ནམ་ཟླ་དགུན་ལ་སླེབས་བྱུང་། མཚོ་མོར་དར་ཁ་ཆགས་སོང་།
发布时间:2025年11月28日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གྲང་རྒྱུན་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཏེ་དྲོད་ཚད་མུ་མཐུད་ཇེ་དམའ་རུ་ཕྱིན་པ་དང་བསྟུན་ནས། “མཐོ་སྒང་གི་ཨིནྡྲ་ནཱི་ལ”ཞེས་སུ་གྲགས་པའི་མཚོ་སྔོན་པོར་ཡང་རིམ་བཞིན་དར་ཆགས་མགོ་བརྩམས་ལ། ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་བཀུག་ཡོད།མི་མེད་གནམ་གྲུའི་བརྙན་མིག་ནས་ཐུར་དུ་བལྟས་ཚེ། མཚོ་ངོས་ནི་གནམ་སའི་བར་མཚམས་སུ་མངོན་པར་སྤྲས་པའི“གཡུ་ཡི་སྐ་རགས”ཤིག་དང་འདྲ་བར། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ལ། གཞན་དང་མི་འདྲ་བའི་སྒེག་ཉམས་མངོན་ཡོད། འཁྱགས་པས་བསྡམས་པའི་མཚོ་ངོས་སུ་མཚར་ཉམས་མངོན་ཞིང་། མཚོ་འགྲམ་དུ་རླུང་བུས་ཁུར་ནས་ཕྱོགས་གཅིག་ཏུ་སྤུངས་པའི་འཁྱག་རོམ་རྡོག་པོ་དྭངས་ཤིང་གསལ། ཉི་མ་ནུབ་ཁར། མཚོ་ངོས་ནི་ཉི་ནུབ་ཀྱི་འོད་ཟེར་ཁྲོད་རི་མོ་ལྟར་མཛེས་ལ་ལྟ་བས་མི་ངོམ།
དགུན་དུས་ཀྱི་མཚོ་སྔོན་པོ་ནི་ལེ་དབར་སྟོང་དུ་བརྐྱངས་པའི་གཡུ་མཚོ་ཞིག་ཡིན། མཚོ་ངོས་ནི་དྭངས་གསལ་གྱི་མེ་ལོང་ཞིག་དང་འདྲ་ཞིང་། མཚོའི་ཉེ་འཁོར་ནི་གསེར་མདོག་གི་རྩྭ་ས་ཡིན་ལ། རྒྱང་རིང་ནི་དབུ་རྩེ་སྤྲིན་རིམ་དུ་ཟུག་པའི་གངས་རི་ཡིན་ཞིང་། མཐོ་སྒང་གི་དགུན་དུས་ཀྱི་མཛེས་རིས་ཤིག་ལྷུན་གྱིས་གྲུབ་ཡོད། དར་ཆགས་པའི་མཚོ་སྔོན་པོ་ནི་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་མཐའ་འཁོར་གྱི་ཁོར་ཡུག་དང་མཉམ་དུ་དགུན་དུས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་རི་མོ་ཞིག་གྲུབ་ཡོད།
མཚོ་སྔོན་པོར་མཚོ་དར་ཆགས་པའི་དུས་ཡུན་ནི་ཆ་སྙོམས་ཉིན108ནས116བར་ཡིན་ཞིང་། དར་ཆགས་པའི་རྣམ་པ་དེ་ནི། རི་མོ་མཁན་གྱིས་པིར་རྩལ་ལས་འཁྲུངས་པའི་མཛེས་པའི་པར་རིས་ཤིག་དང་ཇི་འདྲའི་མཚུངས་ཨང་།