མཚོ་བྱང་གི་འགྲན་ཞུགས་པས་ཨང་དང་པོ་བླངས་འདུག
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་སྡུར་སྐབས་གཉིས་པ་ཟི་ལིང་དུ་མཇུག་སྒྲིལ། ཐེངས་འདིའི་འགྲན་སྡུར་དེ་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ནས་ཐོན་པའི་ཕུལ་བྱུང་འགྲན་ཞུགས་པ9འབུར་དུ་ཐོན་ནས་རྟིང་རྩོད་ལ་ཞུགས། ཛ་དྲག་གི་འགྲན་རྩོད་ཁྲོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི་འགྲན་ཞུགས་པ་ལུའོ་མའོ་ལིན་གྱིས་གཟེངས་སུ་ཐོན་པའི་ཉམས་འགྱུར་ལ་བརྟེན་ནས《མདའ་བཞི་ནས་ཡོང་བ》ཞེས་པ་ཁ་བྱང་དུ་བྱས་ཏེ། རང་ཉིད་འཚར་ལོངས་ཀྱི་ཉམས་མྱོང་དང་གཞི་རིམ་གྱི་བྱ་བའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་རང་ཉིད་ལ་འགྱུར་བ་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་ཅིང་། “རི་ཆུ་མཉམ་གནས་དང་མི་རིགས་མཐུན་སྒྲིལ”ལ་བརྩེ་སེམས་ཟབ་མོས་བསྟོད་བསྔགས་བྱས་ཡོད་ལ། དུས་རབས་གསར་པའི་རོང་འབྲོག་པ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་པའི་འགན་འཁྲི་བརྟན་པོ་ཡང་མངོན་ཡོད་པས། ཡུལ་དངོས་ཀྱི་དཔྱད་འདེམས་པ་དང་ལྟད་མོ་བས་དགའ་བསུ་བླ་ལྷག་ཐོབ་པར་མ་ཟད། མཐར་འགྲན་སྡུར་གྱི་ཆེས་མཐོ་བའི་བྱ་དགའ་སྟེ་ཨང་དང་པོ་ཐོབ།


ཐེངས་འདིའི་འགྲན་སྡུར་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་སོགས་སྡེ་ཁག་གིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་རེད། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་འགྲན་སྡུར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་གདམ་གསེས་བྱས་ཤིང་། འགྲན་སྡུར་མ་བྱས་སྔོན་ལ་གསོ་སྦྱོང་ཏན་ཏིག་བྱས་ནས་འགྲན་ཞུགས་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས། ཕུལ་བྱུང་རྩ་འཛུགས་བྱ་བར་བརྟེན་ནས་མཚོ་བྱང་ལ“ཕུལ་བྱུང་རྩ་འཛུགས་བྱ་དགའ”ཐོབ་ལ། དེས་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཁུར་བའི་འགན་འཁྲི་དང་བྱ་བའི་ཕན་འབྲས་གང་ལེགས་སྒོས་མཚོན་ཡོད།