网站无障碍
ཝུའུ་ཞའོ་ཅུན་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་པ།
发布时间:2026年01月30日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ་དང་པོའི་ཚེས28ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་འཕེལ་འགྱུར་གཏོང་བའི་དགོངས་པ་གལ་ཆེན་དང་ཆོས་ལུགས་ལས་དོན་ཐད་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། ཏང་ཞེན་རྒྱལ་ཞེན་ཆོས་ཞེན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་བཅས་ལ་སྐུལ་འདེད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཆེད་མི་སེམས་གཅིག་སྡུད་དང་འདུ་ཤེས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་དགོས་ཞེས་བསྟན། མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས།

ཚོགས་ཐོག་ཏུ། སྒར་བ་ངག་དབང་བཟང་པོ་དང་མ་རུའུ་ཡུན། ཝང་ཧྭ་ཕིང་། རྒྱལ་མཚན་མགོན་པོ། ལ་ཧའེ་ཆིང་། མ་ཅིང་ཝུན། འཇིགས་མེད་རྡོ་རྗེ། ཁྲེན་ཡུའེ་ཀུའེ། ཤར་ཚང་བསྟན་འཛིན་འཇིགས་མེད། ཝང་ཅི་ཏེ། བསྟན་པ་རིན་ཆེན། དཀོན་མཆོག་བསྟན་པ་རྒྱལ་མཚན་ཨུ་ཡོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་བསྐྲུན་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་རང་གི་རིག་གནས་ཞིབ་འཇུག་རྒྱ་སྐྱེད། རིག་ནུས་མཉེན་ཆས་གསར་གཏོད། འཐེན་ཐུག་ལས་རིགས་སྤེལ་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས། ཝུའུ་ཞའོ་ཅུན་གྱིས་ཨུ་ཡོན་རྣམས་ཀྱི་གྲོས་གཞི་བསམ་འཆར་ལ་གསན་བསམ་ལྷུར་ལེན་བྱས་པ་མ་ཟད། ཁོང་ཅག་དང་ལྷན་དུ་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། 

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་ནི་དར་ཆ་མཐོར་སྒྲེང་དང་། བསམ་ཤུགས་གཅིག་སྒྲིལ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ། ཐོག་མའི་བསམ་འདུན་བརྟན་སྲུང་། དམངས་ཆེད་འགན་སྒྲུབ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས། ཀུན་གྱིས“དྲིན་ཤེས་པ་དང་། བརྩེ་ཞེན་ཡོད་པ། དངོས་སྒྲུབ་ལ་མཐོང་ཆེན”བཅས་ཀྱི་འགན་འཁྲི་མཚོན་ཡོད། ན་ནིང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དྲིན་གཟོ་ཡར་བརྩོན་དང་དངོས་སྒྲུབ་ལས་བརྩོན་བྱས་པས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་དུ་ཕྱིན་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ཐོག་མར་གཏོད་པས་མི་རིགས་འཆམ་མཐུན་དང་། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

ཝུའུ་ཞའོ་ཅུན་གྱིས་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་སྟོབས་ཤུགས་ཕུལ་བར་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་འཛུགས་ས་གསར་པའི་ཐོག་ཨུ་ཡོན་རྣམས་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྣེ་ཁྲིད་པ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྐུལ་འདེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་གྱི་སྔོན་སྐྱོད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་པ་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་ཐུན་མོང་གིས་འབད་བརྩོན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་རླབས་ཆེན་གྲུབ་འབྲས་དང་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་གསལ་བཤད་བྱས་ནས་ཀུན་གྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་། ལས་བརྩོན་འབད་འཐབ་ཀྱིས་མ་འོངས་པའི་འཚོ་བ་སྔར་ལས་ལེགས་པ་བསྐྲུན་དགོས་པར་སྣེ་ཁྲིད་བྱེད་དགོས་པ་བསྟན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཚན་རྩལ་ཡར་ཐོན་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་འགྲན་སློང་གསར་པ་དང་དགོས་མཁོ་གསར་པ་རང་འགུལ་ངང་སྟངས་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་ངང་ལས་འགན་སྒྲུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་བྱེད་པའི་དམིགས་ཚད་དེ་བྱེ་བྲག་གི་ལས་དོན་དུ་བསྒྱུར་བ་དང་རིག་གནས་ཐོན་ཁུངས་དེ་བསམ་བློའི་སྦྲེལ་ཐག་ཏུ་བསྒྱུར་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་གསོན་པོ་བཙལ་སྔོག་འདོན་བྱས་ཏེ་རྒྱུན་མཐུན་དུ་མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་འབྲེལ་འདྲིས་གསུམ་གྱི་སྤུས་རྟགས་གཏོད་དགོས། ཆབ་སྲིད་ཐད་བློ་གཏད་ཆོག་པ་དང་ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་སེམས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་ཏང་ཞེན་རྒྱལ་ཞེན་ཆོས་ཞེན་གྱི་སྲོལ་རྒྱུན་བཟང་པོ། ཁྲིམས་ལྟར་དགོན་པ་དང་གྲྭ་པར་དོ་དམ་བྱེད་པའི་ཐད་དཔེ་སྟོན་བྱས་ཏེ་ཐུན་མོང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ཀྱི་རྣམ་པ་བཟང་པོར་གཅེས་སྐྱོང་བྱེད་དགོས། 

ཀྲུའུ་ཞང་ཧྥེང་། རིན་ཆེན་རྣམ་རྒྱལ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་ཚོགས་འདུར་ཞུགས། །