མལ་གྲོ་གུང་དཀར་རྫོང་གིས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་ཧོར་ཁང་གཞིས་ཀ་གཉིས་མང་ཚོགས་ལ་སྒོ་ཕྱེས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།




ཉེ་ལམ། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་ཧོར་ཁང་གཞིས་ཀ་དུས་མཉམ་དུ་མང་ཚོགས་ལ་སྒོ་ཕྱེས་ཏེ། ས་གནས་ཀྱི་མི་ཆོས་རིག་གནས་རྨང་མཐུག་པོ་དང་མི་རིགས་མཉམ་འདྲེས་ཀྱི་རྩ་རྒྱུད་ལེགས་པར་མངོན།
རྒྱུས་ལོན་བྱུང་བ་ལྟར་ན། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་འདི་ཉིད་མལ་གྲོ་གུང་དཀར་རྫོང་རྒྱ་མ་གྲོང་རྡལ་སློང་མདའ་གྲོང་ཚོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་རྗེས་ཤུལ་དུ་གནས་ཤིང་། དེའི་ནང་ཁྱད་ལྡན་གྱི་བཤམས་ཁང8བཙུགས་ཡོད་ལ། སྒྲ་དང་འོད། གློག་སོགས་ཀྱི་ལག་རྩལ་ལམ་ཡང་ན་ལྗོངས་དངོས་སོར་ལོག་སོགས་ལ་བརྟེན་ནས་རྒྱ་བོད་རིག་གནས་གཏིང་ཟབ་སྒོས་མཉམ་འདྲེས་བྱུང་བ་ལེགས་པར་མཚོན་ཡོད།
ཧོར་ཁང་གཞིས་ཀར་རྒྱ་མའི་འཕོ་འགྱུར་དང་མི་གྲགས་ཅན་གྱི་རྒྱལ་གཅེས་མཛད་རྗེས། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་སོགས་བཤམས་སྟོན་གྱི་ལྟེ་བ་བྱས་ཏེ། བོད་ཀྱི་གནའ་ཁང་གི་གདོད་མའི་ཉམས་འགྱུར་སོར་འཇོག་བྱས་ནས་རྒྱལ་ཁབ་དང་ཁྱིམ་ཚང་ལ་དགའ་ཞེན་གྱི་བརྩེ་བ་ཟབ་མོ་བརྒྱུད་སྒྲོག་བྱས་ཡོད། །