གསར་འགྱུར་གལ་ཆེན།
发布时间:2025年12月03日 消息来源:

རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ50འཁོར་བར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་། 

ཚེས2ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2024ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་བསྡོམས་འབོར་མི་ཐེངས་དུང་ཕྱུར101.5ཡིན་པ་དེ་ལོ་གོང་མ་ལས་མི་ཐེངས་དུང་ཕྱུར6འཕར་ཡོད། 

ཚེས2ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་ལྔས《གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་རིག་ཚན་གྱི་ཆེད་ལས་འཛུགས་སྐྱོང་དང་གྲངས་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས། གྲངས་འཛིན་ཤེས་ལྡན་མི་སྣ་དཀོན་པའི་དངོས་ཡོད་དཀའ་གནད་སེལ་བ་རེད། 

ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དབར་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གླེང“སྤྱིའི་ཆ་ནས་ཁ་གཏད་གཅོག་པའི”དྲ་ཐོག་གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་རྐྱེན་སྲོལ་བཙུགས་ཡོད། 

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར125104ཡིན་པ་དེ་དུས་མཚུངས་ལས13.2%འཕར་ཡོད། 

ཚེས2ཉིན་གྱི་ཕྱི་དྲོར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཏ་ཕུའུ་ཧུང་ཕུའུ་ཡོན་མེ་སྐྱོན་ཐད་གསར་འགོད་པའི་ཚོགས་འདུ་འཚོགས་ནས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བཞི་པའི་བར། མེ་སྐྱོན་ལས་མི156རྐྱེན་ལམ་དུ་ཤོར་བ་དང་མི30ལ་འབྲེལ་བ་ཆད་ཡོད། 

图片

ཚེས2ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཞི་སོང་བ་དང་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི6250ལྷག་ཙམ་སྐྱེལ་འདྲེན་བྱས་ཤིང་། དངོས་ཟོག་ཏུན་ཁྲི7250ལས་བརྒལ་ནས། བགྲོད་ལམ་ཡག་ཤོས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ལྗར་པན་གྱི་འཐུས་མིས་ཟླ11པའི་ཚེས24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིར་སྤྲིངས་པའི་འཕྲིན་ཡིག་ནང་གི་ཁུངས་ལུང་མེད་པའི་གཡོ་སྒྱུ་དང་རྩོད་གླེང་གི་འབྲེལ་ཡོད་གཏམ་བརྗོད་ལ་དམིགས་ཏེ། ཕྱི་འབྲེལ་པུས་ཟླ12པའི་ཚེས2ཉིན་ལྗར་པན་ཕྱོགས་ཀྱིས་ལྡོག་སྤྱོད་ལྡོག་བསྟར་བྱས་ནས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་དམག་རྒྱལ་རིང་ལུགས་ལ་བླ་སྲོག་འགུག་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཚེས2ཉིན། ལྗར་པན“རུའེ་པའོ་ཝན”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་རེད། 

སྤྱི་ཚོགས།

图片

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས2ཉིན་གྲང་རླབས་སྔོན་པོའི་ཉེན་ཟོན་སྔོན་བརྡ་བཏང་ནས། ཚེས2ཉིན་གྱི་ཆུ་ཚོད20ནས་ཚེས4ཉིན་གྱི་ཆུ་ཚོད8བར། ཧོང་ཧོའེ་ལྷོ་རྒྱུད་དང་ཅང་ཧུའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད། ཀོང་ཏུང་བྱང་རྒྱུད་སོགས་ཀྱི་དྲོད་ཚད་ཡོངས་ཁྱབ་ངང6~8℃མར་ཆག་རྒྱུ་རེད། 

ཚེས2ཉིན་ཀྲུང་གོའི་སྨན་རྫས་རིན་གོང་ཐོ་འགོད་མ་ལག་སྤྱོད་མགོ་བརྩམས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྨན་རྫས་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རང་བདག་གིས་སྨན་རྫས་རིན་གོང་སྙན་ཞུ་བྱས་ཆོག

ཚེས1ཉིན་ནས་བཟུང་ཧུའུ་ནན་དང་ཀོང་ཏུང་གིས་ཞིང་ཆེན་ཡོངས་སུ་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲད་པ་དང་མིག་སྔའི་བར་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་གྱི་གཅིག་གྱུར་འཆར་འགོད་ཁུལ་དུ་བཅུ་ཆ་དགུ་ལྷག་ཙམ་སྤྲད་ཡོད། 

ཚེས5ཉིན་གྱི་ཐོ་རེངས་སུ། ལོ་འཁོར་གྱི་ཐེངས་གཉིས་པའི་ཟླ་བ་ཉ་གང་མཚན་མོའི་མཁའ་དབྱིངས་སུ་འཆར་རྒྱུ་ཡིན་པ་དང་། སྤྲོ་བ་ཡོད་པའི་གྲོགས་པོས་ཚེས4ཉིན་གྱི་དགོང་མོར་མྱོང་རོལ་བྱ་ཆོག 

ཚེས1ཉིན་ཞ་ཅིན་ཟམ་ཆེན་གྱི་ཞ་མོན་དུམ་བུའི་ཟམ་རྟེན་གཙོ་བོའི་ཁ་བཅད་པ་དང་རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཞ་མོན་ཞང་ཨན་རྒྱལ་སྤྱིའི་གནམ་ཐང་དང་ཞ་ཅིན་མཁའ་ལམ་དང་མཉམ་དུ་ཐའེ་ཝན་གྱི་སྐམ་ས་དང་མཁའ་དབྱིངས་ཀྱི་ལངས་གཟུགས་འགྲིམ་འགྲུལ་གྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད། 

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྐར་མ་མིག་དམར་གྱི་བྱེ་རྡུལ་འཁོར་རྒྱུག་ལ་ཕྱོགས་ཡོངས་ནས་ལད་ཟློས་བྱས་ཏེ། འབྱུང་འགྱུར་ལ་བློས་འགེལ་ཆོག་པའི་སྐར་མ་མིག་དམར་གྱི་གནམ་གཤིས་སྔོན་བརྡ་དང་གནམ་གཤིས་སྔོན་དཔག་མངོན་འགྱུར་ཡོང་རྒྱུར་འགག་རྩའི་རྨང་གཞི་བཏིང་ཡོད། 

图片

ཚེས1ཉིན་ཧུའུ་པེ་ཨོ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་གིས་རྒྱལ་ཡོངས་ཀྱི་ཞིབ་བཤེར་གསུམ་གཅིག་སྒྲིལ་གྱི་བགྲོད་ལམ་ཐོག་མ་དེ་སྤྱད་དེ། གནམ་གྲུའི་ལས་དོན་མི་སྣ་འགག་སྒོ་སྒྲོལ་རྒྱུར་སྟབས་བདེ་བསྐྲུན་ཡོད། 

ཉེ་དུས་གནའ་རྫས་རྟོག་ཞིབ་མི་སྣས་ཧོ་ནན་སན་མོན་ཞ་གྲོང་ཁྱེར་གསར་སྤེལ་ཁུལ་གྱི་ནུབ་བྱང་རྒྱུད་དུ་བང་སོ45གཙང་སེལ་བྱས་པ་དང་། དུས་རབས་ཀྱི་བར་བརྒལ་ནི་ཀྲན་གོ་ནས་ཆིང་རྒྱལ་རབས་བར་ཡིན། 

ཚེས1ཉིན་ཀན་སུའུ་ཏུན་ཧོང་གིས་དགུན་དཔྱིད་གནས་སྐོར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་དང་། མའོ་ཀའོ་བྲག་ཕུག་དང་ཏུན་ཧོང་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཛེས་ལྗོངས་ཁུལ་དུ་གནས་སྐོར་བ་ཉུང་བའི་དུས་སུ་སྒོ་འཛིན་ཕྱེད་ཀ་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད། 

图片

ཅང་སུའུ་སུའུ་ཀྲོའུ་ཡི་ལོ84ལ་སླེབས་པའི་ལས་འཁྱུར་ཞུས་པའི་དགེ་རྒན་ལི་ཅིན་ལིན་གྱིས1996ལོ་ནས་བཟུང་སྔ་རྗེས་སུ་སློབ་མ་དབུལ་པོ291ལ་རོགས་སྐྱོར་བྱས་པ་རེད། ད་ཆ་རོགས་སྐྱོར་ཐོབ་པའི་སློབ་མ་ལས་གནས་ཐོག་བསྐྱོད་དེ་མཉམ་འབྲེལ་ཐོག་སློབ་སྐྱོར་རོགས་དངུལ་སྤྲད་ནས་མུ་མཐུད་དགེ་སྒྲུབ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། 

སྲིད་ཇུས།

པེ་ཅིང་གིས་དྲ་རྒྱ་ཁོ་ནར་བརྟེན་ནས་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་ལས་སྟེགས་ནང་གི་གཉེར་སྐྱོང་པས་ཁེར་རྐྱང་བཟོ་ཚོང་དུད་ཚང་དུ་ཐོ་འགོད་བྱ་རྒྱུའི་རེ་ཞུ་བྱས་ཚེ་དྲ་རྒྱའི་གནས་ཡུལ་གཉེར་སྐྱོང་བྱེད་སར་ཐོ་འགོད་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད། 

ཧྥུའུ་ཅན་གྱིས་བྱེད་ཐབས་གསར་པ12ཁྱབ་བསྒྲགས་བྱས་ནས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ནང་སྤུན་ཟླ་ཐའེ་ཝན་བས་ཧྲ་རྫོང་གི་ཟ་ཁང་ཆུང་གྲས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཚུད་ཡོད། 

ནང་སོག་གིས་ཡིག་ཆ་བཀྲམ་ནས་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེད་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་བྱིས་པར་དྲག་སྐྱེད་སྦྱོང་བརྡར་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད། 

དེ་རིང་གི་གནམ་གཤིས། 

图片

ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་ཤར་རྒྱུད། ཅི་ལིན་ཤར་རྒྱུད། ལིའོ་ཏུང་ཕྱེད་གླིང་། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་ཕྱོགས་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་ལ། ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།