网站无障碍
རྐང་ཚའི་མཚོ་སྔོན་པོའི་འབྲོག་ལུག་དང་།ནོར་གནག་གི་ཁྱད་ལྡན་ཐོན་རྫས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བརྡ་ཁྱབ་སྟེང་ཐོག་མར་བཀོད།
发布时间:2026年01月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཉེ་ཆར།རྐང་ཚའི་མཚོ་སྔོན་པོའི་འབྲོག་ལུག་དང་ནོར་གནག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་བརྡ་ཁྱབ་ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ཁངCCTV17ཞིང་ལས་ཞིང་སྡེའི་འཕྲིན་ལམ་དུ་དངོས་སུ་ཞུགས་ནས་རྐང་ཚའི་ཁྱདལྡནཞིང་འབྲོག་སྤུས་ལེགས་ཐོན་རྫས་སྔར་ལས་ཁྱབ་གདལ་དུ་བཏང་བ་དང་།ཁྲོམ་ར་ཁྱབ་གདལ་དུ་གཏོང་བའི་ཐབས་ལམ་རྒྱ་སྐྱེད་པསརྐང་ཚའི་མཚོ་སྔོན་པོའི་འབྲོག་ལུག་དང་། “རྐང་ཚའི་མཚོ་སྔོན་པོའི་ནོར་གནགརྒྱལ་ཡོངས་ཀྱི་ཤེས་ཚད་དང་ཁྲོམ་རའི་ཁས་ལེན་ཚད་མཐོ་རུ་བཏང་    

        ཐེངས་འདིའི་བརྡ་ཁྱབ་ཀྱི་ནང་དོན་དང་དེ་བཞིན་གཏོང་སྤྲོད་ཇུས་གཞིར་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཞིབ་བཤེར་ཡང་ཡང་བྱས་པ་བརྒྱུད་ནསCCTV17ཞིང་ལས་དང་གྲོང་གསེབ་འཕྲིན་ལམགྲོང་གསེབ་ཀྱི་ལེའུཞེས་པའི་ལེ་ཚན་དུ་འགྲེམས་སྟོན་བྱས།CCTV17ནི་རྒྱལ་ཡོངས་སུ་ཁྱབ་རྒྱ་ཆེ་བའིཞིང་གསུམཆེད་ལས་མཉམ་འབྲེལ་སྨྱན་སྦྱོར་ཡིན་པས།དང་ལེན་བྱེད་མཁན་མང་བ་དང་།ཁེ་དབང་གི་རང་བཞིན་ལྡན་ལ་ཁྱབ་སྤེལ་ལ་གཞོགས་འདེགས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་ཡོད།བརྡ་ཁྱབ་ནང་རྐང་ཚ་རྫོང་གི་རྒྱ་ཆེ་བའི་རྩྭ་ཐང་རྒྱབ་ལྗོངས་བྱས་ཏེ་ཁྱད་ལྡན་སྐམསལུག་འགྲེམས་སྟོན་བྱས་པ་དང་། “མདོ་ལའི་རི་འདབས་ཀྱི་ཕྱུགས་ར་ཡག་ཤོས་དང་། མཐོ་སྒང་ལྗང་མདོག་སྤུས་ལེགས”ཞེས་པའི་དྲིལ་སྒྲོག་བྱས་ཏེ། ཐོན་རྫས་ལས་སྐྱེ་ཁམས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་། ཆབས་ཅིག་ཏུ་རྫོང་སྐྱེ་ཁམསཕྱུགས་ལས་གསོ་སྤེལ་མཐུན་ཚོགས་ཀྱི་ས་ཁམས་མཚོན་པའི་དཔང་ཡིག་ཚོང་རྟགས་དང་སྦྲེལ་ནས་ས་ཁོངས་དབྱེ་འབྱེད་དང་ཚོང་རྟགས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་།  རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་ཡོད་པ་དང་ མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། རྫོང་ཁོངསཀྱི་ས་བབ་མཐོ་ཞིང་རྩྭ་ཆུ་འཛོམས་པ། རང་བྱུང་ཁམས་ཀྱི་ཆ་རྐྱེན་ལ་བརྟེན་ནས་གསོ་སྐྱོང་བྱས་པའི་སྐམས་ལུག་གི་ཤའི་བྲོ་བ་ཞིམ་ལ་འཚོ་བཅུད་ལྡན། ས་གནས་དེ་གའི་རོང་འབྲོག་པའི་ཡོང་འབབ་འཕར་བའི་ཐོན་ལས་ཀྱི་ཡང་སྙིང་ཡིན། ཐེངས་འདིརCCTV17འཕྲིན་ལམ་གྱི་ལེ་ཚན་དུ་ཞུགས་པ་དེ་ནི་རྐང་ཚ་རྫོང་གིས་ས་ཁམས་མཚོན་རྟགས་ཐོན་རྫས་བཏོད་རྗེས་ཟོང་རྟགས་ཁྱབ་གདལ་གྱི་ཐོལ་བརྒལ་ཞིག་ཡིན་པ་དང་ རྒྱལ་ཁབ་རིམ་པའི་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པར་བརྟེན་ནས་ཁྱདལྡན་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་སུ་འོས་སྦྱོར་བྱེད་ཚད་ཆེ་རུ་ཕྱིན ཞིང་ཆེན་ཕྱི་ནང་གི་ཞིང་ལས་ཐོན་རྫས་ཁྲོམ་ར་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ་དང་སྐྱེ་ཁམསཕྱུགས་ལས་ཐོན་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཟོང་རྟགས་ཀྱི་རྨང་གཞི་བཏིང་བ་ཡིན། 

        མ་འོངས་བར། མཐུན་ཚོགས་ཀྱིས་ཐེངས་འདིའི་བརྡ་ཁྱབ་གོ་སྐབས་སུ་བརྩིས་ཏེ། ཟོང་རྟགས་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།རྐང་ཚའི་མཚོ་སྔོན་པོའི་འབྲོག་ལུག་དང་ནོར་གནག་གི་ཐོན་རྫས་དེ་མཚོ་སྔོན་ནས་ཕྱིར་འཚོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཛད་སྤྱོད་པ་མང་བས་མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཡིན་པར་ངོས་འཛིན་དང་ཁས་ལེན་བྱས་ཏེརྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཚད་མཐོའི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ལས་ཡར་རྒྱས་ཡོང་བར་རོགས་འདེགས་བྱ་རྒྱུའོ།།