོམ་སྒྲིག་དང་ལས་ཞུགས་ཞབས་ཞུའི་རྗེས་འདེད་ཐད་དོན་འཁྱོལ་བྱས་ཏེ་གསོ་སྦྱོང་སློབ་མ་རྣམས་ཀྱི“རྩལ་ནུས་སྦྱོང་བ”ནས“ལས་ཀ་རྙེད་པའི”ཕྱོགས་སུ་བསྒྱུར་ར་སྐུལ་འདེད་བཏང་སྟེ ལས་ཞུགས་གསོ་སྦྱོང་གི་ཕན་འབྲས་དངོས་ཀྱི་རང་བཞིན་དང་སྒྱུར་ཚད་ཏན་ཏིག་མཐོ་རུ་གཏོང་དགོས། བཞི་ན་འཕྲོད་བསྟེན་སྡེ་ཁག་གིས་ཁྱིམ་ཚང་སྨན་པའི“ཆིངས་འགོདདན་སྐྱོང”ཞབས་ཞུ་དང་གྲོང་གསེབ་སྨན་པར་ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་བསྣན་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་འགན་ལེན་ཏན་ཏིག་བྱ་དགོས།ལྔ་ནས་སྡོམ་རྩིས་དང་གྲོང་གསེབ་དར་རྒྱས་སྡེ་ཁག་གིསསྡེ་བསྡེ་ཁུལསོ་སོ་དང་།ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱ་ཡུལ་སོགས་སུ་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ2025ལོའི་དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྡོམ་རྩིས་ཞིབ་རྩིས་ལས་དོན་ལེགས་པོརསྒྲུབ་ཏེ་ཡོང་འབབ་སྡོམ་རྩིས་གཞིགྲངས་རྩིས་ཐོ་དང་རྩིས་ཐོ་དངོས་ཕན་ཚུན་མཐུན་པར་འགན་ལེན་བྱ་དགོས།དྲུག་ནཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་ལ་གཞི་བཙུགས་ནས“ལྔ་ཚན་བཅོ་ལྔ་བའི”འཆར་འགོད་དམིགས་ཚད་དམ་པོར་འཛིན་པ་དང་།གཙོ་གནད་ཁྱབ་ཁོངས་ལ་དམིགས་ནསསྤུས་ལེགས་རྣམ་གྲངས་ལེགས་སྒྲིག་བྱས་ཏེ།དུས་ཐོག་ཏུ་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་རྣམ་གྲངས་ཀྱི་ཁོངས་སུ་བཅུག་དགོས་པ་དང་དོ་དམ་བྱ་དགོས། དེ་དང་ཆབས་ཅིག་རྒྱུ་ནོར་བདག་དབང་གཏན་འཁེལ་གྱི་ལས་དོནལེགས་པོར་སྒྲུབ་སྟེ་ལོ་མཇུག་བར་དུ་ལེགས་འགྲུབ་ཡོང་བ་འགན་ལེན་བྱ་དགོས།བདུན་ན་རང་བྱུང་ཐོན་ཁུངས་དང་།འཕེལ་རྒྱས་བསྒྱུར་བཅོས། སྡོད་ཁང་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་སོགས་སྡེ་ཁག་གིས་རང་འགུལ་སྒོས་ཞབས་ཞུ་དང་། རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལས་དོན་ཏན་ཏིག་ལེགས་པར་བསྒྲུབས་ནས་རྣམ་གྲངས་གསར་པ་དོན་འཁྱོལ་དང་གོ་འཛུགས་ཐུབ་པ་འགན་ལེན་བྱ་དགོས།དེ་དང་ཆབས་ཅིག་ཏུ་རྣམ་གྲངས་འཆར་འགོད་ཀྱི་འདེམ་གནས་དང་།དབང་ཆའི་ཁོངས་གཏོགས་ཞིབ་བཤེར།འགྲོ་ལུགས་ཆོག་མཆན་ཞུ་བ་སོགས་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབས་ནས་རྣམ་གྲངས་འཛུགས་སྐྲུན་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་འགན་ལེན་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན།

   ཚོགས་འདུ་རྫོང་དམངས་སྲིད་ཅུའུ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཏང་ཙུའུ་ཡིས་སྤྱི་ཚོགས་རོགས་སྐྱོབ་དོན་འཁྱོལ་མི་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་དང་།ཤ་རྫུན་ཐོན་རྫས་དང་།གྲོང་གསེབ་ཟས་རིགས་རྫུན་མ་འཚོང་བའི་བཅོས་སྒྲིག་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོ་སོར་གསན་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་བླང་བྱ་སོ་སོར་གཞིགས་ནས་ཤུགས་སྣོན་ཆུང་དུ་མི་གཏོང་བ་དང་ཚད་གཞི་ཇེ་དམའ་རུ་འགྲོ་བ།ཚད་ཐིག་མི་ལྷོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།དམངས་སྲིད་སྡེ་ཁག་གིས“འགན་བཅོལ་ནོར་བ”དང་“འགན་བཅོལ་འཛོལ་བ”“འགན་བཅོལ་ཤོར་བ།”“འགན་བཅོལ་བསྐྱུར་བ”དེ་བཞིན་རོགས་སྐྱོབ་གོ་རིམ་ཚད་ལྡན་མིན་པ་དང་རོགས་སྐྱོབ་ཀྱི་དུས་ཆོད་རང་བཞིན་ཞན་པ་སོགས་དོན་འཁྱོལ་བྱས་མེད་པའི་གནད་དོན་སྔར་བས་གཏིང་ཟབ་སྒོས་གསོ་བཅོས་བྱས་ཏེ་བྱ་བ་སྒྲུབ་སྟངས་ཇེ་ལེགས་སུ་གཏོང་བ་དང་།ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ།འགན་སྲུང་ཁྱབ་རྒྱ་ཆེསྤེལ་བཅས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས།ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཟས་རིགས་བདེ་འཇགས་ཀྱི“ཆེས་ནན་མོ་བཞིའི”བླང་བྱ་ལག་བསྟར་གཏིང་ཟབ་དོན་འཁྱོལ་བྱས་ཏེབྱ་བའི་འགན་འཁྲི་དམ་ཟབ་དང་།ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཞུ་གཏུག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བཅོས་སྒྲིག་གི་གྲུབ་འབྲས་ཕྱིར་ལོག་མི་བྱེད་པ་དང་།གནད་དོན་བསྐྱར་དུ་མི་འབྱུང་བའགན་འཁྲི་སྟོང་ཟད་མི་གཏོང་བ་བཅས་འགན་ལེན་བྱེད་དགོས།སྤྱི་བདེ་དང་རང་བྱུང་ཐོན་ཁུངས།ཕྱོགས་བསྡུས་ཁྲིམས་འཛིན་ལག་བསྟརསྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཁྲིམས་འཛིན་ཆེད་དོན་འཛིན་གྲྭ་བཙུགས་ནས་ལྟ་སྐུལ་དོ་དམ་གྱི་དྲ་བ་ནན་མོ་ཆགས་པ་དང་།རྨོ་བསྐྱུར་ནགས་འདེབས་ཀྱི་ས་དང་འོས་འགན་སྡོང་འཛུགས་ས་ཁུལ་དུ་ལྐོག་ནས་ནོར་ལུག་འཚོ་སྐྱོང་བྱེད་པའི་བྱ་སྤྱོད་ལ་སྐོར་ཞིབ་བྱེད་ཚད་མང་དུ་གཏོང་བ་དང་།བཅའ་ཁྲིམས་སྒྲིག་སྲོལ་ལྟར་རྡུང་རྡེག་ནན་མོ་བྱས་ཏེ་དཔེ་མཚོན་གྱི་གྱོད་དཔེ་ཐེར་འདོན་བྱེད་དགོས་པ་མ་ཟད།ཐེར་འདོན་དང་ཟུང་དུ་འབྲེལ་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོང་གཏན་འབེབས་ལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན

   ཚོགས་འདུས་ད་དུང་རྐང་ཚ་རྫོང་གི་རྩྭ་ཐང་བྱེ་འགྱུར་ཅན་ཕྱོགས་བསྡུས་འགོག་བཅོས་དངབྱང་གསུམསོགས་གཙོ་གནད་སྐྱེ་ཁམསལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་རྫོང་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་གཉིས་ཟླ་སྒྲིལ་བསྡུ་ལེན་གྱི་སྙན་ཞུདང་རྐང་ཚ་རྫོང་གི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་གན་རྒྱའི་དོ་དམ་ལམ་ལུགས་སོགས་ཀྱི་གྲོས་གཞི་ལ་ཞིབ་འཇུག་བྱས་པ་རེད།