ཚན་རིག་ནུས་སྐྱེད་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་ལྕོག”གཏན་སྲུང་བྱེད་པ།
发布时间:2025年11月27日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཁྱབ་ཁོངས་ཨ་མདོ་ཡུག་ཁུལ་རྨ་ཆུ་ཤང་གི་རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས་རེད།

མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་བཅངས་པའི་ཐུན་མོང་གི་རེ་འདུན་ཡིན། བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ནན་ཏན་གྱིས་ལག་བསྟར་བྱས་ནས། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱིས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་གཏན་སྲུང་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདོ་དབུས་ལེའུ་ཧུར་ཐག་གིས་བརྩོན་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་སྒང་ལ། བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་མཉམ་འབྲེལ་ངང“‘རི་བོ་གཉིས’ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པ”ཞེས་པའི་མདོ་དབུས་མཉམ་འགུལ་གསར་འགྱུར་སྤེལ། སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པ་གཙོ་ཐིག་ཏུ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་། ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར། སྐྱེ་ཁམས་ཕྱུགས་ལས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ཕྱོགས་ཡོངས་ནས་མདོ་དབུས་མཐོ་སྒང་གིས་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཡོངས་སུ་མངོན།

“ཀྲུང་ཧྭའི་ཆུ་ལྕོག”ནི་ཚེ་སྲོག་གི་འབྱུང་ཁུངས་དང་། མདོ་དབུས་འབྲེལ་མཚམས་ཀྱི་སྐྱེ་ཁམས་གཙོ་གནས་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་དུ་གནས་ཡོད།

འཁྱགས་རོམ་དང་བརླན་ས། མཚེའུ་བཅས་གནས་དེར་རང་བྱུང་ཆུ་མཛོད་དུ་གྲུབ་པས། བྱ་དངོས་ཡོད་ཚད་གསོ་སྐྱོང་བྱེད་བཞིན་ཡོད། གསའ་ཡང་ཡང་མངོན་པ་དང་གཙོད་ཁྱུ་གནས་སྤར་བ། ཁྲུང་ཁྲུང་སྐེ་ནག་གིས་ལྡིང་སྐོར་རྒྱག་བཞིན་པ། རྒྱལ་ཁབ་རིམ་པའི་གཙོ་གནད་སྲོག་ཆགས་རིགས60གནས་དེར་འཚོ་སྡོད་བྱེད་བཞིན་ཡོད། དེས་ཚེ་སྲོག་གི་དཔའ་ངར་ཞུམ་མེད་དང་གསོན་ཤུགས་མཚོན། འཁྱགས་དར་ནང་གནམ་ཟླའི་འགྱུར་ལྡོག་དང་གསང་བ་སྦས་བས་ཐུན་མོང་མ་ཡིན་པའི་ས་གཤིས་ཀྱིས་སའི་གོ་ལའི་འཕོ་འགྱུར་དང་རྗེས་ཤུལ་མཚོན།

ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་འཇལ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་སུ་བསྐྱོད་དུས། བརྙན་ངོས་སུ་འཁྱགས་རོམ་དང་གཙོད་ངལ་གསོ་བ་སོགས་ཀྱི་རྣམ་པ་མིག་ལམ་དུ་མངོན། །