【VRབོད་ཁམས་མཐོང་བ་ཀུན་སྨོན】བོད་མཁར་རྐང་ཚ།
发布时间:2025年09月18日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

རྐང་ཚ་རྫོང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སུ་གཏོགས་པའིརྗོང་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་མདོ་ལ་རིང་མོའི་རྟ་ཐང་རི་རྒྱུད་དུ་ཆགས་ཡོད རྗོང་ཁོངས་སུ་བོད་རིགས་དང་རྒྱ་རིགས། སོག་རིགས། ཧེ་རིགས།  ཟ་ལར་རིགས། ཧོར་རིགས་སོགས་མི་རིགས12ཀྱིས་གྲུབ་པའི་མི་གྲངས་ཁྲི4.5ལྷག་ཡོད་ཅིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8138.07ཡོད། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱི་རྨིད3500ཡན་ཡིན རྫོང་ཁོངས་སུ་དཔལ་དགེ་གྲོང་རྡལ་དང་འོམཆུ་གྲོང་རྡལ།  གཡི་དཀར་འོམ་ལུང་ཡུལ་ཚོ།  མཚོ་འཁྱིལ་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ་བཅས་སྲིད་འཛིནཡུལ་ཚོ་ལྔ་ཡོད།

ས་ཞིང་ཐོན་ཁུངས།

རྐང་ཚ་རྫོང་ནི་ཕྱུགས་ལས་གཙོ་གཉེར་བྱེད་པའི་རྫོང་ཞིག་ཡིན་ལ། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8138.07ཡོད་པ་དང་། དེ་ལས་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི5.29ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱ་འི0.46ཟིན། མིས་བཟོས་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི5.29ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱཆའི0.46ཟིན གྲོང་རྡལ་དང་གཞུང་ལམ།  ཆུ་ཁོངས་བཅས་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི16.11ཡོད་ལ།  སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི1.4ཟིན།  རྡོ་འཛིང་འདམགཞུང་ཅན་གྱི་བཀོལ་སྤྱོད་བྱེད་མི་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི176.17ཡོད་ལ སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི15.39ཟིན  བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི941.69ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི82.28ཟིན། 

རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།   

རྐང་ཚ་རྫོང་གི་མངའ་ཁོངས་སུ་རྐང་ཚའི་སྐྱེས་ལྷ་ཨ་མྱེས་རྫ་དམར་གཙོ་བྱས་པའི་བཱ་ཡན་རི་བོ་དང་མཚོ་སྙིང་མ་ཧཱ་དེ་བ། སྐྱིད་སྨོན་ཅོག་ཙེ  བཞུགས་ཁྲི། གཡང་ར། བུ་ལུང།  ངས་རྫ།  ཞལ་དཀར བཙན་པོ་དཔའ་ཕྱུག ཚེ་ཐར། མང་རྭ སྟོབས་ལྡན་ཞལ་དཀར། ཀུན་བང་རི་བོ་སོགས་རྫརི་དང་སྤ་རི།  གཡའ་རི་མཐོ་ཞིང་བརྗིད་པའི་རི་བོ་དུ་མ་ལྷུན་ཆགས་སུ་མཆིས

དེ་མིན་པུ་ཧ་ཆུ་བོ་དང་སྐྱིད་སྨོན་ཆུ་བོ བེའུ་ཧ་འོབ་ལེན་ཆུ་བོ། གཡི་དཀར་འོམ་ལུང་ཆུ་བོ དཔལ་དགེ་ཆུ་བོ་སོགས་དྭངས་ཤིང་བསིལ་བའི་ཆུ་བོཆེ་ཕྲན་དུ་མ་བྱང་ཕྱོགས་ནས་ལྷོ་ཕྱོགས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྟོ་བ་རུ་འབབ་ཀྱིན་ཡོད་ལ།  སྤྱང་ཚང་ཆུ་བོ་དང་མཆོག་གྲུབ་ཆུ་བོ། རྒྱ་སྒོ་ཆུ་བོ།  ལམ་པཆུ་བོ། རྔ་རྡུང་ཆུ་བོ་སོགས་རྫ་ཆུ་དུ་མ་བྱང་ནས་ལྷོ་རུ་བབས་ཏེ་མུ་རུའི་ཆུ་བོ་དང་འདྲེས་ནས། རྐང་ཚ་དང་མདོ་ལའི་ས་མཚམས་བརྒྱུད་དེ་ཤར་ཕྱོགས་སུ་འབབ་ཀྱིན་ཡོད། རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་གཅིག་པུ་སྟེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་གཙོས་མཚོ་དང་མཚེའུ་དུ་མའང་གནས་འདིར་རང་བྱུང་ལྷུན་གྲུབ་ཏུ་ཡོད་ལ། མུ་རུའི་ན་ཐང་དང་དཔལ་དགེ་གཡུ་སྨུག་ཐང་གཉིས་ནི་རྒོད་པོའི་འདབ་གཤོག་བརྐྱངས་པ་ལྟར་བཱ་ཡན་རི་རྒྱུད་ཀྱི་གཡས་གཡོན་དུ་ཆགས་ཡོད།


མཛེས་ལྗོངས་གྲགས་ཅན།

མཚེར་བ་རིའམ་བྱ་གླིང་འདི་ནི་སྔོན་དུས་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཞིག་སྟེ། མཚོ་ཆེན་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་ད་ལྟའི་མཚོ་སྔོན་པོའི་བྱ་གླིང་ཞེས་པ་དེ་ཡིན་ཞིང་། མཚོ་ངོས་ལས་མཐོ་ཚད་ལ་རྨིད3000ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ0.8ཙམ་ཡོད། འདིའི་ཚུགས་ཀ་ནི་མཚེར་བ་ཞིག་དང་འདྲ་བས། འདི་ལ་མཚོ་རྔའི་མཚེར་བ་རི་ཟེར། དབྱར་དུས་བྱ་རིགས་ཁྲི16ལྷག་ཡོད་པས་མཚོ་སྔོན་པོའི་བྱ་གླིང་དུ་ཐོགས་ཤིང་། གནས་དེར་བྱ་རིགས་མི་འདྲ་བ་གང་མང་དབྱར་དགུན་སྟོན་དཔྱིད་མེད་པར་བག་ཕེབས་སུ་གནས་ཕྱིར་ད་ལྟ་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་གནས་གྲགས་ཆེན་གྱི་གྲས་སུ་བཞག་ཡོད།

ཆོས་སྡེ་གྲགས་ཅན། 

རྐང་ཚའི་ཡུལ་འདིར་གནའ་ནས་ད་བར་དུ་ལས་འབྲས་ཀྱི་དགེ་བ་བསྔོ་སའི་གྲུབ་མཐའ་གསར་རྙིང་གི་དགོན་སྡེ13བཞུགས་ཏེ། རྐང་ཚའི་དགོན་ཆེན་དང་རྐང་ཚའི་དགོན་ཆུང་། ས་ཐོབ་དགོན་པ། གསེར་རྡེའུ་དགོན་པ། རུ་མང་དགོན་པ། དཔོན་ཚང་གོང་མའི་དགོན་པ། སོག་ཚ་དགོན་པ། ཕྱུག་ནོར་དགོན་པ། དཔོན་ཚང་ཞོལ་མའི་དགོན་པ། རྒྱ་ཉག་དགོན་པ། ཇོ་སྐོར་དགོན་པ། ཁོ་ཚེ་དགོན་པ། ཡག་མོའི་སྤྱི་བའམ་མ་ཎི་ཁང་། གཉའ་ཞོལ་མའི་སྔགས་ཁང་བཅས་སོ། །