སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གིས་གཟའ་འཁོར་རེར“ལས་བྱ་མེད་པའི་ཉིན་མོ”ཉིན་གཅིག་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ།
发布时间:2025年10月28日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཚེས24ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། སློབ་གྲྭ་ཆུང་འབྲིང་སློབ་མའི་སེམས་ཁམས་བདེ་ཐང་གི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། སློབ་གསོ་པུའུ་ཡིས་ཉེ་སྔོན་བྱ་ཐབས་ཁག10ཁྱབ་བསྒྲགས་བྱས་པའི་ནང་གཟའ་འཁོར་རེར“ལས་བྱ་མེད་པའི་ཉིན་མོ”ཉིན་གཅིག་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་སོགས་ཚུད་ཡོད། 

“སློབ་མའི་རྒྱུགས་ལེན་སློབ་འཕར་གྱི་སེམས་ཁྲལ་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བའི”བྱེད་ཐབས་བཏོན་པ་སྟེ། སློབ་མའི་ལས་བྱ་ལྗིད་དྲགས་པའི་ཁུར་པོ་ཡང་དུ་གཏོང་བ་དང་། ཡིག་ཐོག་ལས་བྱ་བསྡོམས་འབོར་ཚོད་འཛིན་ནན་པོ་བྱེད་པ། འཕྲུལ་ཆས་བསྐྱར་ཟློས་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་གཏན་འགོག་བྱེད་པ། གཟའ་འཁོར་རེར“ལས་བྱ་མེད་པའི་ཉིན་མོ”ཉིན་གཅིག་འཛུགས་རྒྱུར་སྐུལ་ལྕག་བྱེད་དགོས། རྒྱུགས་ལེན་དོ་དམ་ཚད་ལྡན་དུ་གཏོང་བ་དང་། རྒྱུན་གཏན་གྱི་རྒྱུགས་ལེན་ཐེངས་གྲངས་ཉུང་དུ་གཏོང་བ། རྒྱུགས་ལེན་པའི་དཀའ་ཚད་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། རྒྱུགས་ལེན་པའི་གྲུབ་འབྲས་ལ་བརྟེན་ནས་སློབ་མར་ཨང་རིམ་བཀོད་མི་ཆོག སློབ་གྲྭའི་ཕྱི་རོལ་གསོ་སྦྱོང་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་རིག་ཚན་རིགས་ཀྱི་གསོ་སྦྱོང་མུ་མཐུད་དུ་ཚོད་འཛིན་ནན་པོ་བྱེད་པ་དང་། རིག་ཚན་རིགས་མིན་པའི་གསོ་སྦྱོང་ཚད་ལྡན་དུ་གཏོང་བ། རིག་ཚན་རིགས་ཀྱི་མངོན་མེད་གཞན་འགྱུར་གསོ་སྦྱོང་སྔོན་འགོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་འབྲིང་རྒྱུགས་ལེན་བསྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་མཐོ་འབྲིང་དུ་སློབ་མ་བསྡུ་བའི་དམིགས་ཚད་སློབ་གྲྭར་དམིགས་པ་ཇེ་མགྱོགས་སུ་གཏོང་བ། དོ་སྙོམས་ངང་སྡོད་གནས་མངགས་གཏོང་གི་སློབ་མ་བསྡུ་བའི་ཚོད་ལྟ་བྱས་ཏེ་སློབ་མ་དང་ཁྱིམ་བདག་གི་སློབ་ཞུགས་ཀྱི་སེམས་ཁྲལ་ཞི་ལྷོད་དུ་གཏོང་དགོས། ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོ་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་སློབ་དེབ་ནང་འཇུག་པའི་ཕྱོགས་སྟོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཟླ་རེར་ཉུང་མཐར་ཡང་ཕྱོགས་བསྡུས་རང་བཞིན་གྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཐེངས་གཅིག་སྤེལ་ནས། སློབ་མའི་ཚེ་སྲོག་སློབ་གསོ་དང་ལང་ཚོའི་དུས་ཀྱི་སློབ་གསོ། བར་ཆད་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་མའི་ཁོར་ཡུག་དང་འཚམ་པ་དང་། སེམས་ཁམས་སྙོམ་སྒྲིག་བྱེད་པ། གནོན་ཤུགས་ལ་ཁ་གཏད་གཅོག་པ་སོགས་ཐད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སེམས་ཁམས་ཀྱི་མཉེན་གཤིས་དང་སེམས་ཁམས་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས། 

“‘ཉིན་རེར་ལུས་རྩལ་ཆུ་ཚོད2’ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད”པར་བྱེད་ཐབས་བཏོན་ནས། སློབ་གྲྭ་དང་སྡེ་ཁུལ་མཉམ་ལས་བྱས་ནས་མཐའ་འཁོར་གྱི་ལུས་རྩལ་ཁང་སྒོ་འབྱེད་པར་བསྔགས་སྐུལ་བྱེད་པ་དང་། སློབ་མས་སློབ་གྲྭ་གྲོལ་རྗེས་ལུས་རྩལ་སྦྱོང་བརྡར་བྱ་རྒྱུར་སྦྱོང་སའི་འགན་སྲུང་མཁོ་འདོན་བྱེད་དགོས། 

“སློབ་མའི་གཉིད་ལོག་པའི་དུས་ཚོད་འདང་ངེས་ལ་འགན་ལེན་བྱ་རྒྱུའི”བྱེད་ཐབས་ཁ་གསལ་བཟོས་ནས། གཉིད་ལོག་པའི་དོ་དམ་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ།དུས་ཚོད་ལས་བརྒལ་ནས་སློབ་སྦྱོང་བྱེད་པ་སོགས་སྒྲིག་འགལ་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སློབ་སྦྱོང་ལྕི་དྲགས་པ་དང་གོ་རིམ་མེད་པའི་འགྲན་རྩོད་ཀྱིས་གཉིད་ལོག་པའི་དུས་ཚོད་བཙན་བཟུང་བྱེད་པར་སྔོན་འགོག་བྱེད་དགོས། སློབ་མའི་གཉིད་ལོག་པའི་གནས་ཚུལ་དེ་སློབ་མའི་གཟུགས་གཞི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་སློབ་གསོའི་སྤུས་ཚད་གདེང་འཇོག་ལྟ་ཞིབ་ཚད་ལེན་མ་ལག་ནང་འཇུག་དགོས། 

“སློབ་མའི་བདེ་ཐང་ངང་དྲ་རྒྱ་སྤྱོད་པའི་གོམས་གཤིས་གསོ་སྐྱོང་བྱ་རྒྱུའི”བྱེད་ཐབས་བཏོན་ནས། སློབ་མས་སློབ་གྲྭར་འཁྱེར་ཡོང་བའི་རིག་ནུས་མཐའ་སྣེའི་ཐོན་རྫས་ལ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ལག་ཐོགས་ཁ་པར་སོགས་གློག་རྡུལ་ཐོན་རྫས་སློབ་ཚན་དུ་འཁྱེར་རྒྱུ་གཏན་འགོག་བྱེད་དགོས། 

གཞན་ཡང་། བྱ་ཐབས་ནང་ད་དུང་དམིགས་བསལ་སློབ་མའི་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་དང་ཐེ་གཏོགས་ལམ་སྲོལ་འཛུགས་པ། སློབ་མ་ཡོངས་ཀྱི་སེམས་ཁམས་གསོ་སྐྱོང་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སློབ་གྲྭའི་སེམས་ཁམས་རྒྱབ་སྐྱོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁྱིམ་ཚང་འཆམ་མཐུན་གྱི་ཕ་བུའི་འབྲེལ་བ་གསོ་སྐྱོང་བྱེད་པ། སྡེ་ཚན་གྱི་མཐུན་སྦྱོར་འགོག་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད། །