མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ10པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུན་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པར་མ་ཟད། གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས།
ཚོགས་འདུ་ལས་ཟླ9པའི་ཚེས29ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། འཛམ་གླིང་བུད་མེད་རྩེ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གཙོ་དོན་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་བྱེད་ནུས། མང་ཚོགས་ཀྱི་རེ་སྒུག མ་འོངས་པའི་ཁ་ཕྱོགས་བཅས་ནུས་ལྡན་གྱིས་མཉམ་སྦྲེལ་བྱེད་པ་དང་། ཞིབ་འཇུག་གཏིང་ཟབ་དང་འཆར་འགོད་ཞིབ་མོ་བྱས་ནས་མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་བཟོ་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་ཁ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་གསལ་བོར་དམ་པོར་སྦྲེལ་བ། མོས་མཐུན་ལྔ་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཆུ་ཚད་གསར་པར་སླེབས་པར་བྱེད་པ། ཆོས་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་སྟེང་བྱས་རྗེས་གསར་པ་འཇོག་པ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་སྟེང་གྲུབ་འབྲས་གསར་པ་བླངས་ཏེ། མཚོ་སྔོན་གྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། བུད་མེད་གནམ་གྱི་ཕྱེད་ཀ་ཡིན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། བུད་མེད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་རྣམ་པ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་སུ་བུད་མེད་ལ་བརྩི་འཇོག་དང་གཅེས་སྐྱོང་། བུད་མེད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལྟར། ཏང་གི་སློབ་གྲྭའི་རུས་ཏང་ཡིན་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆེད་དུ་འཇོན་མི་གསོ་སྐྱོང་དང་ཏང་གི་ཆེད་དུ་འཐབ་ཇུས་འདོན་པའི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས། གཟབ་ནན་གྱིས་སློབ་གྲྭ་བཅོས་སྐྱོང་དང་། གཟབ་ནན་གྱིས་སློབ་ཁྲིད་བཅོས་སྐྱོང་། གཟབ་ནན་གྱིས་སློབ་སྦྱོང་བཅོས་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་གཏོང་བ། སློབ་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།
གྲོས་ཚོགས་ལས་དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་དུས་ཚིགས་བཞི་པའི་གཙོ་གནད་བྱ་བའི་ཐད་ཀྱི་བྱེད་ཐབས་དང་གྲོས་གཞིའི་སྙན་ཞུར་ཉན་རྗེས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས། དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་སླར་གསོའི་རྣམ་པ་མངོན་ཡོད། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་ཕྱོགས་དམ་འཛིན་དང་འགྲན་སློང་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། སྔར་ལས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། བཟོ་ལས་རྒྱུན་མཐུད་འཕར་སྣོན་ཡོང་བ་དང་ཕན་ལྡན་དངུལ་གཏོང་རྒྱ་བསྐྱེད་པ། འཛད་སྤྱོད་སླར་གསོ་ཡོང་བ་སོགས་གཙོ་གནད་འགན་འཁྲིར་དམ་པོར་དམིགས་ནས་ལྷོད་གཡེང་མི་བྱེད་པ་དང་། བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ། དཔལ་འབྱོར་བཀོད་གཏོང་གཏིང་ཟབ་བྱེད་པ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། སྤྱོད་ཚུལ་འགན་སྲུང་སྲ་སྒྱུར་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཧུར་ཐག་གིས་ཡོངས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་བྱས་རྗེས་འཇོག་དགོས།
གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུར་ཉན་རྗེས་བསྟན་དོན། ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཕྱིར་ལྡོག་བྱ་བ་ལེགས་པོར་སྒྲུབ་པ། འགན་འཁྲི་གཟབ་ནན་དུ་བཏང་ནས་སྐོར་ཞིབ་རྗེས་ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱོད་ཚུལ་གྱི་རྣམ་པ། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་རང་སྐྱོང་ལྗོངས་དང་ཀྲུང་གོ་ཡར་ཀླུང་གཙང་བོ་སྡེ་ཚོགས་སུ་སློབ་སྦྱོང་དང་ལྟ་ཞིབ་ཏུ་སོང་བའི་གནས་ཚུལ་ལ་ཉན་པ་དང་། 《རྨ་ཆུའི་སྟོད་རྒྱུད་ཙོང་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྗང་མདོག་འཕེལ་རྒྱས་ལག་བསྟར་ཇུས་གཞི་མཚོ་སྔོན་དུ་དོན་འཁྱོལ་བྱེད་པའི་གསལ་ཁྲ》དང《ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བའི་ལག་བསྟར་ཇུས་གཞི》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །