ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གནད་དོན3སྐོར་གྱི་བརྡ་ཁྱབ།
发布时间:2025年10月23日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

སྔར་ལས་ལྷག་པར་སྒྲིག་ཁྲིམས་ནན་མོ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་སུ་སྒྲིག་ཁྲིམས་ནན་མོ་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་ཆེད། ཉེ་ལམ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གནད་དོན3གྱི་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མིའམ། ཅུས་ཀྲང་གཞོན་པ་བསྟན་འཛིན་གྱིས་སྒྲིག་སྲོལ་དང་འགལ་ནས་ལག་སྐྱེས་ལེན་པའི་གནད་དོན། 2018ལོ་ནས2025ལོ་བར་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་རིམ་གོང་མཐོ་བའི་ཐ་མག་དང་ཨ་རག ལག་སྐྱེས་སོགས་ཐེངས་མང་པོར་དང་ལེན་བྱས་པ་དང་། བཀག་ཉར་བྱེད་པའི་ཉིན་དེར་ད་རུང་ལག་སྐྱེས་བླངས། བསྟན་འཛིན་ལ་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བཟོས་པའི་གནད་དོན་གཞན་དག་ཡོད་པ་དང་། 2025ལོའི་ཟླ9བར། ཏང་ཁོངས་དང་གཞུང་ལས་ནས་ཕྱིར་འབུད་བྱས་པ་དང་། དོགས་ཡོད་ཉེས་གསོག་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུ་རེད།

མཚོ་བྱང་ཁུལ་མིན་ཡོན་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅིའམ། ཅུས་ཀྲང་མ་ཞུའེ་ཕིང་གིས་སྒྲིག་འགལ་ངང་ཟ་འཐུང་དང་། སྒྲིག་འགལ་ངང་ལག་སྐྱེས་ལེན་པ་སོགས་ཀྱི་གནད་དོན། 2020ལོ་ནས2025ལོ་བར་མ་ཞུའེ་ཕིང་གིས་ཟི་ལིང་དང་མིན་ཡོན་སོགས་ནས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་རིམ་གོང་མཐོ་བའི་ཐ་མག་དང་ཨ་རག ཉོ་སྒྲུབ་བྱང་བུ་སོགས་ཀྱི་ལག་སྐྱེས་དང་ལག་དངུལ་ཐེངས་མང་བླངས་པ་དང་། སྡེ་ཁག་ཏུ་སྒེར་གྱི་སྒོར་ཁྲི3.05ཅན་གྱི“དངུལ་མཛོད་ཁུང”བཙུགས་ནས། སྡེ་ཁག་དང་མི་སྒེར་གྱི་འགྲོ་སོང་ལ་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད། མ་ཞོ་ཕིང་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་པ་དང་། 2025ལོའི་ཟླ9པར་ཏང་ཁོངས་དང་གཞུང་ལས་ནས་ཕྱིར་འབུད་བྱས།

རྨ་ལྷོ་ཁུལ་ཧོ་ནན་རྫོང་སྤྱི་བདེ་ཅུས་གཡུ་སྒང་ཉིན་གྲོང་རྡལ་མངག་གཏོང་ཁང་གི་དེ་སྔའི་མགོ་གཙོ་ཐང་ཁྲེང་གིས་སྒྲིག་འགལ་གྱིས་ལག་སྐྱེས་དང་ལག་དངུལ་ལེན་པ་དང་སྒེར་གྱི“དངུལ་མཛོད་ཁུང”བཙུགས་པའི་གནད་དོན། 2022ལོ་ནས2025ལོ་བར་ཐང་ཁྲེང་གིས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ནོར་ཤ་དང་ལུག་ཤ། ཐ་མག་དང་ཨ་རག་སོགས་ཀྱི་ལག་སྐྱེས་དང་དེ་བཞིན་ལག་དངུལ་ཐེངས་མང་བླངས་པ། འགྲོ་སོང་གི་འགྲོ་ལུག་རྫུན་མ་སྒྲུབ་པ་དང་དངུལ་ཆད་སོགས་གཞུང་བཞེས་དངུལ་ལ་རྩིས་ཁྲར་མི་འགོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞུང་དངུལ་སྒོར་ཁྲི19.9གཡོ་ལེན་བྱས་ཏེ་སྒེར་གྱི“དངུལ་མཛོད་ཁུང”བཙུགས་ནས། སྡེ་ཁག་གི་རྒྱུན་ལྡན་གྱི་འགྲོ་སོང་དང་མི་སྒེར་གྱི་འཛད་སྤྱོད་ལ་བེད་སྤྱོད་བྱེད་ཀྱིན་ཡོད། ཐང་ཁྲེང་ལ་ད་དུང་སྒྲིག་ཁྲིམས་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པ་དང་། 2025ལོའི་ཟླ9པར་ཏང་ཁོངས་དང་གཞུང་ལས་ནས་ཕྱིར་འབུད་བྱས་པ་དང་། དོགས་ཡོད་ཉེས་གསོག་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱས།

གོང་གི་གྱོད་དཔེ་ལས་ལ་ལའི་ཡུན་རིང་སྒྲིག་འགལ་གྱིས་ཟ་འཐུང་དང་། སྒྲིག་འགལ་གྱིས་ལག་སྐྱེས་དང་ལག་དངུལ་ལེན་པ། ལ་ལའི་ཟ་འཐུང་བྱེད་པ་དང་ལག་སྐྱེས་ལེན་པ་བཅས་སྒེར་གྱིས་“དངུལ་མཛོད་ཁང”བཙུགས་ནས་མི་སྒེར་གྱི་འགྲོ་སོང་ལ་སྤྱོད་པ་མ་ཟད། ཐ་ན་ལག་དངུལ་བླངས་ནས་བྱ་བ་སྒྲུབ་པ་དེ་ནི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གཉིས་གཞི་གཅིག་ཏུ་འདྲེས་པའི་དཔེ་མཚོན་ཞིག་རེད། གནད་དོན་དེ་དག་ལས་ཏང་ཀྲུང་དབྱང་གིས་ཡང་དང་བསྐྱར་དུ་བཀའ་བརྡ་ནན་མོ་བཏང་བའི་འོག་ཏུའང་། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་སྔར་བཞིན་བརྩི་འཇོག་མི་བྱེད་པ་དང་ཚོད་འཛིན་མི་བྱེད་པར་སྒྲིག་འགལ་བྱེད་པར་མཚོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་གནད་དོན་དེའི་ཁྲོད་ནས་བསླབ་བྱ་ཐོབ་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་ཡང་དག་པ་བཏང་སྟེ།  ནོར་སྲིད་དཔལ་འབྱོར་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་རང་འདོམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། “མཐར་ཐིག”ལས་མི་བརྒལ་བ་དང་། “དམར་ཐིག”ལ་རྡོག་པ་མི་བྱེད་པ་། “མཐོ་གནོན་གློག་སྐུད”ལ་མི་རག་པ་བཅས་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ། ཏང་རྩ་འཛུགས་རིམ་པ་སོ་སོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་སུ་འཁུར་བ་དང་། དོན་དངོས་སྟེང་སྤྱོད་ཚུལ་དམ་འཛིན་དང་སྤྱོད་ཚུལ་བསྒྱུར་བར་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འགན་འཁྲི་དང་པོ་རུ་བརྩི་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། རྒྱུན་ཆད་མེད་པར་སློབ་གསོ་སློབ་སྦྱོང་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ཐད་རྒྱུན་དུ་ཞིབ་འཇུག་དང་རྒྱུན་དུ་བཀོད་སྒྲིག་བྱེད་པ་དང་། བྱེ་བྲག་དང་ཞིབ་ཕྲའི་དམ་འཛིན་བྱས་ཏེ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་མཐའ་གཅིག་ཏུ་བྱེད་པར་བརྟེན“སྤྱོད་ཚུལ་བཞིའི”བཅོས་བསྒྱུར་བྱས་ཐོག སྤྱོད་ཚུལ་གསར་པ་འཛུགས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་སོ་སོས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི“བླང་བྱ་ནན་མོ”དེ“བྱེད་ཐབས་མཁྲེགས་པོ”རུ་འགྱུར་བ་དང་། “ལྕགས་ཀྱི་སྒྲིག་སྲོལ”ལ“ལྕགས་ཀྱི་ཡ་སོ”སྐྱེ་ཐུབ་པ་དང་། སྤྱོད་ཚུལ་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་དངུལ་ལ་བརྟེན་ནས་ཟ་འཐུང་བྱེད་པ་དང་། ལག་སྐྱེས་དང་ལག་དངུལ་ལེན་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། “དངུལ་མཛོད་ཁུང”གི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་སོགས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པ་སྤྱད་དེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་བསྐྲུན་པར་འགོག་རྐྱེན་གཙང་སེལ་དང་སྲུང་སྐྱེལ་བྱ་རྒྱུ་རེད།  །