网站无障碍
2026ལོའི་བུ་གསོ་ཁ་གསབ་ཟླ་དང་པོའི་ཚེས5ཉིན་ནས་བཟུང་རྒྱ་ཁྱབ་ཏུ་རེ་ལེན་བྱེད་མགོ་བརྩམས་ཡོད།
发布时间:2026年01月06日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    གསར་འགོད་པས་ཚེས5ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། 2026ལོའི་བུ་གསོ་ཁ་གསབ་ཚེས5ཉིན་ནས་བཟུང་རྒྱ་ཁྱབ་ཏུ་རེ་ལེན་བྱེད་མགོ་བརྩམས་པ་དང་། ཚེས5ཉིན་གྱི་ཆུ་ཚོད12:00བར་དུ་བུ་གསོ་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་མ་ལག་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད།

    དེ་གོང་བུ་གསོ་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་གིས་ཟླ་དང་པོའི་ཚེས1ཉིན་ནས་ཚེས4ཉིན་བར་རིམ་སྤར་དང་ཚོད་ལྟ་བྱས།

    ངོ་སྤྲོད་བྱས་པ་ལྟར་ན། 2026ལོའི་བུ་གསོ་ཁ་གསབ་དྲ་ཐོག་ནས་རེ་ལེན་བྱེད་པའི་འགྱུར་ལྡོག་ཆེན་པོ་ནི། 2025ལོའི་རྨང་གཞིའི་བྱེད་ནུས་སྟེང་མུ་མཐུད་དུ་ལེན་པའི་བྱེད་ནུས་ཁ་སྣོན་བྱས་ཡོད་པ་སྟེ། 2025ལོར་བུ་གསོ་ཁ་གསབ་རེ་ཞུ་བྱས་ཟིན་པ་མ་ཟད་ལོ་གསར་པའི་ནང་མུ་མཐུད་ཞུ་ལེན་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་དམར་འབྱར་ཡིན་ན། རེ་ཞུ་བྱེད་མཁན་གྱིས་མུ་མཐུད་རེ་ལེན་བྱས་ཆོག་ཟེར།

    གལ་ཏེ་ཆ་འཕྲིན་ལ་འགྱུར་ལྡོག་མེད་ན། ཐད་ཀར་མཐེབ་གཅིག་གིས་མུ་མཐུད་དུ་བཀོལ་སྤྱོད་བྱས་ཏེ། རེ་ཞུ་བརྒྱུད་རིམ་སྟབས་བདེ་རུ་བཏང་ཡོད། གལ་ཏེ་ཆ་འཕྲིན་ལ་འགྱུར་ལྡོག་ཡོད་ཚེ་བཟོ་བཅོས་གནོན་དགོས། མ་ལག་གིས་རེ་ཞུ་ཐེངས་དང་པོའི་ཆ་འཕྲིན་རང་འགུལ་ངང་ནང་འདྲེན་བྱེད་སྲིད། རེ་ཞུ་བྱེད་མཁན་གྱིས་འགྱུར་ལྡོག་ཡོད་པའི་ནང་དོན་ལ་དམིགས་ནས་བཟོ་བཅོས་བྱས་ནས་སྤྲད་ཆོག

    མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཚང་མར2025ལོའི་བུ་གསོ་ཁ་གསབ་རྩིས་སྤྲོད་བྱས་པ་དང་། བསྡོམས་པས་མི་གྲངས་ཁྲི2400ལྷག་ལ་རྩིས་སྤྲོད་བྱས། 2025ལོར་བུ་གསོ་ཁ་གསབ་རྩིས་སྤྲོད་བྱེད་ཚད80%ཡས་མས་ལ་སླེབས་ཡོད།

    རེ་ལེན་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་དམར་འབྱར་ཡིན་ན། རེ་ཞུ་བྱེད་མཁན་གྱིས་དངུལ་སྤྲོད་འབོ་དང་འཕྲིན་སྟེགས་སོགས་སྟེགས་བུའི“བུ་གསོ་ཁ་གསབ”བྱ་རིམ་ཆུང་བའམ་ཡང་ན་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་ཡོད་སའི་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུའི་བུ་གསོ་ཁ་གསབ་རེ་ཞུ་ཆེད་ཁུལ་བརྒྱུད་དེ་དྲ་ཐོག་ཏུ་རེ་ཞུ་བྱས་ཆོག་ལ། ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་གནས་ཡུལ་གྱི་གྲོང་རྡལ་དང་ཁྲོམ་གཞུང་ཡུལ་དངོས་སུ་སོང་ནས་རེ་ཞུ་འགྲོ་ལུགས་སྒྲུབ་ཀྱང་ཆོག །