སྐབས་ལྔ་བའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས།
发布时间:2025年11月21日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ11པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་སྐབས་ལྔ་བའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཏང་སྲིད་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། བརྗོད་སྙིང་ནི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས་ཞེས་པ་དེ་རེད། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡི་པུའུ་ཀྲང་ལིའུ་ཧེ་ཞིན་དང་། ཝ་ནོའུ་ཨ་ཐུའུ་གྲོས་ཁང་གི་གྲོས་དཔོན། གཙོ་འཛིན་ཏང་གི་གྲོས་མི་ཧྥེ་ལེ་ཁི་སི་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་ཆབ་སྲིད་མགོ་ཁྲིད་པ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་བཅས་ཚོགས་འདུར་ཞུགས།

ལིའུ་ཧེ་ཞིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དག་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱས་ཤིང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དང་ཆབ་སྲིད་པ་དག་དང་མཉམ་དུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། ཐུན་མོང་ལྟ་ཚུལ་གྱི་སྣེ་ཁྲིད་ནུས་པ་དང་ཕན་ཚུན་སློབ་སྦྱོང་དཔེར་ལེན་གྱི་དཔེ་སྟོན་ནུས་པ། དངོས་གཉེར་མཉམ་ལས་ཀྱི་སྐུལ་འདེད་ནུས་པ་བཅས་ལ་བརྟེན་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱེད་འདོད་ཡོད་ཟེར། ལིའུ་ཧེ་ཞིན་གྱིས་ད་རུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཚམས་སྦྱོར་བྱས།

ཚོགས་ཞུགས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་ཆབ་སྲིད་མགོ་ཁྲིད་པས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་བར་གྱི་བརྗེ་རེས་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་བོའི་འདོད་བློ་བཞི་མཉམ་དུ་དངོས་འབེབས་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་དང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། །