ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་།
ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་།
རྫོགས་ལྡན་སྟོན་གྱི་དུས་འདིར། ནམ་མཁའ་སྔོ་ཞིང་ལྗང་ལ་ས་གཞི་རྡུལ་དག རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ར་ནང་། རྒྱལ་ཁབ་སོ་སོའི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་ལྷབ་ལྷུབ་གཡོ་ཞིང་གྲལ་འགྲིག་ཡོད།
ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་ཀྱི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་དག་གི་ལྕམ་མོར་ཕྱག་འཇུ་གནང་བ་མ་ཟད་རྗེས་དྲན་འདྲ་པར་བླངས།

ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་ཀྱི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་དག་གི་ལྕམ་མོར་ཕྱག་འཇུ་གནང་བ་མ་ཟད་རྗེས་དྲན་འདྲ་པར་ལེན་པའི་ཚུལ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཁ་བྱང་ལ《པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་བ་ཇེ་མགྱོགས་སུ་གཏོང་དགོས》ཞེས་པའི་གཙོ་དོན་གཙོ་བོའི་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། བུད་མེད་ནི་མིའི་རིགས་དཔལ་ཡོན་གྱི་གསར་གཏོད་པ་དང་སྐུལ་འདེད་པ། རྒྱུད་འཛིན་པ་བཅས་གཙོ་བོ་ཡིན་ལ། བུད་མེད་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཡིན། ལོ་ངོ30སྔོན་དུ། པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱིས“འགུལ་སྐྱོད་ཀྱིས་འདྲ་མཉམ་དང་འཕེལ་རྒྱས། ཞི་བདེ་བཅས་བརྩོན་ལེན་བྱེད་དགོས”པའི་བླ་མེད་དམིགས་འབེན་གཏན་ཁེལ་བྱས་ཤིང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི《པེ་ཅིན་བསྒྲགས་གཏམ》དང《འགུལ་སྐྱོད་རྩ་འཛིན》ལ་གྲོས་འཆམ་བྱུང་སྟེ། ཕོ་མོ་འདྲ་མཉམ་དེ་དུས་རབས་ཀྱི་གྲོས་རིམ་དུ་བརྐོས་པ་དང་། འཛམ་གླིང་ཧྲིལ་བོའི་མི་རྣམས་ཀྱིས་དེའི་ཆེད་མུ་མཐུད་དུ་འབད་འབུངས་བྱེད་པར་སྐུལ་ལྕག་གནང་། ལོ་ངོ30རིང་། པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་དགོངས་དོན་གྱི་མཛུབ་ཁྲིད་འོག གོ་ལ་ཧྲིལ་བོའི་བུད་མེད་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས། མིའི་རིགས་ཀྱི་དཔལ་ཡོན་གོང་སྤེལ་ཆེད་བཀྲགས་མདངས་འཚེར་བའི་འོད་སྣང་བསྩལ་ཡོད། ཕོ་མོ་འདྲ་མཉམ་བརྩོན་ལེན་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་བ་དང་། བུད་མེད་ཀྱི་ཁེ་དབང་ལ་མངོན་གསལ་གྱི་འཕེལ་རྒྱས་བྱུང་ལ། བུད་མེད་ཀྱིས་སློབ་གསོ་མྱོང་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་ནས། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བའི་ཁྲོད་སྔར་ལས་གལ་ཆེ་བའི་བྱེད་ནུས་འདོན་སྤེལ་བྱས་ཡོད། ཕུལ་དུ་བྱུང་བའི་བུད་མེད་སྐོར་ཞིག་རྒྱལ་སྤྱིའི་གར་སྟེགས་སུ་བུད་དེ། ངོ་འཚར་བའི་མི་ཚེ་འགྲེལ་བཤད་དང་བློ་རིག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྔར་བཞིན་རྙོག་འཛིང་གི་འགྲན་སློང་ལ་འཕྲད་ཡོད་པ་དང་། ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པར་ལས་འགན་ལྕི་ལ་ཡུན་རིང་བ་ཡིན། མ་འོངས་པར་ཁ་ཕྱོགས་ཏེ། ཕྱོགས་སོ་སོས་པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ། བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་སྔར་ལས་རྒྱ་ཆེ་བའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྔར་ལས་རྒྱ་ཆེ་བའི་བགྲོད་ལམ་གསར་འབྱེད། སྔར་ལས་དངོས་བརྩོན་གྱི་འགུལ་སྐྱོད་བཅས་སྤེལ་དགོས། ཞི་ཅིན་ཕིང་གིས་གྲོས་གཞི4བཏོན་པ་སྟེ།
དང་པོ། ཐུན་མོང་དུ་བུད་མེད་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་དགོས། དམག་འཁྲུག་གདོང་ཐུག་དང་དབུལ་ཕོངས་གནོད་འཚེའི་ས་ཁུལ་གྱི་བུད་མེད་དང་བུ་མོ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་ལམ་སྲོལ་ཆ་ཚང་དང་འཐུས་ཚང་དུ་བཏང་ནས། བུད་མེད་ལ་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་རྣམ་པ་མཐའ་དག་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས།
གཉིས་པ། ཐུན་མོང་ཐོག་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་གསོ་སྐྱོང་བྱ་དགོས། གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་དོ་མཉམ་མིན་པ་དང་མི་འདང་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ། བུད་མེད་ཡོངས་ལ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས། བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱ་ཆེའི་བུད་མེད་རྣམས་ཀྱིས་འཛམ་གླིང་དེང་རབས་ཅན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་དུ་མི་ཚེ་གཟི་བརྗིད་ལྡན་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།
གསུམ་པ། ཐུན་མོང་ཐོག་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་འཛུགས་དགོས། ལམ་ལུགས་དང་བཅའ་ཁྲིམས་འཐུས་ཚང་དུ་བཏང་ནས་སྤུས་ལེགས་ཀྱི་བདེ་ཐང་དང་སློབ་གསོའི་ཐོན་ཁུངས་དེ་བས་མང་པོས་བུད་མེད་ཚང་མར་ཕན་ཁེ་བསྐྲུན་པ་དང་། རྒྱ་ཆེའི་བུད་མེད་ལ་སྔར་ལས་ཁྱོན་ཡོངས་དང་དྲང་གཞག་ངང་ཁེ་དབང་སྣ་ཚོགས་ལོངས་སུ་སྤྱོད་དུ་འཇུག་གང་ཐུབ་བྱ་དགོས། བསྟུན་མཁས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། བུད་མེད་ཀྱི་སྲིད་ཞུགས་སྲིད་གྲོས་ཀྱི་ཐབས་ལམ་རྒྱ་བསྐྱེད་གཏོང་བ་དང་། བུད་མེད་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་ཏུ་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཕོ་མོ་འདྲ་མཉམ་དེ་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་ཚད་གཞིར་དངོས་སུ་འགྱུར་བར་བྱེད་དགོས།
བཞི་པ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་བ་རྩོམ་དགོས། བུད་མེད་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་པ། བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དགོས་མཁོརདེ་བས་དོ་ཁུར་མང་པོ་བྱེད་པ་དང་། རྒྱལ་ཁབ་ཁག་གི་བུད་མེད་ལ་མཉམ་ལས་ཀྱི་སྟེགས་བུ་ཡངས་ཤིང་རྒྱ་ཆེ་བ་བསྐྲུན་ནས། ཡག་ཐོག་ཡག་བརྩེགས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་བུད་མེད་ཀྱི་བྱ་གཞག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱ་ཆེ་བའི་ལག་ལེན་ནང་འདྲེས་རྒྱུ་མཐའ་འཁྱོངས་བྱས་ནས། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བས། ཀྲུང་གོའི་བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་“གནམ་གྱི་ཕྱེད་ཀའི”ནུས་པ་དངོས་སུ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ལ་གོ་སྐབས་དང་འགན་སྲུང་ཧུར་ཐག་མཁོ་འདོན་བྱས་ནས། རྒྱལ་སྤྱིའི་བུད་མེད་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་གིན་ཡོད། མ་འོངས་པའི་ལོ་ལྔའི་ནང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ལ་སླར་ཡང་ཨ་སྒོར་ཁྲི1000ཞལ་འདེབས་རྒྱག་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩའི་མ་དངུལ་ཨ་སྒོར་དུང་ཕྱུར1བཏོན་ནས། རྒྱལ་སྤྱིའི་རྩ་འཛུགས་མཉམ་ལས་དང་མཉམ་དུ་བུད་མེད་དང་བྱིས་པའི་འཕེལ་རྒྱས་མཉམ་ལས་ལས་གཞི་ལ་སྐུལ་འདེད་བཏང་། དམངས་འཚོ་འཕེལ་རྒྱས་ཁྱབ་ཁོངས་སུ“ཆུང་ཞིང་མཛེས་པའི”རྣམ་གྲངས1000ལ་རོགས་སྐྱོར་བྱ་རྒྱུ། བུད་མེད་ཁྲི5ཀྲུང་གོར་སྤེལ་རེས་ཞིབ་འཇུག་སྦྱོང་བརྡར་བྱེད་པར་གདན་འདྲེན་ཞུ་རྒྱུ། “གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པ་འཛུགས་སྐྱོང་ལྟེ་གནས”བཙུགས་ནས་ཕུལ་དུ་བྱུང་བའི་བུད་མེད་ཤེས་ལྡན་མི་སྣ་དེ་བས་མང་པོ་མཉམ་ལས་དང་གསོ་སྐྱོང་བྱ་རྒྱུ་ཡིན།
མཇུག་ཏུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་ལངས་ནས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་པེ་ཅིན་གོ་ལ་ཧྲིལ་བོའི་བུད་མེད་ཚོགས་འདུའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་དམིགས་ཏེ། བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་བཏང་སྟེ། ཐུན་མོང་ཐོག་སྔར་ལས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད།
པིན་ཏའོ་ཡི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིའར་དང་། ཏོ་སྨི་ཉི་ཁེ་ཙུང་ཐུང་པོ་ཏུན། ཅ་ནའི་ཙུང་ཐུང་མ་ཧ་མ། མོ་སང་པི་ཁེའི་ཙུང་ལི་ལའེ་ཝེ། སི་རི་ལན་ཁའི་ཙུང་ལི་ཨ་མ་ལ་སུའུ་ལི་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མིང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་པ་ཧུའུ་སི་བཅས་ཀྱིས་སོ་སོར་ཤིས་ཚིག་གནང་བ་རེད། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་རྩེ་ཚོགས་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་དང་བྱེད་ཐབས་ལ་དགའ་བསུ་ཞུས་པ་རེད། ཕྱོགས་ཁག་སོ་སོས་ནན་གྱིས་བསྟན་དོན། ལོ་ངོ30སྔོན་དུ་པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《པེ་ཅིན་བསྒྲགས་གཏམ》དང《འགུལ་སྐྱོད་རྩ་འཛིན》ལ་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ཁས་ལེན་བྱས་པ་དེ་ནི་བུད་མེད་ཀྱི་བྱ་གཞག་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་ལམ་ཐིག་རི་མོ་ཞིག་རེད། ཀྲུང་གོས་དབུལ་ཕོངས་ལས་ཐར་བ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ལ། རང་ཉིད་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ལེགས་འགྲུབ་ངང་མངོན་འགྱུར་བྱེད་པ་དང་ཆབས་ཅིག འགན་འཁྲི་ཁག་ཁུར་གསལ་པོ་དང་མགོ་ཁྲིད་ནུས་པ་སྟོབས་ལྡན་ལ་བརྟེན་ནས། འཛམ་གླིང་གི་བུད་མེད་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། བུད་མེད་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འགག་རྩའི་རྒྱུ་རྐྱེན་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཐེངས་ཀྱི་རྩེ་ཚོགས་མགོ་ཚུགས་ས་གསར་པར་བྱས་ཏེ། པེ་ཅིན་གྱི་གོ་ལ་ཧྲིལ་བོའི་བུད་མེད་ཚོགས་འདུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་ཚོགས་ཞུགས་ཀྱི་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཝང་དབྱི། དབྱིན་ལི། ཐའེ་ཉིང་། ཧྲིན་ཡུའེ་ཡུའེ་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
ཧྲིན་དབྱི་ཆིན་གྱིས་མགོ་རྩོམ་མཛད་སྒོར་མགོ་འཛིན་གནང་། །