རྐང་ཚས་དུས་ཆེན་གཉིས་ཀྱི་རིང་ལ་ཡུལ་སྐོར་བ24458ལ་སྣེ་ལེན་བྱས།
发布时间:2025年10月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ཟླ10བའི་ཚེས9ཉིན མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་རིང་ལ། རྫོང་འདི་རིག་གནས་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཀྱི་ཚ་རླབས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འཁོར་བསྐྱོད་བྱས། ཟླ10ཚེས1ཉིན་ནས་ཚེས8ཉིན་གྱིབར་རྫོང་ཡོངས་སུཁྱོན་བསྡོམས་ཡུལ་སྐོར་བ24458ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས12.54%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི833.26ཟིན་པ་དེ་དུས་མཚུངས་ལས12.80%འཕར་ཡོད། 

          རྒྱུས་ལོན་བྱས་པ་ལྟར་ན། རྐང་ཚ་རྫོང་གིས་དུས་ཆེན་གཉིས་ཀྱི་རིང་ལ“རྒྱལ་སྟོན་ལ་རྟེན་འབྲེལ་དང་ཟླ་མཆོད་ལ་སྔོན་བསུ། གསེར་མདོག་གི་སྟོན་ཁར་སྐྱེ་ཁམས་དང་ལྷན་དུ་བསྡོངས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་དྲ་ཐོག་དང་དྲ་ཕྱིརུ་དུས་མཉམ་དུ་འཛད་སྤྱོད་་གསོན་ཤུགས་སྣོན་པར་སྐུལ་སྤེལ་བཏང་། དྲ་ཕྱི་རུ2025ལོའི་རྐང་ཚ་རྫོང་གི་སྤྱི་ལེ་ཐིག་ནས་རྐང་འཁོར་ཞོན་པསྐབས་གསུམ་པདངསྟོན་ཁའི་མཚན་མོའི་དབྱིངས་སུ་དཔྱངས་པའི་སྐར་ཁྱིམ་དུ་སྡོད་པ”“རིག་རྩལ་ལྗོངས་ཁུལ་དུ་བསྐྱོད་པ”“སྤྲོ་སྐྱིད་ཉི་དཔལ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གླུ་ལེན་བྲོ་འཁྲབ་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན། སྤྲོ་སྣང་རོལ་རྩེད དེ་བཞིན་ཁྱད་ལྡན་བཟའ་བཏུང་འགྲེམས་ཚོང་བཅས་བརྒྱུད་ནས་ཉིན་རེར་ཡུལ་སྐོར་བ་སྟོང་ལྷག་ཙམ་སྣེ་ལེན་བྱས་ནས་མཐའ་འཁོར་གྱི་བཟའ་བཏུང་དང་སིལ་ཚོང་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བཏང་།དྲ་ཐོག་ཏུ“ཟླ་བ་ཉ་གང་གི་མཚན་མོའི།ཡུལ་དང་རྒྱལ་ཁབ་ཀྱི་བརྩེ་འདུན”ཞེས་པའི་བྱ་དགའ་ཡོད་པའི་བྱེད་སྒོ་དང་།“ང་དང་མེས་རྒྱལ་གྱིས་མཉམ་པར་ལེན་པའི”བྱེད་སྒོ དེ་བཞིན་ཕུལ་བྱུང་ལེ་ཚན་འགྲེམས་སྟོན་བྱས་པས། མང་ཚོགས་དང་ཡུལ་སྐོར་བའི་དུས་ཆེན་ཉམས་ལེན་ལ་སྔར་ས་སྤྲོ་བ་བསྐྱེད་ཡོད། 

        ཞབས་ཞུའི་འགན་སྲུང་ཐད་ནས་རྫོང་དེས་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ནས་ཡུལ་སྐོར་བའི་འགྲོ་གྲོན་ཇེ་དམའ་རུ་བཏང་སྟེ། རྫོང་ཁོངས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་དང་མཛེས་ལྗོངས་ཁུལ་གཙོ་བོའི་རླངས་འཁོར་འཇོག་ས་རིན་མེད་ངང་སྒོ་འབྱེད་བྱས་པ་དང་ཕྱོགས་སྟོན་བྱང་བུ་བཙུགས། སྤྱི་པའི་གསང་སྤྱོད་ཁང་དུས་ངེས་མེད་དུ་སྒོ་འབྱེད་བྱས་ཏེ“ཞོགས་པར་ཕྱགས་བདར་དང་ཉིན་གུང་ཞིབ་བཤེར།དགོང་མོ་གཙང་བཤེར”བཅས་ཀྱི་གཙང་སྦྲ་ལམ་སྲོལ་ལག་བསྟར་ནན་པོ་བྱས། དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་དང་གསེར་ཉའི་ཁྱིམ་གཞིས་སོགས་གཙོ་གནད་མཛེས་ལྗོངས་ཁུལ་དུ་འཛིན་བྱང་རིན་མེད་ངང་མཁོ་འདོནབྱས་པ་དང་མེ་ཁྱེར་མཁའ་དབྱིངས་སྡོད་ཁང་དུ་ཞག་སྡོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་བྱས་པ་མ་ཟད།ད་དུང་ཕྱི་རོལ་དུ་སྒར་འདེབསརས་གུར་དང་བསྲེགས་འི་ཡོ་བྱད་རིན་མེད་ངང་མཁོ་འདོན་བྱས་ཤིང་།ཞག་སྡོད་ཡུལ་སྐོར་བ་རྣམས་ལ་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་ལྟ་སྐོར་འཛིན་བྱངའདོན་སྤྲོད་བྱས

         བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ནས་རྐང་ཚ་རྫོང་གིས“བདེ་འཇགས་དང་པོ་དང་སྔོན་འགོག་གཙོ་བོ”རྒྱུན་འཁྱོངས་བྱས་ཏེརིག་གནས་ཡུལ་སྐོར་དང་ཕྱོགས་བསྡུས་ཁྲིམས་བསྟར།ཁྲོམ་ར་ལྟ་སྐུལ་དང་འཕྲལ་བསྟུན་དོ་དམ་སོགས་སྡེ་ཁག་གིས་ལྗོངས་ཁུལ་དང་།མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་ བཟའ་བཏུང་ས་ཚིགས་དང་རིག་གནས་རོལ་རྩེད་བཅས་ལ་བདེ་འཇགས་ཞིབ་བཤེར་ཐེངས20སྤེལ་བ་དེར། མེ་གསོད་བདེ་འཇགས་སྒྲིག་བཀོད་དང་ཟས་རིགས་འཕྲོད་བསྟེན། དམིགས་བསལ་སྒྲིག་ཆས་འཁོར་སྐྱོད འཕྲལ་བསྟུན་སྔོན་ཇུས་སོགས་ཁྱབ་པར་བྱས་ཡོདདེ་དང་ཆབས་ཅིག རིག་གནས་ཡུལ་སྐོར་སྡེ་ཁག་དང་དེ་བཞིན་ལྗོངས་ཁུལ་སོ་སོ རིག་གནས་ཡུལ་སྐོར་ཁེ་ལས་བཅས་ཀྱིས་ཆུ་ཚོད24རིང་ལ་ཆེད་མངགས་མི་སྣས་ལས་རེས་བྱས་ཏེ་ཁྲོམ་རའི་གནས་ཚུལ་ལ་དུས་ཐོག་ཏུ་རྟོག་འཇལ་དང་ཡུལ་སྐོར་བའི་རེ་འདུན་ལ་ལན་བཏབ་པ་མ་ཟད། སྤྱི་བདེ་དང་འགྲིམ་འགྲུལ། འཕྲོད་བསྟེན་སོགས་སྡེ་ཁགགིས་འཕྲལ་བསྟུན་མཉམ་འགུལ་ལམ་སྲོལ་བཙུགས་ནས ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་སྒོས་ཐག་གཅོད་བྱ་བརཁག་ཐེག་བྱས་ནས་ཡུལ་སྐོར་ར་བདེ་འཇགས་དང་བློ་འཁེལ་པའིཡུལ་སྐོར་ཁོར་ཡུག་བསྐྲུན་ཡོད།