网站无障碍
རྐང་ཚས“སྐྱེ་ཁམས+”ཀྱི་རྣམ་པའི་སྟེང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བར་བསྐྱོད། 
发布时间:2026年03月18日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལྷན་ནུས་དང་།འཕེལ་རྒྱས་ཀྱི་ལེགས་ཆ། ་ཁོངས་ནུས་པའི་ངེས་གནས་བཅས་ལ་གཞི་ཚུགས་ཏེ། གསར་གཏོད་ཀྱི་སྒུལ་ཤུགས་སྐུལ་སློང་དང་ཕྱོགས་མང་འགན་ལེན་མ་ལག་འཐུས་ཚང་དུ་བཏང་བ་བརྒྱུད་ནས་ཁྱད་ལྡན་ཕྱུགས་ལས་དང་།ནུས་ཁུངས་གཙང་མ།རིག་གནས་གནས་སྐོར་བཅསཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་གཙོ་གནད་སྒོས་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ།སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆ་ནུས་ཆེའི་ཕྱོགས་སུ་སྒྱུར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས།སྐྱེ་ཁམས+”མཉམ་འདྲེས་འཕེལ་རྒྱས“སྐྱེ་ཁམས+”ལྗང་མདོག་ཕྱོགས་སྒྱུར་གྱི་ལེའུ་གསར་པ་གཉིས་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད། 

སྐྱེ་ཁམས+ཁྱད་ལྡན་ཕྱུགས་རིགསཀྱིསལྗང་མདོག་ཐོན་ཁུངསས”ལ་ཞིབ་འདེབས་བྱས་པ། རྐང་ཚ་རྫོང་གིས་མཚོ་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རང་བྱུང་གི་རྩྭ་ས་གཞི་རྒྱ་ཆེ་བ།  ནོར་གནག་དང་བོད་ལུག་གི་སྣོད་བཅུད་དང་ཐོན་ཁུངས་ཀྱི་ལེགས་ཆ་ཉིས་བརྩེགས་ལ་བརྟེན་ནས་སྐྱེ་ཁངས་འབྲོག་ལས་ཀྱི“ཅིག་དགུའི”མ་ལགགི་ལས་གྲྭ་རྨང་གཞིར་བྱས་ཏེ། མ་དངུལ་སྒོར་ཁྲི1000བཏང་ནས་འབྲོག་ལས་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་གསར་སྐྲུན་བྱས་ཏེ། གསོ་སྤེལ་དང་། བཤས་ར། ས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་ཧྲིལ་བོའི་འབྲེལ་ཐག་མ་ལག་ཏོད་ནས། ཁྱད་ལྡན་འབྲོག་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བཏོན་ཏེ།ལྗང་མདོག་ཅན་གྱི་འབྲོག་ལས་ཐོན་ཁངུས”ཀྱི་སྐྱེ་ཁམས་རིན་ཐང་དེ་དཔལ་འབྱོར་རིན་ཐང་ཅན་དུ་བསྒྱུར་རྒྱུ་སྐུལ་འདེད་གང་ལེགས་བྱས།  མིག་སྔར་ལས་སྟེགས་དེ་གསོ་སྤེལ་ར་བ25དང་། འབྲེལ་ཡོད་ཁེ་ལས15 དེ་བཞིན་ཕྱིར་ཚོང་ཚོང་ཁང་བཅས་ཀྱི་ནང་བཅུག་པ་དང་།2025ལོར་རྐང་ཚ་རྫོང་གིས་ཁྲི་སྟོང32གསོ་སྤེལ་རྟེན་བསྐྲུན་པ་དང་། སྐྱེ་ཁམས་ཕྱུགས་ར43གཏན་འཁེལ་བྱས་པ། སྤུས་ལེགས་ཐོན་རྫས8བདམས་ཐོན་བྱུང་། ཐོན་རྫས4“རྒྱལ་ཡོངས་ཀྱི་སྤུས་ལེགས་ཐོན་རྫས་ཀྱི་གྲས་སུ་ཚུད་པ་དང་། ཤ་རིགས2ལ་ཤང་ཀང་གི“དངོས་གནས”ཀྱི་དཔང་རྟགས་གནང་བ་དང་། རྐང་ཚའིསྤུས་ལེགས”ཐོན་རྫས་ཕྱི་རྒྱལ་དུ་ཐོག་མར་འགྲེམས་སྟོན་བྱུང་ནས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་བྱེད་པའི“ཐོད་བརྒལངོན་འགྱུར་བྱུང་ནས་གྲོང་གསེབ་དར་སྤེལ་དང་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་འདེགས།  ཕན་འབྲས་ཆེ་རུ་བཏང་། 

སྐྱེ་ཁམས་དངནུས་ཁུངས་གཙང་མ།”“ཛེས་ལྗོངས་ལྗང་གློག”བཏོད་པ། རྐང་ཚ་རྫོང་གིས“ནུས་ཁུངས་གཙང་མའི”ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་སྣེ་ཁྲིད་དང་། རྣམ་གྲངས་འཛུགས་སྐྲུན་འདེགས་སྐྱོར་བྱེད་པ། ལག་རྩལ་གསར་གཏོད་སྐུལ་འདེད་བྱེད་པ་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“གློག་གཏོང་དང་། ནུས་གསོག སྐྱེལ་འདྲེན། སྡུ་ལེན”བཅས་ཀྱི་མུ་འབྲེལ་ཧྲིལ་པོའི་ལྗང་མདོག་ནུས་རྒྱུའི་འཁོར་རྒྱུག་མ་ལག་བསྐྲུན་པ་དང་། “འོད་ཕྱུགས་མཉམ་སྤྱོད”སོགས་སྐྱེ་ཁམས་མཛའ་མཐུན་རྣམ་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཆན་ཧྥུའུ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སོགས་གཙོ་གནད་ནུས་ཁུངས་གསར་པའི་རྣམ་གྲངས་ཁག5འཛུགས་སྐྲུན་བརྟན་པོར་སྒོས་སྐུལ་འདེད་བཏང་།  ལྷད་མེད་གློག་འོདཀྱི་ཚད་ཤིང་བཏོད་པ་བརྒྱུད་ནས་ྐྱེ་ཁམས་སྲུང་སྐྱོང་དང་ནུས་ཁུངས་གསར་སྤེལ་དབར་མཉམ་འགུལ་བྱས་ནས། ལས་ཞུགས་ཡོང་འཕར་དང་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་ཁྲིད་བྱས་ཏེ།  སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བྱས། 2025ལོར་རྫོང་ཡོངས་ཀྱི་ནུས་ཁུངས་གསར་པའི་སྒྲིག་སྦྱོར་དྲ་སྦྲེལ་བྱེད་ཚད་སྟོང་་ཐི་ཁྲི138.05ཟིན་པ་དང་། སྒྲིག་སྲོལ་ཐོག་གི་ནུས་ཁུངས་གསར་པའི་ཁེ་ལས8རིམ་རྩིས་བྱས་ན་གློག་སྟོང་་ཐི་དུང་ཕྱུར15.1བཏང་ཞིང་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.81ཟིན་ནས་དུས་མཚུངས་ལས་བཅུ་ཆ་ལྔ་ཡན་འཕར་ཡོད། ཞིང་ཆེན་ཡོངས་ཀྱིལྗང་གློག་ཐད་འབྲེལ”གྱི་སྟོང་་ཐི་ཁྲི65ཡི་ས་མཐོའི་རླུང་གློག་རྣམ་གྲངས་ཁག་དང་པོ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ནས་ཐོན་ལས་དེ་གློག་གཏོང་རྐྱང་པ་ནས་སྣ་མང་མཐུན་སྦྱོར་ཕྱོགས་སུ་སྒྱུར་ཏེ་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་མཐོ་ས་འཛུགས་སྐྲུན་བྱ་ཆེད་རྐང་ཚར་སྟོབས་ཤུགས་ཕུལ་ཡོད། 

སྐྱེ་ཁམསདང་རིག་གནས་གནས་སྐོར”གྱིས“མཚོ་འགྲམ་སྙན་ངག་གི་མཆོད་པའབུལ་བར་སྐུལ་སྤེལ་བྱས།རྐང་ཚ་རྫོང་གིས་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་རྗེས་ཤུལ། འདབ་ཆགས་མཉམ་གནས་ཀྱི་སྐྱེ་ཁམས་རིག་གནས། དེ་བཞིན་ཚངས་དབྱངས་རྒྱ་མཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་བཅས་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཐོན་ཁུངས་གཞན་སྒྱུར་དང་ཉམས་ལེན་རིམ་སྤོར་ལ་དམིགས་ཏེ། བྱ་གཟིགས་གྲོང་རྡལ་ཆུང་གྲས་ཀྱི་སྐྱེ་ཁམས། རྟ་ཕྱུག་སྐྱེ་ཁམས་ཉམས་ལེན་ཁུལ་སོགས་གཙོ་གནད་ཀྱི་རིག་གནས་གནས་སྐོར་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ་དང་། དེར་བསྟུན།  ཚད་མཐོའི་སྒོསལྕགས་རྟ་འགྲན་བསྡུརང“སྐྱེན་པོའི་མདའ་རྩལ་འགྲན་བསྡུར”སོགས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོ་གཉིས་འགན་སྒྲུབ་གནང་ཤིང་།  རིག་གནས་གནས་སྐོར་གྱི་བྱེད་སྒོ་ཁག30ལྷག་ཙམ་སྤེལ “མཚོ་འགྲམ་སྙན་ངག་གི་མཆོད་པཞེས་པའི་སྐྱེ་ཁམས་མཛེས་སྡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ། སྐྱེ་ཁམས་རིག་གནས་གནས་སྐོར་དེ་དམངས་ཕྱུག་དམངས་ཕན་གྱིས་ཐོན་ལས་གཙོ་བོ་རུ་སྒྱུར་ཡོད། 2025ལོར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི187.25ལ་སྣེ་ལེན་ཞུས་པ་དང་། གནས་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར6.45ཟིན། གནས་སྐོར་བའི་གྲངས་འབོར་དང་གནས་སྐོར་ཡོང་འབབ་དུས་མཚུངས་ལས25.82%དང24.18%སོ་སོར་འཕར་ནས་གནས་སྐོར་ཐོན་ལས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བས། སྐྱེ་ཁམས་གནས་སྐོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རིན་ཐང་རགས་ཙམ་མངོན་པ་མ་ཟད། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་སྲིང་གི་སྒུལ་ཤུགས་བསྣན་ཡོད།