ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་གསར་པས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་གསར་བ18ཀྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་གསར་པ18ཀྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།
མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ། གུས་ཞབས་དམག་མིས་རྔམ་བརྗིད་ལྡན་པའི་གྲལ་བསྒྲིགས་ནས་མགྲོན་བསུའི་དུང་བརྡ་བུས། གཞུང་ཚབ་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་འབྱོར་བ་དང་། དར་ཆའི་རུ་དཔུང་གཡང་ཊིའི་རྡོ་སྐས་བརྒྱུད་ནས་ཡར་ཕེབས།
ལྡེབས་རིས་ཆེན་མོ《རི་ཀླུང་ཅི་འདྲའི་ལྟ་ན་སྡུག་པ་ལ》ཞེས་པའི་མདུན་དུ། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོ་སོས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད་པར་མ་ཟད། ཁོ་ཚོ་དང་མཉམ་དུ་རེ་རེ་བཞིན་རྗེས་དྲན་འདྲ་པར་བླངས།
ཁོ་ཚོ་ནི་ཀྲུང་གོར་སྡོད་པའི་ཐུར་ཁེའི་གཞུང་ཚབ་ཆེན་མོ་ཝ་ཡུས་ནར་དང་། ཀྲུང་གོར་སྡོད་པའི་ཨོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཆེན་མོ་ཝ་ཧའེ་ཝོ་ཧྥུ། ཀྲུང་གོར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོ་ཝེ་ལེ། ཀྲུང་གོར་སྡོད་པའི་དབྱི་རག་གི་གཞུང་ཚབ་ཆེན་མོ་པེར་ཝ་ལི། ཀྲུང་གོར་སྡོད་པའི་ཁམ་ཕུ་ཀྲེའི་གཞུང་ཚབ་ཆེན་མོ་སོ་ཧྥེ་ཡ་ནུ། ཀྲུང་གོར་སྡོད་པའི་མའོ་ལི་ཁྱིག་སིའི་གཞུང་ཚབ་ཆེན་མོ་ཞའོ་ཞའོ་ཧྲན། ཀྲུང་གོར་སྡོད་པའི་སི་ལོ་ཝ་ཁེའི་གཞུང་ཚབ་ཆེན་མོ་ལའེ་ཆི་ཡ་ཁེ། ཀྲུང་གོར་སྡོད་པའི་ཀ་ནའི་གཞུང་ཚབ་ཆེན་མོ་པང་སུའུ། ཀྲུང་གོར་སྡོད་པའི་ནཱ་སྨི་པི་ཡའི་གཞུང་ཚབ་ཆེན་མོ་ཅ་ཝ་ཏེ། ཀྲུང་གོར་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ལུའུ་ཙའེ་ཞན། ཀྲུང་གོར་སྡོད་པའི་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེན་མོ་ཁཱ་ཧྥུ་ལར། ཀྲུང་གོར་སྡོད་པའི་སུའེ་ཙེར་གྱི་གཞུང་ཚབ་ཆེ་མོ་ཝ་མཱ་ཐིང་། ཀྲུང་གོར་སྡོད་པའི་ཕཱ་ལེ་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཅཱ་ཝ་ཏེ། ཀྲུང་གོར་སྡོད་པའི་ཕེ་རུའི་གཞུང་ཚབ་ཆེན་མོ་པཱ་སི་ཁེ་སི་། ཀྲུང་གོར་སྡོད་པའི་ལེ་པཱ་ནོན་གྱི་གཞུང་ཚབ་ཆེན་མོ་ལཱ་ཏེ། ཀྲུང་གོར་སྡོད་པའི་ཁོང་གོ་པུའུ་ཡི་གཞུང་ཚབ་ཆེན་མོ་མཱ་སྨི་ནཱ་དང་། ཀྲུང་གོར་སྡོད་པའི་ལའེ་སོ་ཐུའོ་ཡི་གཞུང་ཚབ་ཆེན་མོ་ལིན་མེ། ཀྲུང་གོར་སྡོད་པའི་འབར་མའི་གཞུང་ཚབ་ཆེན་མོ་ཙའོ་ཝུན་མེན་བཅས་ཡོད།

ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་གསར་བ18ཀྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།
མཛད་སྒོ་མཇུག་བསྒྲིལ་རྗེས། ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཞུང་ཚབ་པ་རྣམས་ལ་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་གཞུང་ཚབ་པ་དག་ཀྲུང་གོར་ལས་འགན་ཁུར་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཁོ་ཚོ་བརྒྱུད་དེ་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས། གཞུང་ཚབ་པ་དག་ས་ཁུལ་སོ་སོར་ལྟ་སྐོར་དུ་སོང་ནས། ཕྱོགས་ཡོངས་ནས་ཀྲུང་གོའི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་འཇོག་དགོས་པའི་རེ་བ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་འབད་པས་མདུན་བསྐྱོད་བྱེད་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་བ་དང་། དཔལ་འབྱོར་སྤྱིའི་ཚད་བསྟུད་མར་ཐོད་བརྒལ་བྱུང་ནས། ཚན་རྩལ་གསར་་གཏོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། རི་སྔོ་ཆུ་དྭངས་དེ་ཆེས་མཛེས་པའི་རང་མདངས་སུ་གྱུར་ཡོད་པ་དང་། དམངས་འཚོའི་གྲུབ་འབྲས་ཀྱིས་མི་སེམས་ལ་དྲོད་ཁོལ་སྦྱིན་ཐུབ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞི་ལས་མ་འོངས་པའི་ལོ་ངོ་ལྔའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རླབས་ཆེན་ཇུས་གཞི་བཀོད་ཡོད་ལ། འཛམ་གླིང་ལ་གོ་སྐབས་ཀྱི་གསལ་ཁྲ་ཞིག་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་སྔར་ལས་ཡངས་པོར་ཕྱེས་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་སྔར་ལས་གཏན་འཇགས་རང་བཞིན་དང་སྒུལ་ནུས་གསར་པ་ཁ་སྣོན་བྱས་ཏེ། ཐུན་མོང་འཕེལ་རྒྱས་དང་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱུང་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟའི་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ལྡན་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་སྔར་ལས་འབུར་ཐོན་དུ་གྱུར་ཡོད། ཁ་བྲལ་དང་ངོ་རྒོལ། རྩོད་གླེང་བཅས་ལ་ཐར་ལམ་གཏན་ནས་ཡོད་མི་སྲིད་ལ། འཛམ་གླིང་ཡང་བསྐྱར་ཁྲིམས་མེད་ལུགས་མེད་ཀྱི་གནས་སུ་སྐྱེལ་བར་མི་སེམས་ཐོབ་ཐབས་མེད། གོ་ལ་ཧྲིལ་པོས་དཀའ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་ནི་ད་གཟོད་ཡང་དག་པའི་གདམ་གསེས་ཡིན། བདག་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་མགོ་བཏོན་ཡོད་ལ། དམིགས་ཡུལ་ནི་སྔར་ལས་ལྷག་པའི་དྲང་བདེན་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེང་ཡོད་པ་དང་། མི་དམངས་ཀྱིས་བསམ་པའི་དོན་ལ་བསམ་བློ་གཏོང་བ་དང་གནམ་འོག་གི་ཁེ་ཕན་དེ་རང་གི་ཁེ་ཕན་དུ་བསམས་ནས། རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །