རྐང་ཚའི་མཚོ་སྔོན་པོའི་སྐམས་ཤའི་ཐོན་རྫས་ཤང་ཀང་དུ་བསྐྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས16ཉིན། མཚོ་བྱང་ཁུལ་རྐང་ཚ་རྫོང་ཅིན་ཧྲན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་བྱས་པའི་ཁ་ཚ་སྐམས་ཤ་དང་དྲི་ཞིམ་སྐམས་ཤ ཅང་དྲི་ཤ་རྒྱུས་སོགས་ཁག་དང་པོའི་ཐོན་རྫས་སྒམ30ཤང་ཀང་དུ་བསྐྱལ། ཐེངས་འདིར་ཤང་ཀང་དུ་བསྐྱལ་བའི་རྐང་ཚའི་མཚོ་སྔོན་པོའི་སྐམས་ཤའི་ཐོན་རྫས་ཀྱི་དངོས་ཟོག་རིན་ཐང་བསྡོམས་འབོར་སྒོར་ཁྲི6.09ཡིན་པ་དང་། ཧྲིན་ཀྲིན་འགག་སྒོས་ནད་ཡམས་ཞིབ་བཤེར་བྱས་རྗེས་ཤང་ཀང་གི་སྒོ་རྩིས་ཚོང་ཁང་དུ་ཕྱིར་ཚོང་བྱ་རྒྱུའི་འཆར་གཞི་ཡོད་ལ། དེའང་རྐང་ཚའི་ལྗང་མདོག་སྐྱེ་ལྡན་སྐམས་ཤའི་ཐོན་རྫས་ཐོག་དང་པོར་ཤང་ཀང་གི་ཁྲོམ་རར་བསྐྱལ་བ་ཞིག་རེད།

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་པ་གོ་སྐབས་སུ་བཟུང་ཞིང་། “ཐོན་སྐྱེད་དང་ལས་སྣོན། བྲིན་འཚོང་གཞི་གཅིག་ཅན”གྱི་ཕན་ནུས་ཆེ་བའི་ཞིང་ཕྱུགས་ཐོན་ལས་མ་ལག་འཛུགས་རྒྱུར་དམ་པོར་དམིགས་ནས། རྒྱུན་མཐུད་སྒོས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་གི་ཚད་འདེགས་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ལ། ཞིང་ཕྱུགས་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ཕྱུགས་ར་སོགས་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཚད་ལྡན་ཁས་ལེན་དཔང་འདོན། ཁྲོམ་རར་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་པས། རྐང་ཚའི་མཚོ་སྔོན་པོའི་སྐམས་ལུག་ཤར་ཤང་ཀངSTCཡི་ཁས་ལེན་དཔང་འདོན་ཐོབ་ཅིང་། ཅིན་ཧྲན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལISOམ་ལག་གི་ཁས་ལེན་དཔང་འདོན་ཐོབ། རྐང་ཚ་རྫོང་ལ་བསྟུད་མར་ལོ8རིང་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་དཔང་ཡིག་ཐོབ་པས། “རྐང་ཚའི་མཚོ་སྔོན་པོའི་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”ཆས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་ཁྲོམ་རར་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
