མཚོ་སྔོན་གྱིས་དྭངས་གསལ་དུས་ཆེན་གྱི་གཙང་ཕྱགས་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས29ཉིན། མཚོ་སྔོན་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དུར་འཇུག་ཞབས་ཞུའི་སྡེ་ཁག་ཏུ་བདེ་འཇགས་ཉེན་ཁའི་རྩད་ཞིབ་བྱ་བ་སྤེལ་བ་དང་། དུར་འཇུག་ཞབས་ཞུའི་སྡེ་ཁག་ཏུ་ཞིབ་བཤེར་བྱེད་པ། གནད་དོན་རྩིས་ཐོ་སྒྲིག་འཛུགས་བྱེད་པ། གྲངས་ཀ་རྩིས་མེད་དོ་དམ་བཅས་བྱས་ཏེ། བདེ་འཇགས་ཉེན་ཁ་མེད་པར་བཟོས། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག10དང་མཉམ་འབྲེལ་སྒོས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དྭངས་གསལ་དུས་ཆེན་གྱི་གཙང་ཕྱགས་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས།
དུར་ཕྱགས་མཐོ་རླབས་ཐོན་པ་དང་བསྟུན་ནས། མཚོ་སྔོན་གྱིས་འཕྲལ་བྱུང་དོན་རྐྱེན་ཐག་གཅོད་བྱ་བ་འཐུས་ཚང་དུ་གཏོང་བ་དང་། དུར་འཇུག་ཁྲིམས་སྲོལ་སྲིད་ཇུས་དྲིལ་སྒྲོག་གཏིང་ཟབ་བྱས། མང་ཚོགས་ཀྱི་དུར་ཕྱགས་ལྟ་སྐུལ་ཁྲིད་སྟོན་དང་འགྲིམ་འགྲུལ་གོ་རིམ་སྲུང་སྐྱོང་། བགྲོད་ལམ་ཉེན་ཁའི་རྩད་ཞིབ་ལ་ཤུགས་བསྣན། གནས་སྐབས་དུར་ཕྱགས་བྱེད་ས་སྒྲིག་བཀོད་བྱེད་པ་དང་། ཁྲིམས་ལྟར་ཤོག་བུ་བསྲེགས་པའི་གནད་དོན་དང་ཁྲིམས་འགལ་ངང་ལམ་ཧམ་བཟུང་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་། མེ་འགོག་ཤེས་བྱའི་དྲིལ་སྒྲོག་དང་ཕྱི་རོལ་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་དམའ་རུ་བཏང་། དུར་མཆོད་མཁོ་ཆས་ཚོང་རའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚོང་རའི་སྒྲིག་ལམ་གཏན་འཇགས་ལ་སྲུང་སྐྱོང་བྱས། མང་ཚོགས་ཀྱི་དུར་མཆོད་བྱ་འགུལ་བྱ་བ་ལེགས་པོར་སྒྲུབ་ནས། སྡེ་ཁག་སོ་སོའི་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་འདུས་ཤུགས་གྲུབ་པར་བྱས།
དུས་ཐོག་ཏུ་དུར་མཆོད་བྱེད་སར་འགྲོ་འོང་གི་སྤྱི་སྤྱོད་ལམ་ཐིག་གསར་དུ་ཁ་སྣོན་བྱེད་པ་དང་། མི་ཚོགས་གཅིག་འདུས་བྱེད་སའི་ལམ་ཐིག་སྡེབ་སྒྲིག་བྱེད་པ། རླངས་འཁོར་ཁ་སྣོན་བཅས་བྱས། དུར་མཆོད་ཞབས་ཞུའི་སྡེ་ཁག་གིས་དོན་དངོས་གནས་ཚུལ་ལྟར་གནས་སྐབས་རླངས་འཁོར་འཇོག་ས་ཁ་བསྣན་ནས། དུར་མཆོད་མང་ཚོགས་ཀྱི་རླངས་འཁོར་འཇོག་པའི་དགོས་མཁོར་འགན་སྲུང་བྱས། གླིང་ཁུལ་ནང་དུ་ལས་རེས་མི་སྣ་ཁ་བསྣན་ཏེ་དུར་མཆོད་མི་སྣ་དང་། ཁྲིད་སྟོན་ཤུགས་ཚད་ཆེ་རུ་བཏང་ནས། དོན་རྐྱེན་མི་འབྱུང་བ་གཏན་འགོག་བྱས།
དུས་མཚུངས་སུ། ལྗང་མདོག་དཔལ་ཡོན་དུར་མཆོད་གྲོས་གཞི་འདོན་པ་དང་། དུར་མཆོད་ཞབས་ཞུའི་སྡེ་ཁག་ཏུ“མེ་ཏོག་གིས་ཤོག་བུའི་ཚབ་བྱེད་པ་དང་། དར་ཚོན་གྱིས་མྱ་ངན་ཞུས་པ། དྲ་རྒྱའི་སྟེང་ནས་དུར་མཆོད་བྱེད་པ”སོགས་ཀྱི་ལྗང་མདོག་ཐན་ཉུང་གི་དུར་མཆོད་རྣམ་པ་གསར་བ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་དཔལ་ཡོན་གྱི་དུར་མཆོད་བྱེད་པའི་རྣམ་པ་གསར་བ་ལག་ལེན་བྱེད་པར་སྟོབས་ཤུགས་འབུལ་བར་སྐུལ་སྤེལ་བྱས། །