《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དཔེ་སྐྲུན་འགྲེམ་སྤེལ་བྱས།
发布时间:2025年11月19日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་ཉེ་ཆར་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་ངེས་གནས་དང་། ཁྲིམས་སྐྱོང་བཀོད་སྒྲིག གཟབ་ནན་གྱིས་ཁྲིམས་སྐྱོང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གསལ་པོར་བཏོན་ཡོད་པར་མ་ཟད། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ནང་བཀོད་ནས་སྐུལ་འདེད་ནུས་ལྡན་བཏང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་དང་ལག་ལེན་ལ་མཆོང་བསྐྱོད་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་འགོ་ཁྲིད་བྱས་པའི་ཕུན་སུམ་ཚོགས་པའི་ལག་ལེན་དང་ཉམས་མྱོང་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱས་པ་ཡིན་ལ། དེས་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་མིའི་རིགས་ཀྱི་ཁྲིམས་སྐྱོང་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱས་པ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་འཕེལ་རྒྱས་གཏོང་བར་ཐོག་མའི་གསར་གཏོད་རང་བཞིན་དང་གཅིག་བསྡུས་རང་བཞིན་གྱི་བྱས་རྗེས་གལ་ཆེན་བཞག་སྟེ།  དུས་རབས་གསར་པའི་ནང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས།

《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་ནི། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2025ལོའི་ཟླ2པའི་བར་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཆེས་གལ་ཆེ་བ་དང་ཆེས་གཞི་རྩའི་གསུང་རྩོམ་རྣམས་དུས་ཚོད་ཀྱི་གོ་རིམ་ལྟར་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་ལ། དེའི་ཁྲོད་དུ་སྙན་ཞུ་དང་། གསུང་བཤད། མཛུབ་སྟོན་དང་མཆན་བཀོད་སོགས་ཁྱོན་བསྡོམས་གསུང་རྩོམ69ཡོད། གསུང་རྩོམ་ཁ་ཤས་ནི་ཐེངས་དང་པོར་ཁྱབ་བསྒྲགས་བྱས། 

《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དབང་གྲགས་ལྡན་པའི་སློབ་དེབ་འདོན་སྤྲོད་བྱས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ།“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་།“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་དམ་པོར་མཐུན་སྒྲིལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། །