网站无障碍
མཚོ་བྱང་ཁུལ་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་དང་ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བའི་ཚོགས་འདུ་འཚོགས་པ།
发布时间:2026年02月10日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། ཁུལ་སྲིད་གཞུང་གིས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་དང་ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བའི་ཚོགས་འདུ་འཚོགས་ལ། ཞིང་ཆེན་གྱི་ཚོགས་ཆེན་གཉིས་དང་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། <<2026ལོའི(སྲིད་གཞུང་བྱ་བའི་སྙན་ཞུ)གཙོ་གནད་བྱ་བའི་ལས་བགོས་ཇུས་གཞིར>>གྲོས་ཞིབ་བྱས་ནས2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་གིས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ་དང་། སྒྲིག་ཨུའི་ཧྲུའུ་ཅིའམ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་།

 ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ད་ལོ་ནི"ལྔ་བཅོ་ལྔ"མགོ་རྩོམ་པའི་ལོ་ཡིན་པས་ལོ་ཧྲིལ་པོའི་བྱ་བ་སོ་སོ་ལེགས་པར་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་། ཞིང་ཆེན་དང་ཁུལ་གྱི་ཚོགས་ཆེན་གཉིས་སོགས་ཀྱི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་གཞིགས་ནས་དོན་འཁྱོལ་དམ་འཛིན་དང་དངོས་སྒྲུབ་སྐུལ་འདེད། ཕན་འབྲས་དོན་གཉེར་བཅས་བྱ་རྒྱུ་ཕྱོགས་སྟོན་དུ་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་བྱ་བའི་ཁ་ཕྱོགས་མི་ནོར་བ་དང་དམིགས་འབེན་གྱི་ངེས་གནས་དང་ཁ་མི་བྲལ་བ། བྱ་བའི་ཤུགས་ཚད་མཐོ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཆོད་སེམས་སྔར་ལས་བརྟན་ཞིང་། བྱེད་ཐབས་སྔར་ལས་ཏན་ཏིག སྤྱོད་ཚུལ་སྔར་ལས་ལེགས་པ་བཅས་ལ་བརྟེན་ནས་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲའི་ངང་བསྒྲུབ་སྟེ་ནུས་ཤུགས་ཡོད་རྒུས་སྲིད་གཞུང་བྱ་བའི་རྣམ་པ་གསར་བ་གཏོད་དགོས་ཟེར།

图片

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་དཔེ་བསྡུར་བྱས་ཏེ་ཁྱོན་ཡོངས་ཀྱི་ལངས་ཕྱོགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མཚོ་བྱང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་ལངས་ནས"ཁུལ་ཡོངས་མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་གཏིང་ཟབ་ཏུ་ཏན་ཏིག་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། གསོན་ཤུགས་སྐུལ་སློང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་རང་ཐག་རང་གཅོད་ཀྱི་ནོར་འཁྲུལ་བསམ་བློ་མཐའ་གཅིག་ཏུ་དོར་ཞིང་། དངོས་སྒྲུབ་ལ་བརྩི་མཐོང་དར་སྤེལ་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། "སྐྱིད་ཉལ"གྱི་བསམ་ཚུལ་དོར་བ། སྒྱིད་ལུག་གི་རྣམ་པ་མེད་པར་བཟོས་ཏེ་གོང་འོག་སྦྲེལ་མཐུད་དང་གཡས་གཡོན་མཉམ་འགུལ། ས་ཁོངས་མཉམ་ལས་བཅས་ལ་ཤུགས་བསྣན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ཏེ། གཙོ་གནད་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་སྲིད་ཇུས་དོན་འཁྱོལ་དང་ལས་གཞི་འགག་སྒྲོལ། ཐོན་ལས་གསོ་སྐྱོང་། འཛད་སྤྱོད་མཐོར་གཏོང་། དམངས་འཚོ་འགན་སྲུང་། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བཅས་གཙོ་གནད་ཆེན་པོ་དྲུག་ལ་དམིགས་ནས་དམ་པ་དོན་གཉེར་དང་ཡུན་རིང་འབད་བརྩོན་བྱས་ཏེ་སྲིད་ཇུས་སོ་སོ་སྔ་མོ་ནས་དོན་འཁྱོལ་དང་། གཙོ་གནད་ལས་གཞི་སྔ་མོ་ནས་སྐུལ་སྤེལ། ཞིབ་ཕྲའི་བྱེད་ཐབས་ལ་སྔ་མོ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་བསྒྱུར་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། དངོས་དོན་གཉེར་བའི་སྤྱོད་ཚུལ་སྦྱོང་བརྡར་ཏན་ཏིག་བྱེད་པར་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། གནད་དོན་ལ་ཐད་ཀར་དམིགས་པ་དང་གནད་དོན་ཐག་གཅོད་བྱེད་པ། ཡིག་ཆ་ཉུང་ཙམ་གཏོང་བ། ཚོགས་འདུ་ཉུང་ཙམ་འཚོག་པ། དོན་འཁྱོལ་མང་ཙམ་བྱེད་པ་བཅས་བྱས་ཏེ་མི་ཐུབ་པའི་ཆེད་དུ་རྒྱུ་མཚན་མི་འཚོལ་བ་དང་། ལག་ལེན་བྱེད་ཐུབ་པའི་ཆེད་དུ་ཐབས་ཤེས་འཚོལ་བ་དང་བསམ་བློ་བཏང་སྟེ། དངོས་གནས་བྱ་བ་སྒྲུབ་མཁན་ཞིག་བྱས་ཏེ་བྱ་བའི་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་དང་། སྲིད་དོན་གཙང་སྐྱོང་གི་ཉེན་ཁ་སྔོན་འགོག་བཀག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ། དབང་བརྟེན་ཁེ་འཚོལ་དང་བག་མེད་ལོངས་སྤྱོད་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་བཙུགས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱེད་དགོས་ཟེར།

图片

 ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཐོན་ལ་ཉེ་ཞིང་དུས་ཆེན་རིང་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་འགག་རྩའི་དུས་ཤིག་ཡིན་པས། རྫོང་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན་གྱི་རྩ་བ་དེ་དམ་པོར་བཟུང་ནས་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་དང་། སྤྱོད་གཙང་གི་མཐའ་ཚད་ནན་མོར་སྲུང་ནས་དུས་ཆེན་རིང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སྣ་ཚོགས་འབྱུང་རྒྱུར་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱོད་གཙང་གཞུང་དྲང་དང་དཔལ་ཡོན་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་ཟེར།

图片

 ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། རྫོང་སོ་སོའི་སྲིད་གཞུང་། མཚོ་སྔོན་པོ་ཞིང་ར་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།