网站无障碍
མཚོ་བྱང་རྐང་ཚས“ཞིང་སྡེའི་ལམ་བཟང་པོ་བཞི”བདེ་བར་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་བགྲོད་ལམ་བསྐྲུན།
发布时间:2026年01月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དངའགྲིམ་འགྲུལ་སྐྱེལ་འདྲེན་ཅུས་མཐོ་སྒང་ས་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དོན་དངོས་དང་དམ་པོར་སྦྲེལ་ནསའཛུགས་སྐྲུན་དང་། དོ་དམ། ཞིག་གསོ། འཁོར་བསྐྱོདབཅས་བཞི་པོ་གཞི་གཅིག་ཅན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རྒྱུ་དམངས་ཚིས་འགན་སྲུང་དང་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ལས་གཞིར་བརྩིས་ནས་ཞིབ་ཕྲ་དམ་འཛིན་བྱས་པ་དང་ཞིང་སྡེའི་ལམ་བུ་རེ་རེ་མཁར་གྲོང་དང་སྦྲེལ་པའིདཔལ་འབྱོར་གྱི་འཕར་རྩདང་དམངས་སེམས་སྦྲེལ་བའི བདེ་སྐྱིད་ཀྱི་སྦྲེལ་ཐགཏུ་གྱུར་ཡོད། 

     ལམ་གྱི་སྤུས་ཚད་མཐོ་རུ་གཏོང་ར་དམིགས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏང་།རྫོང་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དངའགྲིམ་འགྲུལ་སྐྱེལ་འདྲེན་ཅུསཞིང་སྡེའི་ཡུལ་སྐོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་བས་སྦྲེལ་མཐུད་བྱས་ཏེ།ལོའི་ནང་མ་དངུལ་སྡོམ་འབོར་སྒོར་ཁྲི3228.26བཏང་ནས་ཞིང་སྡེའི་གཞུང་ལམ་གྱི་གཙོ་གནད་རྣམ་གྲངས11འཛུགས་སྐྲུན་ལ་གཅིག་སྡུད་ངང་སྐུལ་འདེད་བཏང་ཡོད།དེའི་ནང་ལྷ་ཆབ་ཁུག་སྣོད་བཅུད་ཉམས་ལེན་ཁུལ་གྱི་མཛེས་ལྗོངས་ཁུལ་གྱི་བགྲོད་ལམ་རྣམ་གྲངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི“འཁོར་སྐྱོད་ཕྲ་མོ”བསྐྲུན་ཡོད་པ་དང་།འོམ་ཆུ་གྲོང་རྡལ་ཧུང་ཧྲན་སྡེ་བའི་སྡེ་བ་རིམ་པའི་བགྲོད་ལམ་མཐོར་འདེགས་རྣམ་གྲངས་ཀྱིས་སྡེ་མིའི་འགྲུལ་བཞུད་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད། དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བ་ནས་ཚ་ལ་སྡེ་བའི་བར་གྱི་ཨར་ལམ་ལས་གཞིས་ལམ་རྒྱུད་ཀྱིས་རོང་འབྲོག་ལས་རིགས་ཐོན་སྐྱེད་དངོས་ཟོག་སྐྱེལ་འདྲེན་སྟབས་བདེ་བསྐྲུན་ཡོད་པས“ཕྱི་ནང་སྦྲེལ་མཐུད་དང་། སྡེ་བ་དང་གྲོང་རྡལ་བར་གྱི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་ཚང་དུ་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ2908.502ཟིན་ལ། དེའི་ནང་ཞིག་གསོ་བྱས་པའི་ཞིང་སྡེའི་གཞུང་ལམ་སྤྱི་ལེ2022.306རྫོང་དང་ཡུལ་ཚོའི་ལམ169ཚུད་ཡོདདང་ཞིང་ཆེན་གཞུང་ལམS209ཞིག་གསོ་བྱས་པའི་ལམ་ཐག་སྤྱི་ལེ167.711ཡོད་པ་དང་།ལམ་གྱི་ཁྱབ་ཚད་དང་ཤར་གཏོང་བྱེད་པར་མཐོར་འདེགས་བྱུང་ཡོད། 

       རྨོ་འདེབས་ཞིབ་ཚགས་དང་གསོ་སྐྱོང་ཞིབ་ཕྲ་རྒྱུན་འཁྱོངས་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱས།ཞིང་སྡེའི་གཞུང་ལམ་བདག་སྐྱོང་དོ་དམ་བྱ་ཐབསལ་བརྩི་སྲུང་ནན་མོ་བྱས་ཏེ། བདག་སྐྱོང་ལས་དོན་དངོས་འབེབས་བྱས་པ་དང་།ལོ་ཧྲིལ་པོར་བདག་སྐྱོང་མ་དངུལ་སྡོམ་འབོར་སྒོར་ཁྲི1436བཏང་།དེའི་ནང་སྒོར་ཁྲི639.25སྤྱི་ལེ139.1ཡོད་པའི་ཞིང་སྡེའི་གཞུང་ལམ9ཡི་རྒྱུན་གཏན་བདག་སྐྱོང་ཐད་སྤྱད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་བདག་སྐྱོང་བཟོ་སྐྲུན་དམིགས་ཚད5%ཚད་བརྒལ་གྱིས་ལེགས་འགྲུབ་བྱུང་སྟེ་གཞུང་ལམ་རབ་འབྲིང་ཚད་ཐིག་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོདམཐོ་སྒང་ས་ཁུལ་གྱི་དགུན་དུས་གྲང་ངར་ཆེ་བ་དང་ཆུ་ལོག་དུས་སུ་ཆར་ཆུ་མོད་པའི་གནམ་གཤིས་ལ་དམིགས་ནས།འཕྲལ་སྡོམ་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དགུན་དུས་སྡོམ་པའི་ཆབ་རོམ་ཧྥང་གྲུ་བཞི་ཁྲི4ལྷག་ཙམ་མེད་པར་བཟོས་པ་དང་ཆུ་ལོག་དུས་སུ་གནོད་སྐྱོན་བྱུང་བའི་བགྲོད་ལམ20ཕན་ནུས་མཐོ་བའི་སྒོ་ནས་མྱུར་དུ་ཞིག་གསོ་བྱས་ཏེ། གནམ་གཤིས་ངན་པས་འགྲིམ་འགྲུལ་འགྲོ་འོང་ལ་ཐེབས་པའི་ཤུགས་རྐྱེན་འགོག་པར་ནུས་པ་ཐོན་ཡོད།དེ་དང་ཆབས་ཅིག་བདེ་འཇགས་དོ་དམ་ཚོད་འཛིན་གཏིང་ཟབ་ཏུ་བཏང་ནས་བགྲོད་ལམ་སྐོར་ཞིབ་ཐེངས60སྤེལ་བ་དང་བདེ་འཇགས་ཀྱི་བྱུར་རྐྱེན་ཁག20ཞིབ་བཤེར་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་འགྲོ་འོང་ལ་དེ་བས་ཀྱང་སེམས་བདེ་ཡོང་བ་བྱས་ཡོད། 

      བགྲོད་ལམ་བདེ་བར་བཟོས་པས།མང་ཚོགས་ཀྱིའགྲོ་འོང་བྱེད་དཀའ་བའིགནད་དོན་ཐག་གཅོད་བྱས་པ་མ་ཟད།གྲོང་གསེབ་དར་རྒྱས་སྒུལ་ཤུགས་གསར་པའིསྐུལ་འདེད་ཡང་བཏང་ཡོད། རྗེས་མར་རྐང་ཚ་རྫོང་མཁར་གྲོང་སྡོད་འཛུགས་སྐྲུན་དངའགྲིམ་འགྲུལ་སྐྱེལ་འདྲེན་ཅུསཀྱིས“ཞིང་སྡེའི་ལམ་བཟང་པོ་བཞིའི”འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཞུང་ལམ་འཛུགས་སྐྲུན་དང་དེང་རབས་ཞིང་ལས། གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་དང་། སྲུང་སྐྱོང་དོ་དམ་གྱི་ཆུ་ཚད་དང་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཡོང་བར་འགྲིམ་འགྲུལ་རྨང་གཞི་བརྟན་པོ་འཛུགས་པ་དང་ཞིང་ཆེན་ཡོངས་ཀྱི“ཞིང་སྡེའི་ལམ་བཟང་པོ་བཞིའི”ཚད་མཐོའི་འཕེལ་རྒྱས་ལ་རྐང་ཚས་སྟོབས་ཤུགས་འབུལ་རྒྱུ་རེད།