ལི་ཆང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས80པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ནས་གསུང་བཤད་གནང་།
发布时间:2025年09月29日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


ས་དེའི་དུས་ཚོད་ཟླ9པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས80པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ནས་གསུང་བཤད་གནང་།
     

ས་དེའི་དུས་ཚོད་ཟླ9པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིའུ་ཡུའེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས80པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་ནས་གསུང་བཤད་གནང་།  

ལི་ཆང་གིས་བསྟན་དོན། ད་ལོ་ནི་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་ལོའང་ཡིན། འདས་སོང་ལ་ཕྱིར་མིག་འཕངས་ན། ང་ཚོར་བློ་སྒོ་རྩ་ཆེན་ཞིག་ཐོབ་རུང་བ་ཡིན་ཏེ། ཞི་བདེ་དང་འཕེལ་རྒྱས་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཆེས་རེ་ལྟོས་ཆེན་པོ་བྱེད་ས་ཡིན་ཞིང་། མཐུན་སྒྲིལ་མཉམ་ལས་ནི་མིའི་རིགས་ཡར་ཐོན་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་ཡིན་ལ། དྲང་གཞག་དྲང་བདེན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིན་ཐང་དོན་གཉེར་གལ་ཆེན་ཞིག་ཡིན།

ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱེད་མཁན་གྱི་ཁོངས་ཞུགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཧྲིལ་པོའི་ལས་དོན་ཁྲོད་འབད་པས་ཞུགས་ནས། མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་བཞིན་ཡོད། ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཅས་བཏོན་ནས། མིག་སྔའི་འཛམ་གླིང་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཁ་ཚ་དགོས་གཏུག་གི་དཀའ་གནད་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ལྷག་པར་དུ་ཟླ་འདིའི་ཟླ་འགོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་སྟེང་བཏོན་པའི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་། བདག་དབང་འདྲ་མཉམ་ལག་བསྟར་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་པ་དར་སྤེལ་གཏོང་བ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱེད་དགོས་པ་ནན་བཤད་བྱས་ཏེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཅིག་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་ཡང་དག་བསྟན་པ་དང་ཐབས་ལམ་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཐུན་སྦྱོར་གྱི་བྱ་སྤྱོད་ནུས་ལྡན་སྒོས་སྤྱད་དེ། དོན་དངོས་ཀྱི་གནད་དོན་སྔར་ལས་གང་མང་ཐག་གཅོད་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། མིག་སྔའི་འཛམ་གླིང་ནི་སྣེ་མང་རྙོག་འཛིང་རྒོད་པའི་དུས་སྐབས་གསར་པའི་ནང་སླེབས་ཡོད་ཅིང་། ཕྱོགས་རྐྱང་རིང་ལུགས་དང་འཇམ་འཐབ་ཀྱི་བསམ་གཞིགས་སླར་ཡང་སླེབས་ཡོད་པའི་དབང་གིས། རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་ལམ་ལ་བརྡབ་གསིག་ཆེན་པོ་ཐེབས་པ་དང་རྒྱལ་སྤྱིའི་མ་ལག་ལ་གཏོར་བརླག་ཚབས་ཆེན་བྱུང་ནས། མིའི་རིགས་སླར་ཡང་གང་ནས་གང་དུ་འགྲོ་དགོས་པའི་གདམ་གར་འཕྲད་ཡོད། གནམ་འོག་གི་ཤེས་ཡོན་ཅན་ཚང་མས། མིའི་རིགས་ཀྱིས་དཀའ་ངལ་དེ་འདྲའི་མང་པོ་ཞིག་བརྒྱུད་མཐར། རྒྱུ་འབྲས་བློ་མིག་གསལ་ཞིང་དཔྱོད་ཤེས་ཆེ་བའི་སྒོ་ནས་ཕན་ཚུན་ལ་ཕན་འདོགས་པ་དང་ཕན་ཚུན་ཞི་བདེ་མཉམ་གནས་བྱེད་མི་རུང་བ་འདི་ཡ་མཚར་ཆེ་བ་ལ་ཞེས་འདྲི་ཚིག་དེ་རང་དབང་མེད་པའི་སྒོ་ནས་འཕེན་ངེས་ཡིན།  མི་ཆོས་རིང་ལུགས་ཀྱི་ཆག་སྒོ་སྣ་ཚོགས་ཀྱི་མདུན་དུ། དྲང་གཞག་དང་དྲང་བདེན་ལ་མངོན་སུམ་འཛེམ་མེད་དུ་རྡོག་བརྫིས་གཏོང་བཞིན་པའི་གཏུམ་སྤྱོད་དེ་དག་མ་རིག་མ་གོ་ཁུལ་བྱས་ནས་སྣང་མེད་དུ་བཞག་ན་ཆོག་གམ། ཚད་མཐའ་སྤུ་ཙམ་ཡང་མེད་པའི་བཙན་ཤེད་དང་བཙན་དབང་དེ་དག་མཐོང་ན་བདེན་པ་རྒྱབ་ཏུ་བསྐྱུར་ནས་ངན་ཕྱོགས་དང་ལེན་བྱེད་དགོས་སམ། མེས་པོ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐབས་ཀྱི་ཐོག་མའི་དུས་ཀྱི་སེམས་རྩ་དྲོན་མོ་དང་བརྩོན་ལེན་ཅི་རིགས་རིས་སུ་བོར་ན་ཆོག་གམ། ཀྲུང་གོ་བས་དུས་རྒྱུན་ཐོག་མའི་བསམ་འདུན་མ་བརྗེད་ན་གཞི་ནས་ཐོག་མཐའ་བར་གསུམ་དུ་ལེགས་འགྲུབ་ཡོང་ངེས་ཞེས་གསུངས། ཞི་བདེ་དང་ཡར་ཐོན། འཕེལ་རྒྱས་བཅས་དོན་གཉེར་བྱ་རྒྱུ་ནི་ང་ཚོས་རྒྱལ་ཁ་ལ་དྲན་གསོ་བྱེད་པའི་ཐོག་མའི་དམིགས་ཡུལ་ཡིན་ལ། ང་ཚོས་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པའི་ལས་འགན་ཡང་ཡིན། གཅིག་བྱས་ན་ང་ཚོ་སྔོན་གྱི་ཆར་ལོག་མི་ཐུབ་ནའང་སྔར་ལས་ལེགས་པའི་འབྱུང་འགྱུར་གསར་གཏོད་བྱེད་ཐུབ། འཛམ་གླིང་ལ་འགྱུར་རྒོད་དང་ཟང་ཟིང་ཆེ་བའི་དུས་སྐབས་འདིར། ང་ཚོས་མཉམ་དུ་ཞི་བདེ་དོན་གཉེར་དང་བདེ་འཇགས་མཉམ་སྤྱོད་བྱེད་དགོས། འཛམ་གླིང་ཧྲིལ་པོའི་འཕར་སྣོན་ལ་སྟོབས་ཤུགས་མེད་པའི་སྐབས་སུ། ང་ཚོས་མཉམ་ལས་བསྐྱར་གསོ་དང་མཉམ་རྒྱལ་དོན་གཉེར་བྱེད་དགོས། ཤེས་རིག་སྣ་མང་གདོང་ཐུག་འབྱུང་བཞིན་པའི་སྐབས་འདིར། ང་ཚོས་ཕན་ཚུན་བར་གྲོས་མོལ་དང་མཛེས་སྡུག་མཉམ་སྤྱོད་ཀྱི་བྱེད་ཕྱོགས་དར་སྤེལ་གཏོང་དགོས། འགྲན་སློང་གསར་པ་ཡང་ཡང་འབྱུང་བཞིན་པའི་སྐབས་སུ། ང་ཚོས་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་རྒྱུ་དང་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཀྱི་སྲུང་སྐྱོབ་མཁན་རྣལ་མ་ཡིན་ཞིང་། འཛམ་གླིང་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། ཤེས་རིག་བརྗེ་རེས་དང་ཕན་ཚུན་བར་སློབ་སྦྱོང་བྱེད་པའི་ལག་བསྟར་མཁན། འཛམ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བར་འགན་འཁུར་བའི་ཟབ་ཞུགས་མཁན་བཅས་ཡིན། ཀྲུང་གོས་མ་འོངས་པར་ཁ་ཕྱོགས་ནས་ཕྱོགས་སོ་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ་དང་། ཕྱོགས་མང་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་གང་ལེགས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་བླ་ན་མེད་པའི་དམིགས་འབེན་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་འདོད་ཡོད། །