网站无障碍
ཀན་ལྷོ་རུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་།
发布时间:2026年01月19日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

2025ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་རང་བྱུང་མཛས་ལྗོངས་དང་དམངས་སྲོལ་གོམས་གཤིས། གསར་བརྗེ་རིག་གནས། ཆོས་ལུགས་རིག་གནས་སོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་། མི་རིགས་སོ་སོའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་ཡུལ་སྐོར་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་བའི་ངོ་མཚར་ལོ་རྒྱུས་དང་། ཀྲུང་ཧྭའི་དཔལ་ཡོན་མཁྱེན་དཔྱོད་ཟབ་ཆིང་ཡངས་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྣང་ཚུལ་ཚོར་བ་མ་ཟད། རླབས་ཆེན་མེས་རྒྱལ་ལ་བྱུང་བའི་འཕོ་འགྱུར་ཉམས་སུ་མྱངས་ཏེ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་གུང་ཁྲན་ཏང་ལ་བཀའ་དྲིན་ཞུ་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པ་ནང་དུ་བསྐྱོད་པ། ཐུན་མོང་ངང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་མི་རིགས་བསྐྱར་དར་རླབས་ཆེན་ལས་དོན་གྱི་དད་སེམས་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟླུམ་ཆ་ཆེ་ཤོས་བྲིས་ཡོད།

གཏིང་ཟབ་སྒོས“རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་འདེགས་ནུས་སྤེལ་ལོའི”བྱ་འགུལ་སྤེལ་བས། ཁོངས་ཡོངས་ནས་རིག་གནས་ཡུལ་སྐོར་སྐྱེ་ཁམས་གཅིག་གྱུར་དང་དུས་ཚིགས་ཧྲིལ་བོར་རིག་གནས་ཡུལ་སྐོར་ལས་རྣམ་གསོ་སྐྱོང་། དུས་ཧྲིལ་བོར་རིག་གནས་ཡུལ་སྐོར་རྣམ་པ་གཏོད་པ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་འགྲོ་འོང་སྤེལ་རེས་གཅིག་འགྱུར་གྱི་རྣམ་པ་གསར་བ་སྐྲུན། ཀན་ལྷོ་ཁུལ་གྱི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་འགྲོ་སོང་རྒྱུན་མཐུད་ངང་འཕར་ཏེ། 2025ལོར་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི3182སྣེ་ལེན་བྱས་པ་དང་། ཡུལ་སྐོར་འགྲོ་སོང་སྒོར་དུང་ཕྱུར168.4ཟིན་ནས་དུས་མཉམ་ལས་སོ་སོ25.6%དང22.9%ཡིས་འཕར་སྣོན་བྱུང་། ཕྱོགས་ཡོངས་ནས“གནས་མཆོག་ཀན་ལྷོ·སེམས་ཀྱི་ཕེབས་ས”ཞེས་པའི་རིག་གནས་ཡུལ་སྐོར་ཟོང་རྟགས་གཏོད།

ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ནམ་ཡང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ལས་དོན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྲུབ་འབྲས་སུ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གཏོང་བའི་དཀར་ཁུང་ལྟ་བུ་གྱུར། བྱེ་བྲག་གིས“དྲ་ཐོག་དང་ཡུལ་དངོས་མཉམ་འགུལ། རྒྱལ་ནང་རྒྱལ་སྤྱི་མཉམ་བསྐྱོད”ཀྱི་ལངས་གཟུགས་ཁྱབ་སྤེལ་མ་ལག་སྐྲུན། མུ་མཐུད་དུ་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་སྐྱེད་པ། ཕྱི་ཕྱོགས་དྲིལ་སྒྲོག་འོས་སྦྱོར་མང་པོ་སྤེལ་ཏེ་སྔ་རྗེས་སུ་པེ་ཅིན་དང་ཧའེ་ཁོའུ། ཁྲེང་ཏུའུ། ཞི་ཨན། ནན་ཁྲེང་། ཞ་མོན། ཐན་ཅིན། ཧྲུན་ཀྲུན་སོགས་ཀྱི་འགྲུལ་ཁུངས་གཙོ་བོའི་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཚོང་འགུག་མ་འདྲེན་འོས་སྦྱོར་བྱ་འགུལ་སྤེལ། རིག་རྩལ་འཁྲབ་སྟོན་དང་ལམ་ཐིག་རྩེ་གྲ་ཁྱབ་བསྒྲགས། གཙོ་གནད་ལས་གཞི་འོས་སྦྱོར་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀན་ལྷོའི་མི་རིགས་མང་པོ་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གསོན་ཉམས་ལག་ལེན་ཡོངས་སུ་མངོན།

“2025ལོའི་ལོ་གསར་དྲ་ཐོག་གདན་ཞུའི་མཛད་སྒོ”སྤེལ་བས་ནུས་ལྡན་ངང་ཀན་ལྷོའི་རིག་གནས་ཡུལ་སྐོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་ཁྱབ་སྤེལ་གཏོང་ཚད་རྒྱ་ཆེར་བཏང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་འབྲེལ་གཏིང་ཟབ་བཏང་སྟེ་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་ཚོང་བ་ཀན་ལྷོ་རུ་ཡོང་སྟེ་ཡུལ་དངོས་ཡུལ་སྐོར་བྱེད་པར་གདན་དྲངས་པ་དང་། རྒྱལ་ཁབ་མི་གཅིག་པ་དང་རིག་གནས་མི་གཅིག་པའི་རྒྱབ་ལྗོངས་སྤེལ་རེས་ཀྱི་སྟེགས་བུ་བཙུགས།

འདི་ནི་སྐབས་ཉེར་གསུམ་པའི་ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་མགོ་རྩོམ་མཛད་སྒོའི་ཡུལ་དངོས་རྣམ་པ་ཡིན།

“ཕྱིར་བསྐྱོད་པ་དང་ནང་དུ་འདྲེན”ཞེས་པ་རྒྱུན་འཁྱོངས་ཟུང་འབྲེལ་བྱས་ཏེ“ཐན་ཅིན་དང་ཀན་ལྷོ་མཉམ་དར·རབ་མཛེས་ཀན་ལྷོ་རུ་བསྐྱོད་པའི”རིག་གནས་དམངས་ཕན་བྱ་འགུལ་རབ་དང་རིམ་པ་སྤེལ། རིག་གནས་ཡུལ་སྐོར་བྱང་བུ17000ལྷག་སྤྲད་དེ“བསང་ཆུ་ནས་ཐན་ཅིན”བར་གྱི་མཁའ་ལམ་བརྟན་བརླིང་ངང་ཚོང་གཉེར་བྱེད་པར་སྣེ་ཁྲིད་བྱས། ཕན་ཚུན་འགྲོ་འོང་དང་བརྩེ་བ་སྤེལ་རེས། ཐོན་ཁུངས་མཉམ་སྤྱོད་ཀྱིས་རིག་གནས་ཡུལ་སྐོར་དྲིལ་སྒྲོག་དང་མི་རིགས་མཐུན་སྒྲིལ་མཉམ་སྐྲུན་མཉམ་འགུལ་གྱི་རྣམ་པ་སྐྲུན།

དུས་ཆེན་འགྲན་བསྡུར་བྱ་འགུལ་སྣ་མང་མཉམ་འདྲེས་ལ་བརྟེན་ནས། 2025ལོར་སྤུས་ཚད་མཐོ་བའི་ངང་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་སྟོན་སྐབས23པའི་རིག་རྩལ་འཁྲབ་སྟོན་དང་། བོད་ཁུལ་ངོ་མཚར་ལྕགས་རྟ་འགྲན་བསྡུར། རྐང་རྩེད་སྤོ་ལོ་གདན་ཞུ་འགྲན་བསྡུར། “ངས་ཕ་ཡུལ་ལ་གླུ་ཞིག་ལེན”ཞེས་པའི་སྐར་མ་འོད་ཆེན་གླུ་གཞས་འཁྲབ་སྟོན་བྱ་འགུལ་དང་། 2025ལོའི་ཞི་ཨན་དར་ལམ་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས། ཀན་ལྷོའི་རིག་གནས་ཡུལ་སྐོར་འཛམ་གླིང་ཡོངས་ཀྱི་སྨྱན་སྦྱོར་ཁྱབ་བསྒྲགས་ཚོགས་འདུ་སོགས་ཀྱི་དུས་ཆེན་དྲིལ་སྒྲོག་ཁྱབ་གདལ་བཏང་། གསོན་ཉམས་ལྡན་པའི་ངང་མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་སོ་སྲུང་རོགས་རེས་ཀྱི་དུས་རབས་རི་མོ་མངོན།

2025ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་བཱ་ཙེ་མི་ཁྲི་ཡི་ཐག་འཐེན་བྱ་འགུལ་ཡང་བསྐྱར་སྤེལ། རྒྱུན་མཐུད་ངང་སྐོར་བྲོ་འགྲེམ་སྟོན་བྱ་འགུལ་སྤེལ་ཏེ་མི་རིགས་སོ་སོའི་མང་ཚོགས་དང་ཕྱོགས་སོ་སོའི་ཡུལ་སྐོར་པས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ཏེ་དགའ་སྤྲོའི་ཞབས་བྲོ་འཁྲབ་པས་གང་ས་གང་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་པ་དང་། འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་བརྗོད་དོན་ཡོངས་སུ་མངོན། དུས་དང་རྣམ་པ་ཀུན་ཏུ་བརྩེ་བ་གཅིག་འདུས་དང་སྟོབས་ཤུགས་མཉམ་འཛོམས། མི་སེམས་གཅིག་འདུས་ཀྱི་འདུ་ཤེས་མཚོན་བཞིན་ཡོད།

གཏིང་ཟབ་སྒོས་རྒྱལ་ཁབAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པས། ཚུར་རུ་ནང་དང་རྒན་གྱ་གསང་ཡུལ་གྱིས་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད། བྲག་སྒམ་ནང་དང་དུང་ཕྲུག་རྩྭ་ཐང་། བསང་ཁོག་རྩྭ་ཐང་གིས་ཞིང་ཆེན་རིམ་པའི་གུང་གསེང་སྤྲོ་སྐྱེལ་ཆུས་གཏོད་པས་རིག་གནས་ཡུལ་སྐོར་ཐེག་ཚད་དང་ཕྱོགས་བསྡུས་ཞབས་ཞུ་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན། མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐྲུན་པའི་འདུ་ཤེས“ལྗོངས་ཁུལ་ནང་དུ་བསྐྱོད”པའི་བྱ་འགུལ་སྤེལ། གཡས་རི་སྒང་དང་བྲག་སྒམ་ནང་། ལ་ཁ་རི་བོ་སོགས་ཀྱི་གཙོ་གནདAརིམ་ཡུལ་སྐོར་ལྗོངས་ཁུལ11ཏུ་བྱེ་བྲག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་ཡུལ་སྐོར་གནས་མཆོག་གཏོད། གནས24མི་རིགས་སོ་སོར་མཉམ་ལྡན་མཉམ་སྤྱོད་ཀྱི་ཀྲུང་ཧྭ་རིག་གནས་དང་ཀྲུང་ཧྭ་མི་རིགས་རྣམ་པ་མཚོན་པའི་མཚོན་རྟགས་བཙུགས། གཡས་རི་སྒང་དང་ལ་གཟར་མདོ་ལྗོངས་ཁུལ་གཉིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་ལྗོངས་ཁུལ་དུ་བདམས་པས། ལྗོངས་ཁུལ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་གསར་སྐྲུན་མཐུན་སྦྱོར་ལ་སྐུལ་འདེད་བཏང་།

《བསམ་གཅིག》དང《སྐལ་བཟང་མེ་ཏོག》《ཀན་ལྷོའི་རྩྭ་ཐང་ཡག》བཅས་ཀྱི་གླུ་གཞས་སྐྲུན་པས་རིག་གནས་ཐོན་རྫས་འདོན་སྤྲོད་ཀྱིས་བརྩེ་བའི་ཁས་ལེན་དང་རིན་ཐང་ཁས་ལེན་ཐོབ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་སྟེ།《ཀན་ལྷོ་རུ་འཛོམས་པ》དང《འབྲོག་གླུ་དང་པོ》སོགས་ཀྱི་གར་སྟེགས་བརྩམས་ཆོས་བསྒྲིགས། 《ཤམ་བྷ་ལའི་མཉམ་འཛོམས》གླུ་གར་དགོང་ཚོགས་ཇེ་ལེགས་ཇེ་བཟང་དུ་བཏང་། རྣམ་ཐར་བོད་ཀྱི་ཟློས་གར《གཡུ་ཐོག·ཡོན་ཏན་མགོན་པོ》ཀན་སུའུ་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་གྱི་གཙོ་གནད་ཟློས་གར་ནང་ཞུགས་ཏེ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། ཞབས་བྲོའི《ཕྱིང་གདན་འཐེག་མཁན》ཞེས་པ2025ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཕུལ་བྱུང་ཞབས་བྲོ་བརྩམས་ཆོས་འགྲེམ་སྟོན་ནང་བདམས་པ་དང་། 《དར་དུས་སྐོར་བྲོ》ལ་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཐང་ཆེན་ཞབས་བྲོའི་ཨང་དང་པོའི་དགའ་རྟགས་ཐོབ།

རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྲུང་ཧྭ་རིག་གནས་ཁས་ལེན་གྱི་གཞི་འཛིན་ས་གཙོ་བོ་བྱས་ནས། “རིག་དངོས+རིག་གནས་ཡུལ་སྐོར”“རིག་རྫས་འགྲེམ་སྟོན+སློབ་གསོ”མཉམ་འདྲེས་གཏིང་ཟབ་བྱས་ཏེ་བྱེ་བྲག་གིས་རིག་དངོས་ཞིབ་བཤེར་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བྱས་པ། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་སྤེལ་རེས་གཅིག་འགྱུར་སྐོར་གྱི་རིག་དངོས་གཙོ་གནད་ས་ཚིགས55གསར་དུ་བསྣན། མུ་མཐུད་དུ་རིག་རྫས་འགྲེམ་སྟོན་སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོ་རུ་བཏང་བས་ཁུལ་ཡོངས་ཀྱི་དངོས་མང་བཤམས་སྟོན་ཁང28(དྲན་རྟེན་ཁང)དང་རིག་གནས་ཁང9། དཔེ་མཛོད་ཁང9། སྤོ་སྒུལ་མི་ཆོག་པའི་རིག་དངོས་སྲུང་སྐྱོང་ཚན་པ9ལ་རྒྱུན་མཐུད་ངང་ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་། ཉེ་བའི་ལོ་གསུམ་རིང་ལ་བསྡོམས་པས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ453སྤེལ་ཏེ་གནས་སྐབས་ཀྱིས་འགྲེམ་སྟོན37བྱས་པ་དང་། ཡུལ་དངོས་ཞུགས་མཁན་མི་ཐེངས་ཁྲི20དང་དྲ་ཐོག་གི་བཅར་འདྲི་མི་ཐེངས་ཁྲི170ལ་སླེབས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་གི་གཙོ་ཐིག་ལེགས་བཅོས་འགྲེམ་སྟོན་ནང་དོན་གཙོ་བོར་བཟུང་སྟེ། རིག་རྫས་འགྲེམ་སྟོན་བྱ་ཡུལ་ནས་མི་རིགས་སོ་སོའི་རིག་གནས་སྤེལ་རེས་མཉམ་སྒུལ་གྱི་གཡུལ་ས་གཙོ་བོར་གྱུར།

འདི་ནི་བཱ་ཙེ་རྫོང་གི་སྲོལ་རྒྱུན་དམངས་སྲོལ་བྱ་འགུལ་མི་ཁྲིའི་ཐག་འཐེན་རྣམ་པ་ཡིན།

བྱེ་བྲག་གིས་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུད་འཛིན་ལས་དོན་ལ་སྐུལ་འདེད་བཏང་། བོད་རིགས་དམངས་གླུ་དང་འབྲུག་མགོ་སྒྲ་སྙན་རྡུང་ལེན་སོགས་ཀྱི་ཕུལ་བྱུང་གཟུགས་འདས་ལས་གཞི་ལྗོངས་ཁུལ་དང་ཐང་ཆེན། གྲོང་གསེབ་ནང་བསྐྱོད་དེ་ཡུལ་སྐོར་རྣམ་པའི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། བཱ་ཙེ་མི་ཁྲི་ཡི་ཐག་འཐེན་སོགས་ཀྱི་གཙོ་གནད་སྲོལ་རྒྱུན་ལུས་རྩལ་རིགས་ཀྱི་གཟུགས་འདས་ཟོང་རྟགས་གཏོད་དེ་འབྲོལ་ཡོད་ངག་རྒྱུན་ཐོ་འགོད་དང་བརྙན་གཟུགས་བསྡུས་པའི་ལས་དོན་ལེགས་འགྲུབ་བྱུང་། རིག་རྫས་འགྲེམ་སྟོན་དང་རིག་གནས་གསར་སྐྲུན་གྱི་ལས་རྣམ་གསར་བ་སྐྲུན་ཏེ་ཐོན་རྫས་རིགས 100གསར་སྤེལ་བྱས། ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་རིག་རྫས་འགྲེམ་སྟོན་རིག་གནས་གསར་སྐྲུན་ལྟེ་གནས་འཁོར་སྐྱོད་བྱས་པ། སྨྱན་སྦྱོར་སྟེགས་བུ་བརྒྱུད་དེ“གཟའ་འཁོར་རེ་རེར་རིག་དངོས་བརྗོད་པ”དང“རིག་དངོས་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད”སོགས་ཀྱི་ནང་དོན་རབ་དང་རིམ་པ་བརྗོད་དེ་མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་ཀྱི་ཁྱབ་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་པ། འགུག་ཤུགས་ཆེ་རུ་བཏང་།

2025ལོར། ཡུལ་སྐོར་པའི་མི་གྲངས་མི་ཐེངས་ཁྲི3182དང་། ཡུལ་སྐོར་འགྲོ་སོང་གྲངས་ཀ་མཐོ་རུ་ཕྱིན་ཏེ་སྒོར་དུང་ཕྱུར168.4ཟིན་པ་དང་བསྟུན། གྲངས་ཀ་རེ་རེའི་རྒྱབ་ཕྱོགས་སུ་དྲོད་ཁོལ་ལྡན་པའི་གཏམ་རྒྱུད་ཅིག་སྦས་ཡོད་པས་གཏིང་ཟབ་ཀྱི་བརྩེ་བ་མཚོན་པ་རེད། ཡུལ་སྐོར་པའི་ཚད་དུས་མཉམ་དང་བསྡུར་ན་མཐོ་རུ་ཕྱིན་པ་དང་། ཀན་ལྷོའི་ལེགས་སྐྱེས་ཟོང་རྟགས་ཁྲོམ་རར་བསྐྱོད་པ་དང་བསྟུན་ནས་རོང་འབྲོག་མང་ཚོགས་ཀྱི་གདོང་དུ་འཛུམ་གྱིས་ཁེངས། ཚང་མས་བདེན་ལུགས་ཞིག་བརྗོད་བཞིན་ཡོད་པ་དེ་ནི་མི་རིགས་སོ་སོ་སེ་འབྲུ་ས་བོན་བཞིན་མཉམ་དུ་འདུས་ན་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་ཞིག་གཏོད་ཐུབ།

ད་ལྟའི་ཀན་ལྷོ་རུ་མི་རིགས་སོ་སོའི་མང་ཚོགས་ཀྱི་རྩྭ་ཐང་དུ་གླུ་གཞས་ལེན་པ་དང་། གྲོག་རོང་དུ་རྔུལ་ཆུ་འདོན་པ། ལྗོངས་ཁུལ་ནང་ལས་གཏོད་བྱེད་པ། གར་སྟེགས་སྟེང་རབ་ཏུ་བཞད་པ། ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱི་འབད་བརྩོན་རེ་རེ་སེམས་ཁམས་གསོ་བའི་དཔྱིད་ཆར་དུ་གྱུར་ནས། སོ་སྲུང་རོགས་རེས་ཀྱི་ཉི་འོད་ཅིག་ཏུ་གྱུར།

རེ་བས་ཁེངས་བའི་ས་གཞི་འདིའི་སྟེང་། མི་རིགས་སོ་སོས་ལག་གདང་སྦྲེལ་ཏེ་མཉམ་དུ་མདུན་བསྐྱོད་བྱས་ཚེ་ད་གཟོད་སྔར་ལས་ཡག་པའི་རོལ་དབྱངས་ཞིག་དཀྲོལ་ཐུབ། ཀན་ལྷོའི་འབྱུང་འགྱུར་གཅིག་གྱུར་ཁྲོད་མཉམ་གནས་བྱས་ནས་སྔར་ལས་ཡིད་དབང་འཕྲོག་པའི་འོད་ཟེར་འཕྲོས་པ་དང་། དགེ་བརྩོན་ཡར་ཐོན་གྱི་སྟོབས་ཤུགས་ཆེན་པོ་མཉམ་དུ་གཅིག་སྒྲིལ་བྱས་ཡོད།  །