网站无障碍
ཐུན་མོང་མ་ཡིན་པའི་ཨ་རིག་ས་ཆའི་འབྲོག་པའི་རུ་སྤོར་བའི་རྣམ་པ།
发布时间:2026年03月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

པར་འདི་ནི་ཟླ3པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་གི་འགྲམ་ནག་གྲོང་ཚོ་རུ་འབྲོག་མི་དོན་བྷེ་ཡིས་རྩྭ་ཐང་ནས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།

དཔྱིད་ཟླ་གསུམ་པར་རྨ་ནུབ་དོག་ལམ་གྱི་ཞིང་ས་དང་མདོ་ལ་རི་བོའི་ལྟེ་གནས་ཀྱི་རྩྭ་ཐང་བར་དུ་འབྲོག་མི་ཁྱིམ་ཚང་བརྒྱ་ཕྲག་ལྷག་གིས་ཐུན་མོང་མ་ཡིན་པའི་རུ་སྤར་མགོ་བརྩམས་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོའི་འབྲོག་མི་དོན་བྷེ་ཚང་ཡང་དེའི་གྲས་ཡིན། ནམ་ཟླ་ཇེ་དྲོད་སོང་བ་དང་བསྟུན་དོན་བྷེ་བཟའ་མི་གང་བོ་མཉམ་དུ་ལམ་ལ་ཆས་ཏེ་དཔྱིད་སར་སྤོ་མགོ་བརྩམས།

མདོ་ལ་རྫོང་ནི་མདོ་ལ་རི་བོའི་ལྟེ་གནས་སུ་ཆགས་ཤིང་། ཆ་སྙོམས་ཀྱི་ས་བབ་སྨི3000ལས་བརྒལ་བས་དགུན་དུས་ཤིན་ཏུ་རིང་ལ་འབྲོག་ལས་ནི་རྫོང་དེའི་ཐོན་ལས་གཙོ་བོར་གྱུར་ཡོད། ལོ་རེའི་ཟླ་བཅུ་བའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ནམ་ཟླ་ཇེ་འཁྱགས་སུ་ཕྱིན་པ་དང་བསྟུན། མདོ་ལ་རི་བོའི་འབྲོག་ཁྱིམ་ཁ་ཤས་ཀྱིས་རང་ཁྱིམ་གྱི་ནོར་ལུག་དག་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་མངའ་ཁོངས་སུ་དེད་དེ། ས་གནས་དེའི་མ་རྨོས་ལོ་ཏོག་དང་མེ་ཏོག་ཉི་འཁོར་སོགས་ཀྱི་སོག་མ་ལ་བརྟེན་ནས་ཟླ5ནས6གི་རྩ་ས་གཡར་ནས་ཕྱུགས་འཚོ་བ་ཡིན་ལ། མ་འོངས་པའི་ཟླ་གསུམ་རིང་ལ་ཞིང་ས་གཡར་ནས་ཕྱུགས་འཚོ་བ་དང་། དེ་ནས་རིམ་བཞིན་ཞིང་ལས་ཐོན་སྐྱེད་མགོ་ཚུགས་པ་ན་འབྲོག་ཁྱིམ་དེ་དག་གིས་ནོར་ལུག་དེད་ནས་ཡང་བསྐྱར་ཨ་རིག་ས་ཆར་ལོག་པ་ཡིན།

མདོ་ལ་རི་ཁུལ་གྱི་ནམ་ཟླ་དང་བསྡུར་ན་ཀན་སུའི་གནམ་གཤིས་དྲོད་འཇམ་ཡིན་པས་། ཕྱུགས་ཕྲུག་གི་གསོན་ཚད་ལ་འགན་སྲུང་ཐུབ་པ་དང་། མ་རྨོས་ལོ་ཏོག་གི་སོག་མ་སོགས་ཀྱི་གཟན་རྩྭའི་འཚོ་བཅུད་ཡག་པས་ཕྱུགས་ཟོག་གི་ཤ་ཤེད་ལའང་འགན་སྲུང་བྱེད་ཐུབ། དུས་མཚུངས་སུ་རུ་སྤར་ནས་ཕྱུགས་འཚོ་བ་དེས་ཕྱུགས་ཟོག་ལ་དགུན་སྒྲོལ་གཟན་རྩྭ་མཁོ་འདོན་བྱས་པས། མདོ་ལ་རི་བོའི་རྩྭ་ཐང་གི་སྐྱེ་ཁམས་གནོན་ཤུགས་ནུས་ལྡན་ངང་ཇེ་ཆུང་དུ་བཏང་བ་མ་ཟད། འབྲོག་སའི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་ཐེབས་ཡོད། གཞན་ཡང་། ལོ་ཕྱེད་རིང་གི"དུས་བྱ་རང་བཞིན"གྱི་འབྲོག་ས་བརྗེ་ནས་ཕྱུགས་འཚོ་བའི་རྣམ་པས་མ་རྨོས་ལོ་ཏོག་གི་སོག་མ་སོགས་ཀྱི་གཟན་རྩྭའི་ཐོན་ལས་ལེགས་སྒྱུར་བྱས་ནས་ཐོན་ཁུངས་གྲོན་ཆུང་ལ་སྐུལ་སྤེལ་བྱས་ཡོད། "ཁྱིམ་གཡར"གསོ་སྤེལ་གྱིས་ཕྱུགས་འཚོའི་མ་དངུལ་ཇེ་ཉུང་དུ་བཏང་བ་དང་ཆབས་ཅིག་ཏུ"གླ་བདག"གི་ཡོང་འབབ་ཀྱང་འཕར་བས། "འབྲོག་རུ་ཞིང་ཁུལ་དུ་སྤར་བ་དང་། དེ་ནས་སྐྱེ་ཁམས་སྲུང་སྐྱོང་ནས་ཞིང་ཕྱུགས་གཉིས་རྒྱལ་བར"གྱི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ཐབས་ལམ་ཞིག་ཆགས་ཡོད། །

图片

པར་འདི་ནི་ཟླ3པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་གི་འགྲམ་ནག་གྲོང་ཚོ་རུ་ཕྱུག་ནད་སྨན་བཅོས་ས་ཚིགས་ཀྱི་ལས་དོན་མི་སྣས་དོན་བྷེ་ཚང་གི་ལུ་གུ་ལ་བརྟག་བཅོས་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཆུས་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་འབྲོག་མི་ཡིས་ལུག་ཁྱུ་འདེད་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཆུས་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་འབྲོག་ས་ནས་དོན་བྷེ་ཡི་ལོ11གི་ཚ་བོས་རང་ཁྱིམ་གྱི་ལུག་ཁྱུ་འདེད་རོགས་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡུས་གྲོང་ཁྱེར་ཀན་ཀྲུའུ་ཆུས་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་འབྲོག་ས་ནས་དོན་བྷེ་ཡི་ཆུང་མས་རང་ཁྱིམ་གྱི་ལུ་གུ་པང་དུ་བཟུང་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་དོན་བྷེ་ཡི་བུ་བན་དེ་ཡིས་ལུག་ཁྱུ་མདོ་ལ་རི་བོའི་རྩྭ་ཐང་ནས་འདེད་དུས་ཐོ་འགོད་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་ཤང་དུ་ལུག་ཁྱུ་སྐྱེལ་འདྲེན་བྱེད་བཞིན་པའི་རླངས་འཁོར་མདོ་ལ་རི་ཁུལ་རྒྱུ་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ལུག་ཁྱུ་སྐྱེལ་འདྲེན་རླངས་འཁོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོ་ལ་ཐོན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མཁར་དམར་གཞུང་ལམ་སྲོག་ཆགས་འཕྲོད་བསྟེན་ལྟ་ཞིབ་ཚད་འཇལ་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣས་ལུག་ཁྱུ་སྐྱེལ་འདྲེན་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཆུས་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་ཕྱུགས་ར་རུ་མདོ་ལ་རྫོང་ཞིང་ཕྱུགས་སྡེ་ཚན་གྱི་ཆེད་དོན་ལག་རྩལ་མི་སྣས་ལུག་ཁྱུ་ལ་བདེ་ཐང་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོ་རུ་དོན་བྷེ་ཡིས་རླངས་འཁོར་ནང་གི་ལུག་ཁྱུ་རྩྭ་ཐང་དུ་གཏོང་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོ་རུ་གྲོང་མི་ཚོས་རླངས་འཁོར་ནང་གི་ལུག་ཁྱུ་རྩྭ་ཐང་དུ་གཏོང་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་ཕྱུགས་ར་རུ་རླངས་འཁོར་དུ་ལུག་ཁྱུ་སྐྱེལ་འདྲེན་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོ་རུ་དོན་བྷེ་ཡིས་རླངས་འཁོར་ནང་གི་ལུག་ཁྱུ་རྩྭ་ཐང་དུ་གཏོང་བར་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་ཕྱུགས་ར་ནས་དོན་བྷེའི་ཆུང་མས་གནས་སྐབས་སྡོད་གནས་སུ་ཁྱིམ་ལས་གཉེར་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་འགྲམ་ནག་གྲོང་ཚོ་རུ་དོན་བྷེ་ཡིས་རྩྭ་ཐང་ནས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་ཕྱུགས་ར་ནས་དོན་བྷེའི་ཆུང་མས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།

图片

པར་འདི་ནི་ཟླ3པའི་ཚེས7ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲུའུ་ཅན་ཐན་གྲོང་རྡལ་ཨར་པཱ་གྲོང་ཚོའི་ཕྱུགས་ར་ནས་ལུག་ཁྱུ་ཡིས་མ་རྨོས་ལོ་ཏོག་གི་སོག་མ་ཟ་བཞིན་པའི་ཚུལ་རེད།